ཉེ་ཆར། ཀྲུང་གུང་ཀྲུང་དབྱང་སྒྲིག་ཨུད་ལས་ཁུངས་དང་། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་བཅས་ཀྱིས《བརྗོད་དོན་གཙོ་བོའི་སློབ་གསོའི་ཚན་པ་ཁག་དང་པོས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོགས་ནས་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྔར་ལས་ལྷག་པའི་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པར་སྐུལ་འདེད་གཏོང་བ་དང་། འགོ་ཁྲིད་ཚན་ཁག་གིས་འགན་འཁྲི་གཙང་སྒྲུབ་དང་མཐུན་སྒྲིལ་འབད་འཐབ་བྱེད་རྒྱུར་སྐུལ་འདེད་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། ལམ་ཆས་བསྡོགས་ནས་སླར་ཡང་རྡོག་ཐོན་བཅས་བྱས་ནས་དུས་རབས་གསར་པར་ཏང་གི་རང་ངོས་གསར་བརྗེ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
བརྡ་ཐོའི་ནང་། ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུ་དེ་འགོ་ཁྲིད་ཚན་ཁག་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན་བཅས་ཀྱི་ཆབ་སྲིད་ཀྱི་ཞིབ་བཤེར་ཞིག་ཏུ་བརྩི་བ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཞིབ་དཔྱད་བྱེད་པའི་ནང་དོན་གལ་ཆེན་ཞིག་ལ་བརྩི་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་གང་ལེགས་སྤྱད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་གཙོ་རྐང་དེར་དམ་པོར་དམིགས་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་བརྗོད་དོན་གཙོ་བོ་དེར་དམིགས་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་བའི་ནང་དོན་གལ་ཆེན་འབུར་དུ་ཐོན་པ། རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལ་ཕན་འབྲས་ཐོན་པ་དང་། བསམ་བློ་ཆབ་སྲིད་ལ་ཞུན་བརྡར་ཐེབས་པ། ལས་སྒྲུབ་ལས་གཏོད་ཀྱིས་འགན་འཁུར་ཕོད་པ། མི་དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་སེལ་བ། སྲིད་གཙང་སྤྱོད་གཙང་གིས་མིག་དཔེ་འདོན་པ་བཅས་ཀྱི་དམིགས་ཚད་ལ་གཞིགས་པ། “བསྡུར་བ་བཞི”དང“འཚོལ་བ་བཞིའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱར་གཞིགས་པ། གྲུབ་འབྲས་ཕྱོགས་སྡོམ་དང་། གནད་དོན་ལ་ཞིབ་ལྟ། དབྱེ་ཞིབ་གཏིང་ཟབ་བཅས་བྱེད་དགོས། དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་བདེན་དོན་མཐའ་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་གིས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་པོ་བྱེད་པ་དང་གཟེར་འདེབས་ཀྱི་སྙིང་སྟོབས་ཐོག་ནས་དག་ཐེར་ལ་དམ་འཛིན་ཡག་པོ་བྱས་ཏེ་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་སྤུས་ཚད་མཐོ་བ་དང་རྣམ་པ་གསར་པའི་ངང་འཚོག་པའི་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད།
བརྡ་ཐོའི་ནང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅོ་ལྔ་པ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་ཚོགས་འདུ། ནང་སོག་ཏུ་རྟོག་ཞིབ་དང་འབྲེལ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་མཛུབ་ཁྲིད་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་ལེན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཁུལ་དེ་ག་དང་ཁྱབ་ཁོངས་དེ་གར་གནང་བའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་བྱེད་པ། ཏང་གི་སྒྲིག་ཡིག་དང་། 