ཉེ་ཆར། ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གིས《“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་ཞིབ་བསྡུར་བྱས་ནས་ཧེ་བག་འཚོལ་བའི་སྐོར་གྱི་ལས་ཀའི་ཇུས་གཞི》བཀྲམ་སྟེ་ས་གནས་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་ཞིབ་བསྡུར་བྱས་ནས་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པའི་རང་རྟོགས་དང་། གྲི་དངོ་ནང་ལ་ཕྱོགས་པའི་སྙིང་སྟོབས་ལ་བརྟེན་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་དང་རྒྱབ་འགལ་གྱི་གནད་དོན་སྣ་ཚོགས་རེ་རེ་བཞིན་ལ་ཞིབ་བསྡུར་དང་ཕྱོགས་ཡོངས་ནས་བཙལ་ཏེ་བྱ་ཐབས་དངོས་ཀྱི་ཐོག་ནས་གནད་དོན་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
བརྡ་ཐོའི་ནང་། ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་ཞིབ་་བསྡུར་བྱས་ནས་ཧེ་བག་འཚོལ་བ་ནི་བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་སྦྱོང་སློབ་གསོ་དང་གནད་དོན་ལ་ཞིབ་ལྟ་བྱེད་པའི་ནང་དོན་གལ་ཆེན་ཞིག་རེད་ལ། ཏང་ཡོན་ལས་བྱེད་པས་རང་འགུལ་ངང་རང་ངོས་ལ་ཞིབ་ལྟ་དང་རང་རྟོགས་ངང་ནོར་འཁྲུལ་ཡོ་བསྲང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། དེར་བརྟེན་ཏང་ཡོན་འགོ་ཁྲིད་ལས་བྱེད་པས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག་སློབ་སྦྱོང་བགྲོ་གླེང་དང་ཟུང་འབྲེལ་བྱེད་པ་དང་། ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་ཞིབ་བསྡུར། གཙོ་གནད་ཐོག་ཏང་གི་སྒྲིག་ཡིག་དང་། 《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》བཅས་དང་ཞིབ་བསྡུར་བྱས་ནས་རང་ངོས་ཞིབ་བཤེར་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
བརྡ་ཐོའི་ནང་། ཚད་གཞི་དང་ཞིབ་བསྡུར་བྱས་ནས་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་མིན་དང་མར་ཁེ་སི་རིང་ལུགས་ལ་དད་མོས་དང་སྤྱི་ཚོགས་རིང་ལུགས་ལ་དད་སེམས་བརྟན་པོ་ཡོད་མིན་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་གཞི་རྩའི་ལམ་ཕྱོགས་ལག་ལེན་བསྟར་མིན་དང་ཡིན་མིན་ཆེན་པོའི་མདུན་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡོད་མིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཐུབ་མིན་དང“འདུ་ཤེས་བཞི”ཟབ་ཏུ་གཏོང་ཐུབ་མིན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་མཐའ་གཅིག་ཏུ་བསྟར་ཐུབ་མིན་དང“སྤྱོད་ཚུལ་བཞིར”ངོ་རྒོལ་མཐའ་གཅིག་ཏུ་བྱེད་མིན། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་མཐའ་འཁྱོངས་ཐུབ་མིན་དང་མི་འདེམས་མི་སྤྱོད་ཀྱི་སྟོན་ཕྱོགས་ཡང་དག་པར་མཐའ་འཁྱོངས་བྱེད་ཐུབ་མིན། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཐུབ་མིན་དང་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་རང་གཤིས་རྒྱུན་འཁྱོངས་ཐུབ་མིན་བཅས་ལ་གཙོ་གནད་ཐོག་བཤེར་འདོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
བརྡ་ཐོའི་ནང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གལ་ཆེན་ཕྱོགས་བསྒྲིགས》ལ་སློབ་སྦྱོང་ནན་ཏན་བྱས་ཏེ་ཏང་གི་སྒྲིག་ཡིག་དང་། ཚད་གཞི། སྲོལ་ཡིག་བཅས་དུམ་བུ་དང་ཚིག་རེ་རེ་བཞིན་སློབ་སྦྱོང་བྱས་ནས་བསྡུར་བ་དང་། ཞིབ་ལྟ། དབྱེ་ཞིབ་བྱེད་པ་དང་རང་ཉིད་དེའི་ནང་ཞུགས་པ་དང་། འགན་འཁྲི་དང་ལས་དོན་དང་ཟུང་འབྲེལ་བྱེད་དགོས། རིམ་ཁག་འགོ་ཁྲིད་ཚན་ཁག་གིས་ཆེད་མངགས་དུས་ཚོད་བཀོད་སྒྲིག་བྱས་ཏེ་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་ཞིབ་བསྡུར་བྱས་ནས་ཧེ་བག་འཚོལ་བའི་ཆེད་དོན་ཚོགས་འདུ་འཚོག་དགོས། ཏང་ཀྲི་པུས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག་གི”ལམ་ལུགས་དང་ཟུང་འབྲེལ་བྱས་ཏེ་ཆེད་དོན་ཚོགས་འདུ་འཚོགས་ནས་ཏང་ཡོན་སྒྲིག་འཛུགས་གིས་སློབ་སྦྱོང་བྱེད་པ་དང་། ཏང་གི་སྒྲིག་ཡིག་དང་། ཚད་གཞི། སྲོལ་ཡིག་དང་ཞིབ་བསྡུར། རང་ངོས་ཀྱི་གནད་དོན་ལ་ཞིབ་ལྟ་བྱེད་པ། རང་ངོས་དག་ཐེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། འགོ་ཁྲིད་ཚན་ཁག་གི་འགན་ཁུར་བློ་མཐུན་གཙོ་བོས་སྣེ་ཁྲིད་དེ་སློབ་སྦྱོང་དང་། འཚོལ་ཞིབ། སྒྱུར་བཅོས་བཅས་བྱས་ཏེ་གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་པ་དང་མིག་དཔེ་འདོན་པ་དང་ཆབས་ཅིག་ཚན་ཁག་གི་ཁོངས་མི་དང་གཤམ་འོག་ཚན་པའི་འགོ་ཁྲིད་ལས་བྱེད་པས་གནད་དོན་གནད་འཁེལ་འཚོལ་བ་དང་ཐག་གཅོད་ཡག་པོ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་ཡོད་པ་རེད།