དབུ་ཤོག>ཆེད་སྒྲིག
  • ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་གྱི་ཏང་ཡོན་རྒན་གྲས་འཇམ་དབྱངས་ཚེ་རིང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2019-07-15

    འབྲི་ཆུའི་ངོགས་སུ་གནས་པའི་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་དུ་ཏང་ལོ་60ཡོད་པ་དང་ལོ་82ལ་སླེབས་པའི་གདན་ཞུའི་ལས་བྱེད་པ་ཞིག་གིས་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་ནས་ལས་དོན་སྒྲུབ་བཞིན་ཡོད། ཁོང་གིས་ལོ་དྲུག་ཅུ་ཉིན་གཅིག་ལྟར་གུང་ཁྲན་ཏང་ཡོན་གྱི་ལ་རྒྱ་བཟུང་བ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་གུང་ཁྲན་ཏང་ཡོན་གྱི་འགན་འཁྲི་དང་ལས་འགན་བསྒྲུབས་ཡོད།

    ཁོང་ནི་འཇམ་དབྱངས་ཚེ་རིང་རེད།

    ལོ་82རིང་འཇམ་དབྱངས་ཚེ་རིང་ལ་ཐོབ་ཐང་སྣ་ཚོགས་ཡོད་པ་སྟེ་ཞིང་བྲན་དང་། མང་ཚོགས། ཏང་ཡོན། ལས་བྱེད་པ། གདན་ཞུའི་ལས་བྱེད་པ་བཅས་རེད། ཐོབ་ཐང་དེ་དག་ཁྲོད་ཁོང་གིས་བརྗེད་པར་དཀའ་བ་ནི་ཞིང་བྲན་དང་ཏང་ཡོན་གྱི་ཐོབ་ཐང་དེ་རེད།

    འབྲི་ཆུའི་ངོགས་སུ་གནས་པའི་སྐམ་ཐོག་གྲོང་རྡལ་ནི་བོད་དུ་སྐར་ལྔའི་དར་དམར་ཐེངས་དང་པོ་སྒྲེང་ས་དེ་རེད། ལོ་60སོང་ཡང“བོད་ལྗོངས”ཞེས་པའི་ཡིག་འབྲུ་གཉིས་པོ་དེ་འབྲི་ཆུའི་ངོགས་ཀྱི་ཟོན་ཆེན་རི་བོའི་ཐོག་བརྐོས་པ་དང་སྐར་ལྔའི་དར་དམར་སྐམ་ཐོག་གྲོང་རྡལ་གྱི་གྲོང་མིའི་ཁང་སྟེང་དུ་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།

    འབྲི་ཆུའི་ངོགས་ནས་ཟོན་ཆེན་རི་བོར་རྒྱང་ལྟ་བྱེད་སྐབས་འཇམ་དབྱངས་ཚེ་རིང་གིས་1950ལོའི་ཟླ་6པའི་སྐབས་ཀྱི་གནས་ཚུལ་དག་སེམས་ལ་ཝ་ལེར་འཆར།

    འཇམ་དབྱངས་ཚེ་རིང་གིས“བཅིངས་འགྲོལ་དམག་མི་ཡོང་བའི་སྐོར་ཐོས་སྐབས་ང་ཚོ་དགའ་སྣང་སྐྱེས་བྱུང་ལ་སྐྲག་སྣང་ཡང་ཅུང་ཟད་སྐྱེས་བྱུང”ཞེས་བརྗོད་པ་དང་། ཁོང་གིས་དགའ་སྣང་སྐྱེས་དོན་ནི་གྲོང་མི་ཚོར་བརྙས་བཅོས་བྱེད་མཁན་གྱི་བོད་དམག་རྣམས་མཐར་སྐྲོད་བཏང་བ་དང་། སྐྲག་སྣང་སྐྱེས་དོན་ནི་འཐབ་འཛིང་དྲག་པོའི་རྐྱེན་པས་གྲོང་མིར་རྨས་སྐྱོན་ཕོག་ཡོང་སྙམ་པ་དེ་རེད། འཇོ་མདའ་རྫོང་སྐམ་ཐོག་གྲོང་ཚོ་དང་སི་ཁྲོན་སྡེ་དགེ་རྫོང་ཞིང་ཁྲེང་གྲོང་རྡལ་ནི་འབྲི་ཆུའི་གཞོགས་གཉིས་སུ་གནས་ཡོད། བཅིངས་འགྲོལ་དམག་འབྲི་ཆུའི་ཕ་རོལ་གྱི་རི་རྩེར་དམག་སྒར་བརྒྱབ་ནས་བཅའ་སྡོད་བྱས་པ་གྲོང་མི་ཚོས་མཐོང་ཡང་བོད་དམག་ལ་སྙན་སེང་ཞུ་མཁན་གཅིག་ཀྱང་བྱུང་མེད་ཅེས་བརྗོད།