《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་ནན་ཏན་བྱེད་པ། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་སློབ་སྦྱོང་ནན་ཏན་བྱེད་པ། དམངས་གཙོའི་འཚོ་བའི་ཚོགས་འདུའི་སྐོར་གྱི་ཏང་ཀྲུང་དབྱང་གི་འབྲེལ་ཡོད་བླང་བྱ་སློབ་སྦྱོང་ནན་ཏན་བྱེད་པ། བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ། ཚད་གཞི་དང་བླང་བྱ་ཁོང་དུ་ཆུད་པ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་བརྗོད་དོན་གཙོ་བོའི་སློབ་གསོའི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བཅས་བྱས་ནས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་ཆེད་བསམ་བློའི་རྨང་གཞི་བརྟན་པོ་འདིང་དགོས་པའི་བླང་བྱ་བཏོན་ཡོད།
བརྡ་ཐོའི་ནང་། འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་དབར་དང་། ཚན་ཁག་གི་ཁོངས་མི་དང་ལས་འགན་ཁག་བགོས་ཀྱི་ཚན་པའི་འགན་ཁུར་བློ་མཐུན། རང་ཉིད་ཀྱི་རྩ་འཛུགས་ཀྱི་འབྲེལ་བའི་ཁོངས་གཏོགས་ཀྱི་ཏང་ཀྲི་པུའི་ཏང་ཡོན་གྱི་འཐུས་མི་བཅས་ཀྱིས་ཕན་ཚུན་སྙིང་གཏམ་ཤོད་རེས་དང་། བསམ་བློ་སྤེལ་རེས། བསམ་འཆར་བརྗེ་རེས་བཅས་བྱེད་དགོས། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བར་དམ་པོར་དམིགས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཞུགས་པའི་ཕན་འབྲས་དང་མྱོང་ཚོར་གླེང་བ་དང་། ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་བའི་ཐད་ཀྱི་ཧེ་བག་དང་མི་འདང་ས་གླེང་བ།
དག་ཐེར་དོན་འཁྱོལ་གྱི་ཞིབ་ཕྲའི་བྱ་ཐབས་དང་བསམ་འཆར་གྲོས་འགོ་གླེང་དགོས། འགོ་ཁྲིད་ཚན་ཁག་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་བགྲོ་གླེང་གི་བརྒྱུད་རིམ་ནང་འཚོལ་བཤེར་ཐུབ་པའི་གནད་དོན་དང་། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་དང་ཞིབ་བསྡུར་བྱས་ནས་འཚོལ་ཞིབ་ཐུབ་པའི་གནད་དོན། བརྟག་ཞིབ་བྱེད་རིང་ཤེས་རྟོགས་ཐུབ་པའི་གནད་དོན། མང་ཚོགས་ཀྱིས་ཞུས་པའི་གནད་དོན། སྙིང་གཏམ་ཤོད་པ་དང་གླེང་མོལ་བྱེད་རིང་བསྟན་པའི་གནད་དོན་སོགས་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་བྱེད་དགོས། དེ་དང་ཆབས་ཅིག གོང་རིམ་ཏང་རྩ་འཛུགས་ཀྱིས་སྐོར་གཟིགས་སྐོར་ཞིབ་དང་། ལས་བྱེད་པར་རྟོག་ཞིབ། ལས་དོན་ལ་དཔྱད་ཞིབ་བཅས་བྱེད་པའི་བརྒྱུད་རིམ་ནང་ཚུར་ལན་བྱས་པའི་གནད་དོན་དང་བཏོན་པའི་བསམ་འཆར་དང་། ལོ་འཁོར་གོང་མའི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་སྐོར་གཟིགས་དག་ཐེར་གྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་དག་ཐེར་བྱེད་དགོས་ལུགས་བཏོན་ཡང་ད་དུང་དག་ཐེར་དམིགས་སར་མ་འབྱོར་བའི་གནད་དོན་དག་གསེད་བཀྲོལ་ཕྱོགས་བསྡུས་བྱེད་དགོས། ཏང་གི་སྒྲིག་ཡིག་དང་ཞིབ་བསྡུར་བྱས་ནས་ཧེ་བག་འཚོལ་བའི་རྨང་གཞིའི་ཐོག་མེ་ལོང་ལྟ་བ་དང་། ཞྭ་གོས་སྲོང་བ། ལུས་པོ་བཀྲུ་བ། ནད་གཞི་བཅོས་པ་བཅས་ཀྱི་བླང་བྱར་གཞིགས་ནས“མཐུན་སྒྲིལ་དང་། སྐྱོན་བརྗོད། མཐུན་སྒྲིལ”བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། རང་ངོས་གསར་བརྗེའི་སྙིང་སྟོབས་ཤུགས་ཆེན་བརྟེན་པ། ཏང་དང་། བྱ་གཞག