དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-08-05

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་དང་། ལྗོངས་ལུས་རྩལ་ཅུས། ཁྲེང་ཏུའུ་རུ་ བཅའ་སྡོད་བོད་ལྗོངས་དོན་གཅོད་ཁང་གི་སྨན་ཁང་བཅས་ཀྱིས་གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་མཐའ་འཁྱོངས་བྱེད་པ་དང་། ལག་ལེན་གྱི་ཁྱད་ཆོས་འབུར་དུ་ཐོན་པ། སློབ་སྦྱོང་དང་ཚད་ལོན་ཟུང་འབྲེལ་བྱེད་པ། ཞིབ་བཤེར་དང་དག་ཐེར་འགོ་ནས་མཇུག་བར་ཁྱབ་པ། བརྗོད་དོན་གཙོ་བོའི་སློབ་གསོའི་ནང་འཕེལ་བའི་ལས་ཀའི་སྤྲོ་སེམས་དང་འབད་འཐབ་ཀྱི་སྙིང་སྟོབས་དག་རང་ངོས་ཀྱི་ལས་ཀར་སྐུལ་འདེད་གཏོང་བའི་ཤུགས་ཆེའི་སྒུལ་ཤུགས་སུ་སྒྱུར་བ་བཅས་བྱས་པས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ལས་སྒོའི་ལས་ཀ་གཉིས་ཀར་སྐུལ་འདེད་ཐེབས་ཡོད་པ་རེད།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་། ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས“ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་མཆན་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ”དེ་དམངས་ལ་ཞབས་འདེགས་ཞུ་བ་དང་དམངས་ཀྱི་དཀའ་གནད་སེལ་བའི་དོན་གནད་གལ་ཆེན་ཞིག་ལ་བརྩིས་ནས་བྱ་ཐབས་ཁག་གསུམ་སྤྱད་དེ་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་མཆན་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་ཐུབ་པ་བྱས་ཡོད་པ་རེད།

    《ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་མཆན་ལམ་ལུགས་སྒྱུར་བཅོས་ཕྱོགས་ཡོངས་ནས་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་ཇུས་གཞི》བཟོས་ནས་སྡོད་ཁང་ལས་དོན་ལས་གྲྭའི་ཞིབ་མཆན་བརྒྱུད་རིམ་དང་ལྷུ་ཚིགས་ཁག་གི་བླང་བྱ་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་པ་དང་། 《རྣམ་གྲངས་རིགས་དྲུག་གི་ཞིབ་མཆན་བརྒྱུད་རིམ་རི་མོ》དང་། རྣམ་གྲངས་རིགས་དྲུག་རེ་ཞུའི“རེའུ་མིག་གཅིག”སོགས་ལ་བཟོ་བཅོས་བརྒྱབ་སྟེ། ཞིབ་མཆན་བརྒྱུད་རིམ་དང་དོན་ཚན་འགན་ལེན་བྱས་ནས་འཐུས་སྒོ་ཚང་བའི་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་མཆན་ལམ་སྲོལ་རིམ་གྱིས་བཙུགས་ཡོད་པ་རེད། 《འཛུགས་སྐྲུན་རྣམ་གྲངས་ལ་མཉམ་འབྲེལ་ཞིབ་མཆན་འགོད་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་མཛུབ་ཁྲིད་བསམ་འཆར》དང་། 《བོད་རང་སྐྱོང་ལྗོངས་ཀྱི་མ་འཇོག་རྣམ་གྲངས་ཀྱི“ཞིབ་མང་གཅིག་སྒྲིལ”གྱི་ལས་ཀའི་ཞིབ་སྲོལ(ཚོད་ལྟའི་ལག་བསྟར)》 《བོད་རང་སྐྱོང་ལྗོངས་ཀྱི་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་མཆན་ཉུང་གཏོང་གི་གསལ་ཐོ》《དུས་བཅད་མཉམ་འབྲེལ་ཞིབ་བཤེར་རྩིས་ལེན་དོ་དམ་ལག་བསྟར་བྱ་ཐབས》སོགས་ཀྱི་ལེ་ལག་ཚང་བའི་སྲིད་ཇུས་དང་བྱ་ཐབས་འཆར་ཟིན་བཀོད་ཡོད་པ་རེད། ལྗོངས་ཡོངས་ཀྱི་སྲིད་དོན་ཞབས་ཞུའི་དྲ་བར་བརྟེན་ནས། རང་སྐྱོང་ལྗོངས་དང་ས་ཁུལ་དང་གྲོང་ཁྱེར་7གྱི་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་མཆན་དོ་དམ་མ་ལག་བསྡུ་སྒྲིལ་བྱེད་པ་དང་། ཞིབ་མཆན་བརྒྱུད་རིམ་གྱི་དུས་མཚམས་ཁག་དང་འབྲེལ་བ་ཡོད་པའི་ཞིབ་མཆན་དོན་ཚན་ཡོངས་རྫོགས་མ་ལག་དོ་དམ་ནང་འཇུག་པ། འབྲེལ་ཡོད་སྡེ་ཚན་གྱི་ཞིབ་མཆན་འགོད་པའི་བྱ་སྤྱོད་ཀྱི་བརྒྱུད་རིམ་ཧྲིལ་པོར་དྲ་ཐོག་ལྟ་འདོམས་བྱེད་པ། མཇུག་འདེད་སྒྲུབ་སྐུལ་དང་ཞིབ་མཆན་མཚམས་ཚིག་ལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་གཞིའི་ཕྱི་རོལ་གྱི་འཁོར་སྐྱོད་གཏན་འགོག་བྱེད་པ། གཅིག་གྱུར་བདག་སྤྲོད་བྱེད་པ། མཉམ་འབྲེལ་ཞིབ་མཆན་འགོད་པ། མཇུག་འདེད་སྒྲུབ་སྐུལ་བྱེད་པ། ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ཡོད་པ་རེད།

