དབུ་ཤོག>ཆེད་སྒྲིག
  • བོད་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-15

    ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དམིགས་ཚད་དང་ལས་འགན་ལ་དམིགས་པ་དང་། ལས་ཀའི་བཀོད་སྒྲིག་ལ་དམ་པོར་གཞིགས་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུར་ཤུགས་སྣོན་རྒྱག་པ། དངོས་སྒྲུབ་ཀྱི་བླང་བྱ་ལག་ལེན་བསྟར་བ་བཅས་བྱས་ཏེ་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོའི་ཐོག་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཏེ་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཆབ་སྲིད་ཀྱི་གོ་རྟོགས་སྔར་བས་མཐོར་གཏོང་དང་ཕུགས་བསམ་དང་དད་སེམས་སྔར་བས་མཐོར་གཏོང་ལ་སྐུལ་འདེད་བཏང་བ་རེད།

    ཟླ་7ཚེས་11ཉིན་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཝུའེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཝང་ཝུའེ་ཏུང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ཚར་དུས་མེད་པས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ཐོག་མའི་བསམ་འདུན་བསྒྱུར་མི་རུང་ལ་འགན་འཁྲི་ཡང་བསྒྱུར་མི་རུང་། ང་ཚོས་སྔར་བཞིན་ཛ་དྲག་ཆེ་ལ་རྙོག་འཛིང་ཆེ་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ལ་ངོས་འཛིན་གསལ་པོ་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་བོད་ལ་དམིགས་བསལ་གང་ཡང་མེད་པའི་བསམ་བློ་བརྟན་པོ་བཙུགས་ནས་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ནས་ཆབ་སྲིད་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་རིམ་པ་ཁག་དང་སྡེ་ཚན་ཁག་ལ་ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་གཉིས”ཐུབ་པའི་ལྟ་སྐུལ་དང་སྐུལ་འདེད་གཏོང་དགོས། རམ་འདེགས་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་ལག་བསྟར་ནན་པོ་བྱས་ཏེ་ཏང་ཨུད་ཀྱིས་བྱེད་པོའི་ནུས་པ་འདོན་པར་གཞི་རྟེན་ནུས་ལྡན་རང་འགུལ་ངང་མཁོ་འདོན་ཧུར་ཐག་བྱེད་པ་དང་། འགན་འཁྲི་བདའ་འདེད་ཀྱི་ལས་དོན་ཚད་ལྡན་དུ་གཏོང་བ་དང་ཤུགས་སྣོན་བརྒྱབ་སྟེ་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་ཁོང་དུ་ཆུད་ནས་མཐུན་སྦྱོར་ཐུབ་པ་དང་། མཉམ་ཤུགས་ཆགས་པ་བྱས་ནས་ཏང་དེ་བས་སྟོབས་འབྱོར་ལྡན་པ་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དམིགས་ཚད་དུ་བཟུང་སྟེ་སྒྲིག་བཤེར་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ། རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་དེ་བས་ཆེ་བ་ལེན་དགོས་ཞེས་ནན་བཤད་གནང་བ་རེད། 

