“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་སྤེལ་ཚུན། ཆུ་མདའ་གྲོང་ཚོའི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་གྱིས་ཞིང་ལས་རྩལ་ནུས་འགྲན་བསྡུར་དང་། “མཛེས་སྡུག་ལྡན་པའི་གྲོང་གསེབ”བཀོད་གཙང་། “བུད་མེད་ཀྱི་མཚན་མོའི་སློབ་གྲྭ”སོགས་སྣ་མང་ཕུན་སུན་ཚོགས་པའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་བྱེད་སྒོ་དེ་རིག་རྩལ་འཁྲབ་སྟོན་དང་། གཏམ་བཤད་འགྲན་བསྡུར། ཤེས་བྱའི་འགྲན་བསྡུར་སོགས་ཡུལ་མི་ཞུགས་སླ་བ་དང་། ཞུགས་བདེ་བ། ཞུགས་འདོད་པ་བཅས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་མཉམ་འདྲེས་ཐུབ་པ་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད།
“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་སྤེལ་བར་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་ཟུང་འབྲེལ་དང་། ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། བྱ་ཐབས་དངོས་ལ་བརྟེན་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོཌ་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་བཀོད་སྒྲིག་དོན་འཁྱོལ་བྱུང་ཚེ་ཕན་འབྲས་དངོས་ཐོན་ཐུབ། དེ་ནི་གསར་འགོད་པས་ཆུ་མདའ་གྲོང་ཚོའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་སྤེལ་ཚུལ་སྐོར་ལ་བཅར་འདྲི་བྱེད་སྐབས་བྱུང་བའི་མྱོང་ཚོར་ཟབ་ཤོས་དེ་ལགས།
སྟོབས་ཤུགས་བསྒྲིལ་ནས་བྱེད་སྒོ་རྒྱ་ཁྱབ་སྤེལ། རྩ་འཛུགས་ཀྱི་བྱེད་སྒོར་སྟོབས་ཤུགས་ལྡན་པ།
“དེ་སྔ་ཞིང་སྨན་སྦྱོར་རྟ་གང་འདྲ་བྱེད་དགོས་མིན་ཤེས་ཀྱི་མེད། འོན་ཀྱང་ཉིན་ཤས་གོང་གྲོང་ཚོའི་ནང་ཞིང་སྨན་སྟོར་བའི་འགྲན་བསྡུར་བྱས་ཏེ། ང་ཚོ་མི་མང་པོ་ཞིག་གིས་ཕན་ཚུན་སྤེལ་རེས་བྱས་པ་བརྒྱུད་སྔོན་ཆད་མི་ཤེས་པའི་ཤེས་བྱ་མང་དག་ཅིག་ད་ཆ་ཁོང་དུ་ཆུད་ཐུབ་བྱུང”ཞེས་ཡུལ་མི་ཕུན་ཚོགས་དབང་འདུས་ཀྱིས་དགའ་སྤྲོའི་ངང་བརྗོད།
བྱེད་སྒོ་དེ་ལྟ་བུ་ཆུ་མདའ་གྲོང་ཚོས་རྟག་ཏུ་སྤེལ་གྱི་ཡོད། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན་ཆུ་མདའ་གྲོང་ཚོས་དུས་བཀག་ལྟར་ཚོགས་འདུ་འཚོགས་པ་དང་གནས་ཚུལ་ལ་དབྱེ་ཞིབ་བྱེད་པ་མ་ཟད། ད་དུང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ཞིབ་ཕྲའི་ལས་ཀ་དོན་འཁྱོལ་ལ་ཞིབ་འཇུག་བྱས་ཏེ། ལོ་སྟོད་དུ་ལས་ཀའི་འཆར་གཞི་བཟོས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ལས་དོན་དེ་ཏང་འཛུགས་སྐྱོང་གི་དམིགས་ཚད་དོ་དམ་དང་ཕན་ཚུན་སྦྲེལ་མཐུད་དང་། ཤེས་དཔལ་ལྡན་པའི་གྲོང་གསེབ་དཔྱད་བསྡུར་དང་ཕན་ཚུན་སྦྲེལ་མཐུད་ཡོང་བར་བྱས་ནས། དཔྱད་ཞིབ་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་ལས་དོན་དེ་ལས་དོན་གཞན་དང་ཟུང་འབྲེལ་ནུས་ལྡན་གྱིས་དུས་གཅིག་ཏུ་སྤེལ་རྒྱུའི་འགན་ལེན་བྱས་ཡོད།
