དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་མུ་མཐུད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-08-05

    “ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་སྤེལ་ཚུན། རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་ལ་ཞིབ་ལྟ། དག་ཐེར་དོན་འཁྱོལ་བཅས་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོ་དང་ལས་སྒོའི་ལས་དོན་གཉིས་མཉམ་འདྲེས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་ནས་ཏན་ཏིག་སྦྱོང་བ་དང་། ཏན་ཏིག་སྒྲུབ་པ། ཏན་ཏིག་སྒྱུར་བ་བཅས་ཀྱི་ཐོག་ནས་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་ཡོད།

    ཟླ་7ཚེས་31ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱིས་དུས་ཐེངས་བརྒྱད་པའི་མི་དམངས་འཐུས་ཚོགས་ཀྱི་སློབ་ཚན་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས“ཏང་གཤིས་ཀྱི་ཐོག་མའི་བསམ་འདུན་ཞུན་བརྡར་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་འགན་འཁྲི་ཕྲག་ཏུ་འཁུར་ཏེ་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས”ཞེས་པ་འགོ་བརྗོད་དུ་གནང་སྟེ“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་ཏང་གི་སློབ་ཚན་འཚོགས་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་རྡོ་ཐོགས་ཀྱིས་གཙོ་སྐྱོང་གནང་བ། འོད་ཟེར་དང་། ཞུས་ཞུའེ་ཀོང་། འཆི་མེད་རིག་འཛིན། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཅི་གོ་ཀང་། མཱ་ཧྲེང་ཁྲང་། ཝང་ཅུན། བསོད་དར། ཀྲུའུ་ཡཱ་ཕིན་བཅས་ཀྱིས་ཏང་གི་སློབ་ཚན་གསན་པ་རེད།

    བློ་བཟང་རྒྱལ་མཚན་གྱིས། བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ལག་ལེན་བསྟར་བ། ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་མཛད་ཇུས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ།

    བཅའ་ཁྲིམས་ལ་བརྟེན་ནས་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་ཏན་ཏིག་བྱེད་པ་བཅས་བྱས་ཏེ། ཐོག་མའི་བསམ་འདུན་དང་འགན་འཁྲི་དེ་ཉིད་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་དང་བོད་ཡུན་རིང་བདེ་འཁོད་ཡོང་བར་བྱེད་པའི་ཐོག་མཚོན་པར་བྱེད་དགོས་པ་དང་། འཕེལ་རྒྱས་ཀྱི་ལས་འགན་དང་པོ་དང་དམངས་འཚོའི་སྟོན་ཕྱོགས་དང་པོ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་མང་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤེལ་རིང་། དེ་བས་ལེགས་པའི་སྒོ་ནས་མི་དམངས་ཀྱི་གནས་ཚུལ་ཞིབ་རྟོགས་བྱེད་པ་དང་། མི་དམངས་ཀྱི་འདོད་འདུན་མཚོན་པར་བྱེད་པ། མི་དམངས་ཀྱི་བློ་གྲོས་གཅིག་སྒྲིལ་བྱེད་པ་བཅས་བྱས་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་དེ་ཉིད་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། མི་སེམས་གཅིག་སྒྲིལ་བཅས་ལ་རམ་འདེགས་བྱེད་པའི་ཐོག་མཚོན་པར་བྱེད་དགོས། སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དང་པོ་མཐའ་འཁྱོངས་བྱེད་པ་དང་། བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དང། བཅའ་ཁྲིམས་ཀྱི་འགན་འཁྲི། ལས་དོན་གྱི་འགན་འཁྲི་བཅས་ཏན་ཏིག་འཁུར་བ། བཅའ་ཁྲིམས་ལམ་ལུགས་ཀྱི་སྲ་མཁྲེགས་གཅུན་སྡོམ་ནུས་པ་འདོན་སྤེལ་བྱེད་པ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ཏེ་ཐོག་མའི་བསམ་འདུན་དང་འགན་འཁྲི་དེ་ཉིད་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་བརྟན་པོ་སྐྲུན་པའི་ཐོག་མཚོན་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བཀོད་སྒྲིག་གཞིར་བཟུང་། ཟླ་7ཚེས་30ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་སུ་ཕེབས་ནས“ཆོས་ལུགས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ཏེ‘ཁྲིད་སྟོན’གྱི་ལས་དོན་ཡག་པོ་བསྒྲུབས་ནས། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱེད་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། སྲིད་གྲོས་ལས་ཁུངས་དང་འབྲེལ་ཡོད་ཚན་པའི་ཏང་ཡོན་ཚོར་གསོན་ཉམས་དོད་པའི་ཆེད་དོན་ཏང་གི་སློབ་ཚན་ཞིག་འཁྲིད་གནང་བ་རེད།