    ཚེས་11ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་ཏང་ཡོན་དང་ལས་བྱེད་པ་ཡོངས་སྒྲིག་འཛུགས་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་གློག་བརྙན《ཏང་འཛུགས་སྐྱོང་གི་རླབས་ཆེན་བྱ་གཞག》བལྟས་པ་རེད། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འོད་ཟེར་དང་། ཞུས་ཞུའེ་ཀོང་། འཆི་མེད་རིག་འཛིན། ཅུས་ཅན་ཧྭ་བཅས་ཕེབས་པ་རེད། ལས་ཁུངས་ཀྱི་རྒྱ་ཆེའི་ཏང་ཡོན་ཚོས་ངེས་པར་དུ་ཐོག་མའི་བསམ་འདུན་བརྟན་སྲུང་དང་འགན་འཁྲི་ཧུར་ཐག་ཁུར་ཏེ་ཐོག་མཐའ་བར་གསུམ་དུ་ཏང་དང་། མེས་རྒྱལ། མི་དམངས་བཅས་ལ་ལྷག་བསམ་རྣམ་དག་བྱས་ཏེ། བློ་དཀར་བ་དང་། སྐྱོན་བྲལ་བ། འགན་འཁུར་བ་བཅས་ཀྱི་ཀུན་སྤྱོད་ལ་ཟམ་མི་ཆད་པར་ཞུན་བརྡར་དང་། རང་འཁྲིའི་ལས་དོན་ཏན་ཏིག་ངང་བསྒྲུབས་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ཚེས་11ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་ལྗོངས་ཚོང་དོན་ཐིང་དང་། འཕྲོད་བསྟེན་བདེ་ཐང་ཨུ་ལྷན། སྨན་བཅོས་འགན་སྲུང་ཅུས། རྒྱ་གྲམ་དམར་རྟགས་ཚོགས་པ་བཅས་སྡེ་ཚན་བཞིའི་རྫོང་དང་ཁྲུའུ་རིམ་པ་དང་དེ་ཡན་གྱི་ཏང་ཡོན་དང་ལས་བྱེད་པར་འགོ་བརྗོད་དུ《“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་བཏང་སྟེ་རང་འགན་གཙང་སྒྲུབ་བྱས་ནས་ལེགས་སྐྱེས་འབུལ་དགོས》ཞེས་འཁོད་པའི་ཆེད་དོན་ཏང་གི་སློབ་ཚན་འཁྲིད་པ་རེད། ཏང་གི་སློབ་ཚན་ཐོག“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ནི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་གསོན་ཉམས་དོད་པའི་མཚོན་ཚུལ་དང་གསལ་འགྲེལ་ཟབ་མོ་ཞིག་ཡིན་པས། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱི་རྩ་ཆེའི་ནང་དོན་དང་ལོ་རྒྱུས་དང་དུས་རབས་ཀྱི་རིན་ཐང་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱེད་པ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”གྲུབ་པ་དང་འཕེལ་རྒྱས་གཏོང་རིང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། ཚོང་དོན། སྨན་བཅོས་འགན་སྲུང་། རྒྱ་གྲམ་དམར་རྟགས་ཚོགས་པ་བཅས་ཀྱིས་དམིགས་བསལ་དང་གལ་ཆེའི་ནུས་པ་ཐོན་པ་སེམས་ལ་བརྟན་པོ་ངེས་པ་དང་། དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་བརྟན་པོ་སྲུང་བ། དམངས་ལ་ཕན་པ་འདོགས་པའི་འགན་འཁྲི་ཧུར་ཐག་ཁུར་ཏེ་དུས་རབས་གསར་པར“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས། བོད་དུ་དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

    ཉེ་ཆར། ལྷ་རྩེ་རྫོང་ཨུད་ཀྱིས་རྒྱུན་ཨུའི་ཚོགས་འདུ་འཚོགས་ཏེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཆེད་མངགས་བཀོད་སྒྲིག་བྱས་ནས་སྔོན་ལ་སློབ་སྦྱོང་དང་། སློབ་སྦྱོང་གཏིང་ཟབ། སློབ་སྦྱོང་ཏན་ཏིག་བཅས་བྱས་ཡོད། རྫོང་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་ཏང་ཀྲི་པུའི་གཟའ་འཁོར་གྱི་སློབ་སྦྱོང་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་དང་། དམིགས་ཚད་ལས་འགན། བྱེད་ཐབས་དང་གོ་རིམ་བཅས་གསལ་སྟོན་བྱས་ཏེ། བསམ་བློ་དང་། བརྩེ་སེམས། རིགས་པའི་གཞུང་ལུགས་བཅས་ཐད་ཀྱི་ཏང་ཡོན་དང་ལས་བྱེད་པའི་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།