    བཅིངས་འགྲོལ་དམག་འབྲི་ཆུ་བརྒལ་བའི་དགོང་མོ་དེར་སྐམ་ཐོག་གྲོང་རྡལ་དུ་གནས་བཅའ་ཞིང་། སྐབས་དེར་ལོ་13ལ་སླེབས་པའི་འཇམ་དབྱངས་ཚེ་རིང་གིས་ཁྱིམ་དུ་ཇ་བསྲུབས་པ་དང་ཆུ་བསྐོལ་ནས་བཅིངས་འགྲོལ་དམག་མིར་བསྐྱལ། ཉིན་གཉིས་པའི་ཞོགས་པ་སྔ་པོ་ནས་དཔུང་སྡེ་ཐོན་ཁར་དམག་ཆས་རྙིང་པ་འགའ་དང་ལྟོ་ཆས་ཁ་ཤས་ཁོང་ལ་དྲིན་གསོ་ཆེད་སྤྲད་པས་འཇམ་དབྱངས་ཚེ་རིང་སེམས་འགུལ་ཆེན་པོ་ཐེབས།

    དུས་དེར་འཇམ་དབྱངས་ཚེ་རིང་གིས་འདུན་པ་ཞིག་བཅངས་པ་སྟེ་གུང་ཁྲན་ཏང་ནང་ཞུགས་རྒྱུ་དེ་རེད། ལོ་ཤས་ཀྱི་འབད་བརྩོན་བརྒྱུད་1958ལོའི་ཟླ་5པར་འཇམ་དབྱངས་ཚེ་རིང་གིས་ཏང་རྩ་འཛུགས་ལ་ཏང་ནང་ཞུགས་རྒྱུའི་ཞུ་ཡིག་དངོས་སུ་ཕུལ་བ་དང་1959ལོའི་ཟླ་1ཚེས་1ཉིན་གུང་ཁྲན་ཏང་ནང་དངོས་སུ་ཞུགས་པ་རེད། ཁོང་གིས“སྐབས་དེ་དུས་རང་ཉིད་གྲོང་ཚོའི་ནང་གཟི་བརྗིད་ལྡན་པའི་མི་ཞིག་ཡིན”ཞེས་སྤོབས་པ་ཆེན་པོས་བརྗོད།

    དམངས་གཙོའི་བཅོས་སྒྱུར་བྱེད་སྐབས་འཇམ་དབྱངས་ཚེ་རིང་གིས་རྟག་ཏུ་མང་ཚོགས་ཀྱི་ཆེད་དུ་ལས་དོན་བསྒྲུབས་ཤིང་། ཁོང་གང་དུ་ཡོད་ཚེ་དེ་གར་ཏང་དར་ཡོད་པ་དང་། ཁོང་གང་དུ་ཡོད་ཚེ་དེ་གར་ཏང་གི་གཟི་བརྗིད་མངོན་གྱི་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་དང་འདྲ་བར་འཇམ་དབྱངས་ཚེ་རིང་ལ་ཡང་བཅིངས་འགྲོལ་ཐོབ་ནས་ས་ཞིང་བགོ་བཤའ་རག་པ་མ་ཟད་ཡར་ལངས་བྱུང་ནས་བདག་པོར་གྱུར། ཡིན་ནའང་འཇམ་དབྱངས་ཚེ་རིང་གིས་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་སུ་ཞིག་གིས་སྦྱིན་པ་ནམ་ཡང་བརྗེད་མྱོང་མེད། ཁོང་གིས“ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་ཞིང་བྲན་ལ་བཅིངས་འགྲོལ་གཏོང་ཆེད་དཀའ་སྤྱད་འབད་བརྩོན་གནང་བ་བརྗེད་མྱོང་མེད་ལ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ཞིང་བྲན་ལ་གཉའ་གནོན་དང་ཁྲལ་འུ་ལག་རྒྱུག་དུ་འཇུག་མཁན་ཞིང་བྲན་བདག་པོ་མཐར་སྐྲོད་བཏང་བའི་རྣམ་པ་དེ་བས་ཀྱང་བརྗེད་མྱོང་མེད”ཅེས་བརྗོད།