བློ་མཐུན། རང་ཉིད་བཅས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ལ་བརྟེན་པ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་བྱ་ཐབས་སྤྱོད་པ། ཧུར་བརྩོན་དང་སྐྱོན་བྲལ་གྱི་བསམ་བློའི་འཐབ་རྩོད་སྤེལ་བ། བསམ་བློ་དང་ཆབ་སྲིད་ཐད་ཀྱི་ཐལ་རྡུལ་འཕྱག་པ་བཅས་བྱས་ནས་རང་གཅུན་རང་བཅོས་ནན་པོ་དང་ཉིན་རེ་བཞིན་ཡར་རྒྱས་ཡོང་བ་བྱེད་དགོས། རང་སྐྱོན་རང་བརྗོད་བྱེད་སྐབས་རང་ཉིད་ཀྱི་སྐྱོན་བརྗོད་ཕོད་པ་དང་རང་ཉིད་ཀྱི་སྐྱོན་ཆ་དང་ཞན་ཆ་བརྗོད་དེ་མི་དང་། བྱ་བ། བསམ་བློ་བཅས་ཐད་ནས་མངོན་པར་བྱེད་དགོས། ཕན་ཚུན་སྐྱོན་བརྗོད་བྱེད་སྐབས་གནད་དོན་དངོས་འབྲེལ་ཤོད་པ་དང་གནད་དོན་དངོས་བཤད་དེ་གདོང་དམར་པོ་ཆགས་པ་དང་། རྔུལ་ནག་འདོན་པ། དུག་རླངས་ཕྱིར་འབུད་པ་བཅས་ཀྱི་ཕན་འབྲས་ཐོན་པར་བྱེད་དགོས་ཞེས་བསྟན་ཡོད།
བརྡ་ཐོའི་ནང་། ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་རྗེས་ཀྱི་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ཆེ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ལ་བརྩི་དགོས། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་དང་ཞིབ་བསྡུར་བྱས་ནས་ཧེ་བག་འཚོལ་རིང་འཚོལ་ཞིབ་ཐུབ་པའི་གནད་དོན་དང་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་འཚོལ་བཤེར་ཐུབ་པའི་གནད་དོན། དེ་བཞིན་ཕན་ཚུན་སྐྱོན་བརྗོད་ཀྱི་བསམ་འཆར་གཞིར་བཟུང་། དག་ཐེར་གྱི་བྱ་ཐབས་ཞིབ་ཕྲ་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དག་ཐེར་གྱི་དུས་བཀག་ཁ་གསལ་བཟོ་བ། དག་ཐེར་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ། ཤོད་པ་ཁོ་ན་དང་དྲི་བ་འདོན་པ་ལས་ལན་མི་རྒྱག་པའི་རིགས་སྔོན་འགོག་བྱེད་དགོས། ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་རིགས་གང་མགྱོགས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་དགོས། དག་ཐེར་གྱི་གནས་ཚུལ་རྣམས་བྱེད་ཐབས་འོས་འཚམ་བརྒྱུད་ཁྱབ་ཁོངས་ངེས་ཅན་ནང་ཏང་ཡོན་དང་མང་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས། ཆེད་དོན་བཅོས་སྒྲིག་བྱེད་རྒྱུ་དེ་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་དག་ཐེར་གྱི་ནང་དོན་གལ་ཆེན་ནང་བཅུག་ནས་སྤྱི་འདོམས་སྐུལ་འདེད་གཏོང་དགོས་ཞེས་ཁ་གསལ་བསྟན་ཡོད།
བརྡ་ཐོའི་ནང་། ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་པའི་འགག་རྩ་འགོ་ཁྲིད་ལ་ཐུག་ཡོད། ཏང་གི་རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་དོན་དུ་མཐོ་རིམ་ལས་བྱེད་པས་གོང་གིས་འོག་གི་སྣེ་ཁྲིད་པ་དང་མིག་དཔེ་ཡག་པོ་བསྟན་ནས་འབྲེལ་བ་མེད་པ་མི་བྱེད་པ་དང་ཟུར་ནས་ལྟ་མཁན་བྱ་རྒྱུ་མེད། ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅི་ནི་ད་ཐེངས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་པའི་འགན་ཁུར་མི་སྣ་དང་པོ་དེ་ཡིན་པས། རང་ཉིད་ངོ་མས་དམ་འཛིན་བྱས་ནས་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུ་སྒྲིག་འཛུགས་ནན་ཏན་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཇུས་གཞི་བཟོས་ནས་སྒྲིག་འཛུགས་ལག་བསྟར་ལ་དམ་འཛིན་ཡག་པོ་བྱེད་དགོས། རིམ་ཁག་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་དང་དེའི་གཞུང་ལས་ཁང་གིས་འགན་འཁྲི་ཏན་ཏིག་ཁུར་ནས་སྲིད་ཇུས་ཀྱི་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོ་དྲིལ་བསྒྲགས་བྱེད་དགོས་པའི་ནན་བཤད་བྱས་ཡོད།