    ལྗོངས་ལུས་རྩལ་ཅུས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ལས་སྒོའི་ལས་ཀ་ཟུང་འབྲེལ་དམ་ཟབ་ཀྱིས་གཞི་གཅིག་ཏུ་སྐུལ་འདེད་བཏང་ཞིང་། ལུས་རྩལ་ཅུས་ཀྱིས་སྲིད་ཇུས་ཀྱི་སྐུལ་ལྕག་དང་། མ་དངུལ་གྱི་རོགས་སྐྱོར། ཞབས་ཞུ་མཁོ་སྤྲོད། ཚད་ལྡན་འཕེལ་རྒྱས་སོགས་ཀྱི་ཐད་རྣམ་གྲངས་རྐྱང་པའི་ལུས་རྩལ་མཐུན་ཚོགས་དང་། རིགས་ཁག་གི་སྤྱི་ཚོགས་ཀྱི་ལུས་རྩལ་མཉམ་སྤྲོ་ཁང་དང་ལུས་རྩལ་བྱ་གཞག་ཐེབས་རྩ་ལྷན་ཚོགས་བཅས་ཀྱིས་ལུས་རྩལ་འགྲན་བསྡུར་ཆེ་གྲས་གཉེར་བ་དང་། སྣ་མང་ཕུན་སུམ་ཚོགས་པའི་མང་ཚོགས་ཀྱི་ལུས་སྦྱོང་བྱེད་སྒོ་སྤེལ་བ། དམངས་ཡོངས་ལུས་སྦྱོང་གི་ཁྱད་ལྡན་སྤུས་རྟགས་གསར་གཏོད་བྱེད་པ་སོགས་ཀྱི་ཁྱབ་ཁོངས་སུ་ནུས་པ་གལ་ཆེན་བཏོན་ཡོད་པ་རེད།

    བོད་ལྗོངས་ཁྲེང་ཏུའུ་དོན་གཅོད་ཁྲུའུ་སྨན་ཁང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་དང“ལས་བྲལ་དང་ལས་འཁྱུར་ངལ་གསོ་བརྒྱབ་མཁན་མི་སྣའི་ནད་གཞི་བསྟེན་པ་དང་སྨན་རིན་སྐོར་འདྲི་བའི‘མཐའ་མའི་འགག་གནད’”གཏོད་རྒྱུ་དང་ཟུང་འབྲེལ་བྱས་ནས། སེམས་རྩ་འཁོལ་བ་དང་བརྩེ་བ་ཟབ་མོས་ལས་བྲལ་རྒན་ཡོལ་ཞུས་པའི་མི་སྣར་དཀའ་གནད་བསལ་བ་དང་བྱ་བ་དངོས་བསྒྲུབས་ཐོག བྱ་སྤྱོད་ངོ་མའི་ཐོག་ནས་སྨན་དོན་མི་སྣའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ་རེད། ཁོང་ཚོས་ཁྲེང་ཏུའུ་གྲོང་ཁུལ་དང་དེའི་ཉེ་འཁོར་གྲོང་ཁྱེར་དང་རྫོང་དུ་སྡོད་མཁན་བོད་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བརྒྱབ་མཁན་མི་སྣ་4000ལྷག་ཙམ་ལ་འཚམས་འདྲི་ཧུར་ཐག་བྱས་པ་དང་འབྲེལ། ནད་གཞི་བསྟེན་པ་དང་། སྨན་བཅོས་གྲོན་དངུལ་རྩིས་ཞུ་དང་རྩིས་རྒྱག་དཀའ་བ་སོགས་ཀྱི་གནད་དོན་ཐད་ཆེད་དོན་བརྟག་ཞིབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།