བྱེད་སྒོ་སྤེལ་ཚུན། ཆུ་མདའ་གྲོང་ཚོའི་དོན་དངོས་དང་ཟུང་འབྲེལ་གྱིས་ཞིང་ལས་རྩལ་ནུས་འགྲན་བསྡུར་དང་། “མཛེས་སྡུག་ལྡན་པའི་གྲོང་གསེབ”བཀོད་གཙང་། “བུད་མེད་ཀྱི་མཚན་མོའི་སློབ་གྲྭ”སོགས་སྣ་མང་ཕུན་སུན་ཚོགས་པའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་བྱེད་སྒོ་དེ་རིག་རྩལ་འཁྲབ་སྟོན་དང་། གཏམ་བཤད་འགྲན་བསྡུར། ཤེས་བྱའི་འགྲན་བསྡུར་སོགས་ཡུལ་མི་ཞུགས་སླ་བ་དང་། ཞུགས་བདེ་བ། ཞུགས་འདོད་པ་བཅས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་མཉམ་འདྲེས་ཐུབ་པ་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད།
དཔེ་མཚོན་གཏོད་ནས་ཡུལ་མིར་མིག་དཔེ་སྟོན།
ཆུ་མདའ་གྲོང་ཚོར་མི་འདི་འདྲ་ཞིག་ཡོད། ཁོང་གིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་གླུ་གཞས《ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཕུལ་བའི་གླུ་གཞས》ཞེས་པ་བརྩམ་ཡོད། ལོ་60ལ་སླེབས་པའི་ཁོང་གིས་གླུ་གཞས་འདི་འདྲ་ཞིག་བརྩམ་རྒྱུ་ཡིད་ལ་ཇི་ལྟར་འཁོར་བ་ཡིན་ནམ།
“ང་ཚོའི་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ཏང་གིས་གནང་བ་ཞིག་ཡིན། དེ་དག་སྔོན་ཆད་བསམ་མི་ཕོད་པ་ཞིག་རེད། ངས་མེས་རྒྱལ་ལ་དྲིན་ཇི་ལྟར་གསོ་དགོས་མིན་མི་ཤེས་སྟབས་གཞས་འདི་བརྩམས་པ་ཡིན”ཞེས་གནམ་གང་གིས་ང་ཚོར་དེ་ལྟར་བརྗོད།
གནམ་གང་དང་འདྲ་བའི་དཔེ་མཚོན་མང་པོ་ཡོད་པ་སྟེ། ཡུལ་མི་ཚོའི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་མཁན་ཚེ་རིང་ཆོས་སྒྲོན་དང་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་བསོད་ནམས་བཀྲ་ཤིས་སོགས་དྲང་ཕྱོགས་ཀྱི་དཔེ་མཚོན་མང་དག་ཅིག་ནི་ཆུ་མདའ་གྲོང་ཚོས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་མ་གཏིང་ཟབ་བཏང་བའི་བྱ་ཐབས་དངོས་ཤིག་ཡིན་ཞིང་། གྲོང་ཚོའི་འཇོན་ཐང་ཅན་ཚང་མ་གདན་དྲངས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”བྱེད་སྒོའི་སྒྲོག་འགྲེལ་གྱི་ལས་འགན་འཁུར་ནས་ཡུལ་མིའི་སྣེ་ཁྲིད་དེ་ལག་ལེན་དངོས་ལ་ཞུགས་ཀྱི་ཡོད།
བྱེད་སྒོ་སྤེལ་ཡུལ་བསྐྲུན་ནས་སློབ་གསོར་སྐུལ་འདེད་བཏང་།