    རྗེས་སུ་འཇམ་དབྱངས་ཚེ་རིང་དེ་སྔའི་སྐམ་ཐོག་ཤང་གི་གདན་ཞུའི་ལས་བྱེད་པ་ཞིག་ཏུ་གྱུར་བ་དང་2000ལོར་སྐམ་ཐོག་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ནས་རྒན་ཡོལ་ཞུས་ཤིང་། ལོ་40ཡི་རིང་ཁོང་གིས་ཏང་ཡོན་གྱི་ཐོབ་ཐང་ནམ་ཡང་མི་བརྗེད་པར་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་ནན་ཏན་གྱིས་བྱ་གཞག་ཁག་ལ་ཧུར་ཐག་ཞུགས་པས་སྐམ་ཐོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཆེས་ཆེར་ཕྱིན་ཡོད། རྒན་ཡོལ་ཞུས་རྗེས་སྐམ་ཐོག་ཤང་གི་གདན་ཞུའི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཁོང་གིས་སྔར་རྒྱུན་བཞིན་མང་ཚོགས་ཀྱི་ཆེད་དུ་རང་ཉིད་ཀྱིས་བསྒྲུབ་ཐུབ་པའི་ལས་དོན་གང་ཐུབ་ཅི་ཐུབ་ཀྱིས་སྒྲུབ་ཀྱི་ཡོད།

    ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་རྗེས་འཇམ་དབྱངས་ཚེ་རིང་རང་འགུལ་ངང་སྐམ་ཐོག་གྲོང་རྡལ་འཛམ་རོལ་གྲོང་ཚོའི“ཨུ་ལྷན་གཉིས”ལ་བསྐྱོད་དེ་གྲོང་ཚོ་རིམ་པའི་ཏང་གི་སྲིད་ཇུས་སྒྲོག་འགྲེལ་རུ་ཁག་དང་གྲོང་ཚོ་རིམ་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པའི་ནང་ཞུགས་རྒྱུའི་རེ་ཞུ་བྱས། ཁོང་གིས་གོ་བདེ་ཤེས་སླའི་སྐད་ཆ་དང་སྣ་མང་ཕུན་སུམ་ཚོགས་པའི་བྱ་ཐབས་སྤྱད་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བྱས་པ་མ་ཟད། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”དང“སྣང་ཆེན་བཞི་དང་དགའ་ཞེན་བཞི” བོད་གསར་རྙིང་བསྡུར་བ་སོགས་ཀྱི་སྒྲོག་འགྲེལ་ལས་དོན་ལ་རམ་འདེགས་ཀྱང་བྱས་ཡོད།

    འཇམ་དབྱངས་ཚེ་རིང་གིས་དུས་དང་རྣམ་པ་ཀུན་ཏུ་གྲོང་སྡོད་ལས་དོན་རུ་ཁག་དང་སློབ་མ་ཚོར“རང་ཉིད་གུང་ཁྲན་ཏང་ནང་ཞུགས་དོན་ནི་ཏང་གིས་བོད་ཀྱི་མང་ཚོགས་ཚོར་འཕེལ་རྒྱས་དང་། བདེ་སྐྱིད་བསྐྲུན་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་ལ་གུང་ཁྲན་ཏང་ནི་མི་དམངས་དཀའ་སྡུག་ཁྲོད་ནས་སྐྱོབ་མཁན་གྱི་སྲིད་ཏང་ཡག་པོ་ཞིག་ཡིན་པས་རེད། དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60སོང་རིང་ངས་བོད་ཀྱི་སྤྱི་ཚོགས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། གོས་ཀྱི་ལུས་པོ་མི་དྲོད་པ་དང་། ལྟོས་གྲོད་པ་མི་རྒྱགས་པ། སྡོད་སའི་ཁང་པ་མེད་པ་བཅས་ལོ་རྒྱུས་སུ་གྱུར་བ་མིག་མཐོང་ལག་ཟིན་བྱུང་བས་འགྱུར་ལྡོག་དེ་དག་ཚང་མ་ནི་ཏང་གི་འགོ་ཁྲིད་ལས་བྱུང་བ་ཞིག་རེད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།