དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོ་རྒྱུན་མཐུད་གཏིང་ཟབ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-08-06

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པའི་རང་རྟོགས་དང་གྲི་དངོ་ནང་གཏད་ཀྱི་བློ་སྟོབས་ཀྱི་ཐོག་ནས་དོན་དངོས་དང་ཟུང་འབྲེལ་གྱིས་ཞིབ་བསྡུར་ཡང་ཡང་བྱས་པ་དང་མངོན་གསལ་དོད་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱས་པར་ཕན་འབྲས་བཟང་པོ་ཐོན་པ་རེད།

    ཟླ་8ཚེས་2ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་གྲུབ་འབྲས་སྤེལ་རེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། དྲིལ་བསྒྲགས་པུའི་ལས་དོན་ཚོགས་འདུའི་ཁོངས་མིས་བརྟག་ཞིབ་གྲུབ་འབྲས་ཁག་སོ་སོར་སྤེལ་རེས་གནང་བ། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་ཞིབ་ཚོགས་ཆུང་ཐེངས་གསུམ་པའི་ཁོངས་མི་ཚོགས་འདུར་ཞུགས་ནས་གནས་ཚུལ་གསན་པ་དང་འབྲེལ་མཛུབ་ཁྲིད་ཀྱང་གནང་བ་རེད། སྤེན་པ་བཀྲ་ཤིས་ཀྱིས་ལྗོངས་ཏང་ཨུད་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བཀོད་སྒྲིག་གཞིར་བཟུང་། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ལས་དོན་ཚོགས་འདུའི་ཁོངས་མིས་རང་ལྗོངས་ཀྱི་བསམ་བློ་རིག་གནས་དྲིལ་བསྒྲགས་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པར་དམིགས་པ་དང། མི་རིགས་ཁག་གི་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་ལ་གཞིགས་པ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བ། གཞི་རིམ་དང་མང་ཚོགས་ཁྲོད་སྐྱོད་པ། ལས་དོན་ཁག་བགོས་ཀྱིས་བརྟག་དཔྱད་ཞིབ་འཇུག་བྱེད་པ་བཅས་བྱས་པས་སྔར་ལས་ལྷག་པའི་ངང་གནས་ཚུལ་ཤེས་རྟོགས་དང་།གནད་དོན་འཚོལ་ཞིབ། ཁ་ཕྱོགས་གསལ་སྟོན་བཅས་བྱུང་བ་དང་ཆབས་ཅིག་བརྗོད་དོན་གཙོ་བོའི་སློབ་གསོ་སྔར་བས་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་ཐེབས་ཡོད་ཅེས་གསུངས་པ་རེད།

    ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་རང་ཉིད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྔོན་ཐོན་དཔེ་མཚོན་བྱས་རྗེས་ལ་སློབ་སྦྱོང་བྱས་པ་དང་། གཞི་རིམ་གྱི་བརྟག་ཞིབ་དང་ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་པ་འཛུགས་སྐྱོང་གི་ལས་ཀའི་མྱོང་ཚོར་ཟབ་མོ་དང་ཟུང་འབྲེལ་དང་རང་ཉིད་ཀྱི་ལས་ཀའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་ལྗོངས་ཐད་གཏོགས་སྲིད་ཁྲིམས་ལས་ཁུངས་ལ་གསོན་ཉམས་ལྡན་པའི་ཆེད་དོན་ཏང་གི་སློབ་ཚན་ཞིག་ཁྲིད་པ་རེད།

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆིས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་ཐབས་སྤྱད་དེ་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་ནོར་སྲིད་ཐིང་དུ་བརྟག་ཞིབ་གནང་བར་ཕེབས་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་དང་ལས་ཁུངས་ཏང་འཛུགས་སྐྱོང་གི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ཆབས་ཅིག་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ལ་བཏོན་པའི་བསམ་འཆར་དང་གྲོས་འགོ་གསན་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་རང་འགུལ་ངང་ངོས་འཛིན་དང་དག་ཐེར་བྱ་ཐབས་རེ་རེ་བཞིན་བཟོས་ནས་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཀྱིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་བོད་ལྗོངས་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་མ་འཇོག་ཚོགས་པ་དང་དེའི་ཁོངས་གཏོགས་ཀྱི་ལྷ་ས་གསོལ་མགྲོན་ཁང་གི་སྒྱུར་བཅོས་བསྐྱར་འཛུགས་དང་ཀུང་སི་བཅོས་སྐྱོང་དང་རྣམ་གྲངས་སྐུལ་འདེད་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    ཉེ་ཆར། ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་ཐེངས་ལྔ་པ་འཚོགས་ནས། “སྤྱོད་ཚུལ་བཞིའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང《ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས་འགའ་ཞིག》སོགས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད།

    ཉིན་ཤས་རིང་། གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཐབས་ཇུས་སྔོན་ལ་འདིང་བ་དང་། སློབ་སྦྱོང་སྔོན་ལ་བྱེད་པ། ལས་ཀ་སྔོན་ལ་བྱེད་པ་བཅས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཏང་འཛུགས་སྐྱོང་གི་ལས་དོན་གཉིས་ཀར་ཐོག་མཐའ་བར་གསུམ་དུ་དམ་འཛིན་མཐའ་འཁྱོངས་བྱེད་པ་དང་། མཉམ་དུ་བཀོད་སྒྲིག་དང་མཉམ་དུ་སྐུལ་འདེད་གཏོང་བ། སློབ་སྦྱོང་གི་རྣམ་པ་འཁྲུག་པོ་གཏོད་པ་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་བཟང་པོ་ཐོན་པར་སྐུལ་འདེད་བཏང་ཡོད་པ་རེད་། གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་ཁོངས་གཏོགས་ཀྱིས་སྡེ་ཚན་མང་པོ་དང་། ཐབས་ལམ་མང་པོ། བྱ་ཐབས་མང་པོ་བཅས་བརྒྱུད་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།