    ཏིང་ཡེ་ཤན་གྱིས་རིམ་ཁག་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཁག་གིས་བརྟག་དཔྱད་ཞིབ་འཇུག་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། གཞི་གྲངས་གསལ་པོ་དང་། གནས་ཚུལ་ཁ་གསལ། ཐབས་ཤེས་གནད་འཁེལ་བཅས་ཡོང་བ་བྱེད་དགོས་པ་དང་། ཏང་ཡོན་ཡོངས་ཀྱིས་ཏང་གི་སྒྲིག་ཡིག་གི་གཏན་འབེབས་ལ་སྲུང་བརྩི་ནན་པོ་ཞུ་བ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཏང་གི་བཞེད་དོན་བློ་ལ་བརྟན་པོར་ངེས་པ་བཅས་བྱས་ནས“མགོ་གཉིས་མ”བྱ་རྒྱུ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། སེམས་ཁྲལ་གྱི་འདུ་ཤེས་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སེལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རྩ་བརྟག་ནད་བཅོས་དང་ནད་བསྟུན་སྨན་བཅོས་གཏིང་ཟབ་བྱེད་པ། ཉེན་ཁ་འགོག་སེལ་དང་དག་ཐེར་དོན་འཁྱོལ་གྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཆོས་ལུགས་ལས་དོན་ལ་འཕེལ་རྒྱས་གསར་པ་ཡོང་བ་དང་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བཀོད་སྒྲིག་དང་། ལྗོངས་སྲིད་གཞུང་ཏང་ཙུའུ་ཡི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ཟླ་7ཚེས་30ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་ཐབས་སྤྱད་ནས། ལྷ་ས་གྲོང་ཁྱེར་དུ་ཕེབས་ཏེ་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་དང་། གྲོང་ཁྱེར་གྱི་དྲ་རྒྱ་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་གློག་ཤུགས་སྒྲིག་སྲོལ་སྒྱུར་བཅོས། གྲོང་ཚོ་དང་དུད་ཚང་དུ་གློག་འཁྲིད་པ་དང་དུད་ཚང་རེ་ལ་ཆུ་ཚོད་གཅིག་སྒྱུར་བཀོད་ཀྱི་གྲུབ་འབྲས། “གློག་གཏོང་གཞན་སྒྱུར”དག་ཐེར་སོགས་ཀྱི་ལས་དོན་སྤེལ་ཚུལ་གཙོ་བོར་བཟུང་ནས་བརྟག་ཞིབ་གནང་བ་རེད།

    ཀྲོང་ཡན་གྱིས་ད་དུང་དོག་སྡེ་ཤང་འོལ་པ་གྲོང་ཚོའི་གྲོང་མི་སྐལ་བཟང་ཚེ་རིང་གི་ཁྱིམ་དུ་ཕེབས་ཏེ། གྲོང་གསེབ་ཀྱི་གྲོང་མིའི་གློག་རིན་གྱི་གནད་དོན་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས་སྐལ་བཟང་ཚེ་རིང་ཁྱིམ་གྱི་གློག་རིན་ད་ཆ་ལག་བསྟར་བྱེད་བཞིན་པའི་ཚད་གཞི་ལས་ཅུང་མཐོ་བ་ཡོད་པ་མཁྱེན་འཕྲལ། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་དང་། དེ་བཞིན་རང་སྐྱོང་ལྗོངས་ནུས་རྒྱུ་ཅུས་ནས་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། འབྲེལ་ཡོད་འགན་འཁུར། བློ་མཐུན་གྱིས་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ད་དུང་མཇུག་འགྲིལ་མེད་པ་དང“དུད་ཚང་རེ་ལ་ཆུ་ཚོད་གཅིག”ད་དུང་ཡོངས་སུ་མངོན་འགྱུར་བྱུང་མེད་པས། སྐལ་བཟང་ཚེ་རིང་ཁྱིམ་གྱི་གློག་རིན་གཞན་ལས་མཐོ་བ་དེ་སྐུད་ལམ་ལ་སྐྱོན་ཤོར་བས་རེད་ཅེས་འགྲེལ་བཤད་ཞུས། ཀྲོང་ཡན་གྱིས་གང་མགྱོགས་མ་དངུལ་གྲབས་གསོག་གིས་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་བྱས་ཏེ། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཐག་གཅོད་ཏན་ཏིག་བྱས་ནས། མི་སེར་གྱིས་སེམས་ཁྲལ་བྱེད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཚེས་31ཉིན། 2019ལོའི་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་ཚོགས་འདུ་གཙོ་སྐྱོང་གིས་གསུང་བཤད་གནང་བ་དང་། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཡོན་ཀྲང་བསོད་དར་དང་། ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཅན་ཁྲ་ཀྲང་ཀྲུའུ་ཡཱ་ཕིན། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་སི་ལིང་ཡོན་གཞོན་པ་ལིའུ་ཝུའེ་བཅས་ཚོགས་འདུར་ཕེབས་པ་རེད། ཚོགས་འདུའི་ཐོག་ཁྲེང་ཏུའུ་རུ་འཚོགས་པའི་སྲིད་ཁྲིམས་ཁྱབ་ཁོངས་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་སྐུལ་འདེད་ཚོགས་འདུའི་དགོངས་དོན་སོགས་བརྒྱུད་བསྒྲགས་བྱས་པ་རེད།

    ཉེ་ཆར། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བརྟག་ཞིབ་གྲུབ་འབྲས་སྤེལ་རེས་ཚོགས་འདུ་འཚོགས་ཤིང་། དེའི་དམིགས་ཡུལ་ནི་ཚོང་དོན་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་ཞན་ཆ་དང་མི་འདང་བའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རེད།

    ཚེས་30ཉིན་གྱི་སྔ་དྲོར། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭར“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་ཟུར་ཁྲིད་སྙན་ཞུའི་ཚོགས་འདུ་དང“བོད་ཀྱི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་སློབ་ཚན”འཚོགས་ཤིང་། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་རིགས་གཅིག་མཁས་ཅན་དང་མཁས་དབང་ཆེད་དོན་འཆད་ཁྲིད་གནང་བར་གདན་དྲངས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།