དབུ་ཤོག>ཆེད་སྒྲིག
  • ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་10པ་གཞིས་རྩེ་གྲོང་ཁྱེར་གྱི་གཞི་རིམ་གྱི་འཐབ་ས་དང་པོར་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་གནས་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-20

    ཟླ་7ཚེས་15ནས་17ཉིན་བར། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་10པ་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གི་དབུལ་སྐྱོར་ཐོན་ལས་ཐོན་རྫས་འགྲེམས་སྟོན་འགྲེམས་ཚོང་ཁུལ་དང་། གྲོ་མོ་རྫོང་དུད་སྣ་ཤང་མཐའ་མཚམས་ཞིབ་བཤེར་ས་ཚིགས། གྲོ་མོ་སྟོད་ཤང་སོགས་སུ་ཕེབས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད། 

    ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་10པའི་ཙུའུ་ཀྲང་གཞོན་པ་ཀྲང་པའེ་རུའུ་ཡིས་རུ་སྣེ་ཁྲིད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུཌ་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད། 

    རྒྱལ་རྩེ་རྫོང་གི་དབུལ་སྐྱོར་ཐོན་ལས་ཐོན་རྫས་འགྲེམས་སྟོན་འགྲེམས་ཚོང་ཁུལ་དུ་མཛུབ་ཁྲིད་ཚོགས་ཆུང་གིས་ཁ་ཆེ་ཤ་སྐམ་དང་། ནས་ཀྱི་བཟའ་བཅའ། མི་རིགས་ལག་ཤེས་བཟོ་ལས་སོགས་དབུལ་སྐྱོར་ཐོན་ལས་ཀྱི་སྙན་སེང་གསན་པ་དང་ཆབས་ཅིག་མི་དམངས་མང་ཚོགས་ཕྱུག་པོ་ཆགས་པར་བྱེད་པའི་འགག་རྩ་ནི་སྔར་བཞིན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་རེད། རང་བྱུང་ཐོན་ཁུངས་དང་ས་བབ་ཀྱི་ལེགས་ཆར་བརྟེན་ནས་བསམ་བློ་བཅིངས་འགྲོལ་དང་། འདུ་ཤེས་སྒྱུར་བ། དྲིལ་བསྒྲགས་ལ་ཤུགས་སྣོན། གནད་སྨིན་ངེས་གནས། སྟོབས་ཤུགས་གཅིག་སྡུད་བཅས་བྱས་ཏེ་ས་མཐོའི་ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་མང་ཚོགས་རང་ས་རང་ཡུལ་ནས་མི་བྲལ་བར་ཐོན་ལས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད། 

    གྲོ་མོ་རྫོང་དུད་སྣ་ཤང་མཐའ་མཚམས་ཞིབ་བཤེར་ས་ཚིགས་སུ་མཛུབ་ཁྲིད་ཚོགས་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་གནང་བ་དང་ཆབས་ཅིག་ལས་དོན་སྤེལ་བའི་གནས་ཚུལ་མཁྱེན་རྟོགས་དང་ཁོང་ཚོའི་ལས་ཀའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། མཛུབ་ཁྲིད་ཚོགས་ཆུང་གིས་སྤྱི་བདེའི་ལས་བྱེད་པ་དང་ཉེན་རྟོག་པས་ནམ་ཡང་ཏང་དང་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་སྲུང་དམག་བྱས་ཏེ་མཐའ་མཚམས་དོ་དམ་དང་མཐའ་སྲུང་ཞིབ་བཤེར་ལྟེ་བར་བྱས་པའི་ལས་སྒོ་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་བོད་ཀྱི་མཐའ་མཚམས་འགག་སྒོ་དང་མཐའ་མཚམས་ས་ཁུལ་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་བཅས་ཀྱི་བརྟན་ལྷིང་ཡོང་བའི་འགན་ལེན་མཐའ་གཅིག་ཏུ་བྱས་ཐོག་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་རང་རྟོགས་ངང་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། 

    གྲོ་མོ་སྟོད་ཤང་དུ་མཛུབ་ཁྲིད་ཚོགས་ཆུང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ཆབས་ཅིག་ཤང་དང་གྲོང་རྡལ་གྱི་སྤྱི་ཡོངས་འཆར་འགོད་དཔེ་རིས་ལ་ནན་ཏན་ངང་གཟིགས་པ་རེད། མཛུབ་ཁྲིད་ཚོགས་ཆུང་གིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་ཆེན་ཨང་དང་པོ་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ནས་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་རང་རྟོགས་ངང་ལག་ལེན་བསྟར་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།