དབུ་ཤོག>ཆེད་སྒྲིག
  • ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་10པས་བོད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་གནས་ཚུལ་སྙན་སེང་གསན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-12

     ཚེས་9ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གིས་ལྷ་སར་གནས་ཚུལ་སྙན་སེང་ཚོགས་འདུ་འཚོགས་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་10པར་རང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་གྱི་འཕེལ་རིམ་གནས་ཚུལ་སྙན་སེང་ཞུས་པ་མ་ཟད། མཛུབ་ཁྲིད་ཚོགས་ཆུང་གི་བསམ་འཆར་དང་གྲོས་འགོའང་གསན་པ་རེད།

    ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་10པའི་ཙུའུ་ཀྲང་གཞོན་པ་ཀྲང་པའེ་རུའུ་ཡིས་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཕེབས་པ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆིས་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཚབ་ཞུས་ཏེ་སྙན་སེང་ཞུས་པ་རེད།

    ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་10པས་རང་ལྗོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་ཐོབ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་15པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་སློབ་སྦྱོང་སློབ་གསོ་མུ་མཐུད་གཏིང་ཟབ་ཕྱོགས་སུ་སྤེལ་དགོས་པ་དང་། སློབ་སྦྱོང་བྱེད་ཀྱིན་དག་ཐེར་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་གི་བླང་བྱ་དང་། ལྗོངས་བབ་ཀྱི་དོན་དངོས། མི་སྒེར་གྱི་བསམ་བློ། ལས་ཀའི་དོན་དངོས་བཅས་དང་ཟུང་འབྲེལ་བྱས་ཏེ་གནད་དོན་དང་ལྷག་པར་དུ་བསམ་བློའི་རྩ་བའི་གནད་དོན་གནད་ལ་སྨིན་པའི་ངང་བཙལ་འཚོལ་བྱེད་པ་དང་། སྒུག་རྟེན་འགྱངས་གསུམ་མི་བྱེད་པར་རིམ་པ་བཞིན་དག་ཐེར་བྱེད་པ།  མི་དམངས་མང་ཚོགས་ཀྱི་སེམས་ཁྲལ་སེལ་བའི་ཕན་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་བརྟག་བཤེར་བཅས་བྱས་ཏེ་ཕྱིའི་འཇིག་རྟེན་ལ་སྒྱུར་བཀོད་བྱེད་དགོས་པ་མ་ཟད། རང་ངོས་འཇིག་རྟེན་ལའང་སྒྱུར་བཀོད་བྱེད་དགོས། ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ལ་དམ་འཛིན་དང་། མནོ་བསམ་གཏིང་ཟབ་དང་བརྟག་ཞིབ་ལ་ཤུགས་སྣོན། གནད་དོན་གསེད་བཀྲོལ་དང་རྩིས་ཐོ་བཟོ་བ་བཅས་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་གཏན་འགོག་དང་སེལ་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་དང་རྣམ་པ་ཟབ་མོ་བཏོད་དེ་མི་དམངས་མང་ཚོགས་ཚོས་བརྗོད་དོན་གཙོ་བོའི་སློབ་གསོའི་རྩ་བའི་ལས་འགན་དང་། སྤྱིའི་བླང་བྱ། འཕེལ་རིམ་གནས་ཚུལ། ཐོན་པའི་ཕན་འབྲས་བཟང་པོ་བཅས་དུས་ཐོག་ཏུ་ཤེས་རྟོགས་བྱས་ཏེ་མང་ཚོགས་ཚོས་བརྗོད་དོན་གཙོ་བོའི་སློབ་གསོར་མོས་པར་བྱེད་དགོས་ཞེས་བསྟན་པ་རེད།

    ཏིང་ཡེ་ཤན་གྱིས་བོད་ཀྱིས་ངེས་པར་དུ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་10པའི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་གཏན་འཁེལ་བཀོད་སྒྲིག་གཞིར་བཟུང་། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོར་གཏོང་དང་ལས་འགན་གྱི་བླང་བྱར་དམ་པོར་དམིགས་ཏེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བར་ཁྲིད་སྟོན་དང་སྐུལ་ལྕག་བྱེད་པ་དང་། རྩ་བའི་ལས་འགན་ལ་སྔར་བས་དམིགས་ཏེ་སློབ་བསམ་སྤྱོད་གསུམ་འབྲེལ་མཐུད་དང་ཤེས་དད་ལེན་གསུམ་གཅིག་གྱུར་མཐའ་འཁྱོངས་ཀྱིས་སློབ་སྦྱོང་གི་ཕན་འབྲས་རྣམས་ཏང་གཤིས་ཆེར་གཏོང་དང་། འཇོན་ཐང་ཆེར་གཏོང་། སྤྱོད་ཚུལ་ལེགས་གཏོང་། ལས་དོན་ལ་ཡར་སྐུལ་བཅས་ཀྱི་ཐད་མངོན་པར་བྱེད་པ། བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་དག་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི་ཐད་མངོན་པར་བྱས་ཏེ་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན། ལས་ཀའི་མཉམ་ཤུགས་ཆགས་པ་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་ཞིབ་ཕྲ་དང་། དམ་འཛིན་ཏན་ཏིག ཕན་འབྲས་དངོས་ལ་དམ་འཛིན་བཅས་བྱེད་དགོས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།