དབུ་ཤོག>ཆེད་སྒྲིག
  • རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་འགན་འཁྲི་དང་ལས་འགན་གཙོ་བོར་གཞི་ཚུགས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-13

    ཚེས་10ཉིན། 2019ལོའི“རྒྱུད་གཅིག་ལམ་གཅིག”ཀྲུང་གོའི་ལྷ་སའི་རྒྱལ་སྤྱིའི་བྲག་འཛེག་མཁས་པའི་འགྲན་བསྡུར་བྱེད་འགོ་ཚུགས་ཤིང་། དེ་ནི་རང་ལྗོངས་ཀྱིས་གཉེར་བའི་རིམ་པ་མཐོ་ཤོས་ཀྱི་རྒྱལ་སྤྱིའི་རྩལ་འགྲན་ལུས་རྩལ་འགྲན་བསྡུར་ཞིག་ཡིན་ལ། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གསར་འབྱེད་རང་བཞིན་སྒོ་ནས་ལུས་རྩལ་ལས་དོན་སྤེལ་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་དང་རང་ལྗོངས་ཀྱི་ལུས་རྩལ་བྱ་གཞག་ཟུང་འབྲེལ་དམ་ཟབ་བྱས་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད།

    རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་པེ་ཅིང་ཤིང་ནེང་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་ཨོ་རྩལ་འགྲན་ཚོགས་ཐོག་ཨང་དང་པོ་ལེན་མཁན་སྒྲིག་འཛུགས་བྱས་ཏེ་བོད་དུ་བསྐྱོད་ནས“ཨང་དང་པོས་སློབ་སྐྱོར་བྱེད་པའི”བྱེད་སྒོ་གོ་སྐབས་སུ་བཟུང་སྟེ་ཁོངས་གཏོགས་ཀྱི་ཏང་ཡོན་དང་ལས་བྱེད་པ་ཡོངས་དང་། ལུས་རྩལ་པ། རྩལ་ཁྲིད་པ། ལུས་རྩལ་སློབ་གྲྭའི་སློབ་མ་བཅས་བསྡོམས་མི་500ལྷག་ཙམ་སྒྲིག་འཛུགས་བྱས་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང“ཚང་མས་ལུས་རྩལ་གྱི་སྐོར་གླེང་། ཨང་དང་པོ་དང་ངོ་འཕྲད་བྱེད”ཅེས་པའི་བྱེད་སྒོ་སྤེལ་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་ལུས་རྩལ་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་ཨང་དང་པོའི་འཛིན་གྲྭའི་སློབ་མར་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་རེད། ཨོ་རྩལ་འགྲན་ཚོགས་ཀྱི་རྐྱལ་མཆོང་གི་ཨང་དང་པོ་ལེན་མཁན་ཀའོ་མིང་དང་། ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་ཨང་དང་པོ་ལེན་མཁན་ཝང་ལི་ཕིང་། འཛམ་གླིང་སྦེ་གའི་འགྲན་བསྡུར་གྱི་ཨང་དང་པོ་ལེན་མཁན་ཤི་ལོག་སྒྲོལ་མ་སོགས་གྲགས་ཅན་ལུས་རྩལ་པ་8ཀྱིས་ལུས་རྩལ་བའི་ཕུགས་བསམ་དང་། ཐོག་མའི་བསམ་འདུན། འགན་འཁྲི་སོགས་འགག་རྩར་དམིགས་ནས་རང་ཉིད་ལུས་རྩལ་བྱ་གཞག་ཁྲོད་ཞུགས་པ་དང་འཚར་ལོངས་ཀྱི་བརྒྱུད་རིམ་མཉམ་སྤྱོད་བྱས་པ་མ་ཟད། ས་གནས་ས་ཐོག་ཏུ་ལྟད་མོ་བས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་བཏབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།