ཆུ་མདའ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་རིང་ཀུན་དགས་ང་ཚོ་བསྐྲུན་ཟིན་མ་ཐག་པའི་ཆུ་མདའ་གྲོང་ཚོའི་ལོ་རྒྱུས་ཁང་ལ་ལྟ་སྐོར་ལ་ཁྲིད་བྱུང་། འགྲེམས་ཁང་དེ་ཆུ་མདའ་གྲོང་ཚོའི་ལོ་རྒྱུས་མདོར་བསྡུས་དང་། བོད་གསར་རྙིང་བསྡུར་བའི་པར་རིས། གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་བཀལ་བའི་གྱང་། ཕུལ་དུ་བྱུང་བའི་ཁེ་ལས་ཀྱི་ལོ་རྒྱུས་མདོར་བསྡུས། དཔེ་བཟང་བའི་པར་བཀལ་བའི་གྱང་སོགས་ལས་གྲུབ་ཡོད་པ་མ་ཟད། ད་དུང་མའོ་ཙེ་ཏུང་གི་གསུང་རྩོམ་དང་། འཁེལ་འཐག་འཕྲུལ་འཁོར། རྫ་ཆས། བཞུ་མར། བོད་རུམ། བོད་ལྷམ་སོགས་བསྒྲིགས་ཡོད།
ཚེ་རིང་ཀུན་དགས“འགྲེམས་ཁང་ཆུང་གྲས་དེ་བསྐྲུན་པའི་དམིགས་ཡུལ་ནི་ཆུ་མདའ་གྲོང་ཚོའི་ཡུལ་མི་ཚོས་ཆུ་འཐུང་དུས་ཆུ་འགོ་དྲན་པ་བྱས་ནས་ཏང་གི་བཀའ་དྲིན་བློ་ལ་བརྟན་པོ་ངེས་པར་བྱས་ཏེ་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་ཐོབ་པ་རྟོགས་པ་མ་ཟད། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཏང་གི་བཀའ་དྲིན་ལས་བྱུང་བ་ཤེས་པར་བྱས་ནས། ནམ་ཡང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས”ཞེས་བརྗོད།
“གྲོང་ཚོའི་ལོ་རྒྱུས་ཁང་ཕུད་གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་འོག་ང་ཚོ་མང་ཚོགས་ཀྱི་རིག་གནས་ཐང་ཆེན་དང་རིག་རྩལ་གར་སྟེགས་བསྐྲུན་ཟིན་ཡོད”ཅེས་ཚེ་རིང་ཀུན་དགས་དགའ་སྤྲོའི་ངང་བརྗོད།
གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྷུན་གྲུབ་ཆོས་འཕེལ་གྱིས་ང་ཚོར“ང་ཚོའི་གྲོང་ཚོས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་དྲིལ་བསྒྲགས་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་བྱས་ནས་སྤྱི་མི་དང་། ཞིང་འབྲོག་པ་ཏང་ཡོན། ཡུལ་མི་བཅས་སྒྲིག་འཛུགས་བྱས་ཏེ་སློབ་སྦྱོང་སྟོབས་ཆེན་དང་ཉི་འོད་བོད་ལྗོངས་སོགས་ལས་སྟེགས་ཐོག་བཀོད་པའི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སྐོར་གྱི་གྲུབ་འབྲས་ཐོབ་པའི་བྱ་ཐབས་དང་། སྔོན་ཐོན་གྱི་དཔེ་མཚོན། ཕན་འབྲས་དངོས་སོགས་བརྒྱུད་བསྐུར་དང་ཕབ་ལེན་བྱས་ནས་བྱེད་སྒོའི་གོ་རིམ་གྱི་རྗེས་ཟིན་པའི་སྒོ་ནས་འཕྲེད་འགེལ་ཡི་གེ་བཀལ་བ་དང་། བརྡ་ཆ་སྦྱར་བ། དྲིལ་བསྒྲགས་ཤོག་བྱང་དང་ལག་དེབ་སྤྲོད་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བས་གྲོང་ཚོ་ཡོངས་ཀྱི་དྲིལ་བསྒྲགས་རྣམ་པ་ལེགས་སུ་སོང་ནས་ཚུར་སྣང་ལན་ཆ་ཡག་པོ་བྱུང་ཡོད”ཅེས་བརྗོད།