“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ། བརྗོད་དོན་གཙོ་བོའི་སློབ་གསོ་དང་ས་གནས་ཁག་གི་དོན་དངོས་ཟུང་འབྲེལ་བྱེད་པ། དེང་སྐབས་ཀྱི་གཙོ་གནད་ལས་དོན་དང་ཟུང་འབྲེལ་བྱེད་པ། སྒྲིག་འཛུགས་ལག་བསྟར་ཞིབ་ཚགས་བྱེད་པ། སློབ་སྦྱོང་གི་རྣམ་པ་དང་ལས་སྒྲུབ་ཀྱི་རྣམ་པ་རྒྱུན་མཐུད་ངང་གཏོད་པ་བཅས་བྱས་པས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་ཏན་ཏིག་ཐོན་ཡོད།
ཚེས་18ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཏིང་ཡེ་ཤན་གྱིས་ལྗོངས་ཐད་གཏོགས་ཚན་པ་ཁག་གཅིག་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གཅིག་གི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཐོག ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་ལས་དོན་སྤེལ་ཚུལ་ལ་མཁྱེན་རྟོགས་གནང་བ་དང་། བསམ་འཆར་དང་གྲོས་འགོ་གསན་པ། ལྷག་པའི་གནད་དོན་ལ་དབྱེ་ཞིབ་གནང་བ། བརྗོད་དོན་གཙོ་བོའི་སློབ་གསོའི་གོམ་སྟབས་རྗེས་མའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་ཞིབ་འཇུག་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གཅིག་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆིས་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་གཏོང་བའི་ལས་དོན་གྱི་བླང་བྱ་བཏོན་གནང་བ་རེད།
ཏིང་ཡེ་ཤན་གྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ལྗོངས་ཡོངས་ཀྱི་སྡེ་ཚན་ཁག་དང་ཚན་པ་ཁག་གིས་ཀྲུང་དབྱང་གི་སྤྱིའི་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལ་གཞིགས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ལ་བརྩིས་ནས་དམ་འཛིན་ཏན་ཏིག་བྱེད་པ་དང་འགོ་ཁྲིད་ལ་ཤུགས་སྣོན་དང་། འཆར་འགོད་ཞིབ་ཚགས། སྐུལ་འདེད་ཏན་ཏིག རྣམ་པ་ལེགས་གཏོང་བཅས་བྱས་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། སྒྲིག་འཛུགས་ཞིབ་ཚགས་བྱས་ནས་སྐུལ་འདེད་ལ་དམ་འཛིན་བྱེད་པ། རྩ་བའི་ལས་འགན་ལ་དམིགས་པ། སློབ་གསོ་མི་སེམས་ལ་ཟུག་པ་བྱེད་པ། འཕྲལ་སྒྲུབ་འཕྲལ་བཅོས་འབུར་དུ་ཐོན་པ་དང་བཅོས་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ནན་པོ་བྱ་རྒྱུ་ཨང་དང་པོར་འཇོག་པ་དང་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལྟ་སྐུལ་ལ་དམ་འཛིན་བཅས་བྱས་པས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། སྡེ་ཚན་ཁག་དང་ཚན་པ་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཆབ་སྲིད་ཀྱི་ཐོག་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་དོན་སྙིང་གལ་ཆེན་ངོས་འཛིན་བྱེད་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་པ། ཚད་མཐོའི་འགན་འཁྲི་ཁུར་སེམས་དང་། བསམ་བློའི་ཉམས་འགྱུར་བཟང་པོ། ལས་ཀའི་སྤྱོད་ཚུལ་ཏན་ཏིག་བཅས་ལ་བརྟེན་ནས་རང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཕྱོགས་སུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
ཚེས་19ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་བསྟན་ཁོས་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་ཡོངས་ལ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཆེད་དོན་ཏང་གི་སློབ་ཚན་འཁྲིད་གནང་བ་རེད།
བསྟན་ཁོས“སློབ་སྦྱོང་སློབ་གསོ་ནི་རྩ་བ་དང་། བརྟག་དཔྱད་ཞིབ་འཇུག་ནི་ཐབས་ལམ། གནད་དོན་ལ་ཞིབ་ལྟ་བྱེད་པ་ནི་འགག་རྩ། དག་ཐེར་དོན་འཁྱོལ་ནི་དམིགས་ཡུལ”བཅས་ཡིན་པའི་ལས་དོན་གྱི་བླང་བྱར་དམ་པོར་དམིགས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་ཧུར་ཐག་སྤྲོས་པ་དང་། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ། འཐབ་ཕྱོགས་གཅིག་གྱུར་གྱི་ཆོས་ལུགས་སྐོར་གྱི་ཡིག་ཆ་ལྔ་དང་འཆར་འགོད་གཉིས་དོན་འཁྱོལ་བྱེད་པ། སློབ་སྦྱོང་གི་གྲུབ་འབྲས་ལ་བརྟེན་ནས་ལས་དོན་ལ་མཛུབ་ཁྲིད་མཐའ་འཁྱོངས་བཅས་བྱས་ཏེ། སློབ་སྦྱོང་སློབ་གསོ་གཏིང་ཟབ་ཕྱོགས་སུ་སྤེལ་བར་སྐུལ་འདེད་གཏོང་དགོས། བསམ་བློའི་འབྱུང་རྩ་ནས་གནད་དོན་བཙལ་འཚོལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། རང་སྣང་འཇིག་རྟེན་རྒྱུན་ཆད་མེད་པར་སྒྱུར་བཀོད་བྱེད་པ། བརྗོད་དོན་གཙོ་བོའི་སློབ་གསོ་བརྒྱུད་ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ“ཉམས་སད་ཐེག་ཐུབ་པ་ལྔ”ཡི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་པ་ཞིག་བྱེད་དགོས། “སྒྱུར་བཅོས”བྱ་རྒྱུ་དེ་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་པ་དང་། གནད་དོན་བཙལ་འཚོལ་དང་། གནད་དོན་ཐག་གཅོད་བྱ་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ། སློབ་གསོའི་གྲུབ་འབྲས་ལ་བརྟེན་ནས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་སྐུལ་འདེད་གཏོང་བ། ལས་ཀའི་ཕན་འབྲས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཞིབ་ལྟ་བཅས་བྱས་ནས། བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་བྱེད་ཉེན་རྟོག་པ་ཡོངས་ཀྱིས་ཁག་ཐེངས་དབྱེ་སྟེ་རང་སྐྱོང་ལྗོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཏང་སྲོལ་སྲིད་གཙང་གི་ཉེན་ཟོན་སློབ་གསོའི་འགྲེམས་སྟོན་ལ་གཅིག་སྡུད་ཐོག་ལྟ་སྐོར་བྱས་ཏེ། ལས་བྱེད་ཉེན་རྟོག་པ་ཡོངས་ལ་སྤྱོད་གཙང་རང་འདོམས་ཀྱི་ནུས་པ་ཆེ་རུ་བཏང་ནས་རུལ་རྒོལ་འགྱུར་འགོག་གི་འདུ་ཤེས་ཟབ་ཏུ་གཏོང་བར་སློབ་གསོ་ཁྲིད་སྟོན་བྱས་ཡོད། ལྟ་སྐོར་བྱས་རྗེས་ཚང་མས་གྱོད་དཔེ་དཔྱད་གཞིར་འཛིན་པ་དང་རང་སྐྱོན་རང་བརྟག་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་རུལ་རྒོལ་གཙང་སྤེལ་གྱི་རྩ་བ་དམ་པོར་འཛིན་པ། རུལ་རྒོལ་གྱི་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་པ། ཏང་གཤིས་འདུ་ཤེས་ཞུན་བརྡར་བྱེད་པ། སྤྱོད་གཙང་རང་འདོམས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་བཅས་བྱས་ནས། སྔ་ཕྱི་བར་གསུམ་དུ་འབད་འཐབ་ཆེར་སྐྱེད་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།