དབུ་ཤོག>ཆེད་སྒྲིག
  • ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་10པས་རང་ལྗོངས་ཀྱི་ཚན་པ་ཁག་གཅིག་གི་བརྗོད་དོན་གཙོ་བོའི་སློབ་གསོའི་གནས་ཚུལ་སྙན་སེང་གསན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-12

    ཚེས་10ཉིན་གྱི་སྔ་དྲོ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་10པས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན། ལྗོངས་ཏང་ཨུད་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་། ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་། ལྗོངས་སྤྱི་བདེ་ཐིང་བཅས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་སྤེལ་ཚུལ་སྙན་སེང་གསན་པ་མ་ཟད། འབྲེལ་ཡོད་ཀྱི་མཛུབ་ཁྲིད་བསམ་འཆར་ཡང་བཏོན་པ་རེད། 

    ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་10པའི་ཙུའུ་ཀྲང་གཞོན་པ་ཀྲང་པའེ་རུའུ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་རྣམ་འགྱུར་སྟོན་པའི་གསུང་བཤད་གནང་བ་རེད། 

    ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་10པས་ཚན་པ་ལྔ་ཡིས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་སྤེལ་རིང་ཐོབ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་15པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་ལེན་རྒྱུ་གཙོ་གནད་དུ་འཛིན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། ཆབ་སྲིད་ཀྱི་ནུས་པ་དང་བསམ་གཞིག་གི་ནུས་པ་ཆེ་རུ་བཏང་སྟེ་སློབ་སྦྱོང་དང་སློབ་གསོ་མུ་མཐུད་གཏིང་ཟབ་ཕྱོགས་སུ་སྤེལ་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་དག་ཐེར་དང་། སློབ་སྦྱོང་བྱེད་ཀྱིན་དག་ཐེར་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་གི་བླང་བྱ་དང་། ལྗོངས་བབ་ཀྱི་དོན་དངོས། མི་སྒེར་གྱི་བསམ་བློ། ལས་ཀའི་དོན་དངོས་བཅས་དང་ཟུང་འབྲེལ་བྱས་ཏེ་གནད་དོན་གནད་སྨིན་ངང་འཚོལ་ཞིབ་བྱེད་པ་དང་གནད་དོན་རེ་རེ་བཞིན་དག་ཐེར་བཅོས་སྒྲིག་བྱས་ནས་སློབ་གསོ་དག་ཐེར་བརྒྱུད་མི་སེར་ཚོའི་རེ་སྒུག་ལ་འབྲས་བུ་ཐོབ་པ་བྱེད་དགོས་ཞེས་བསྟན་པ་རེད། 

    ཧོ་ཝུན་ཧའོ་ཡིས་སྲིད་ཁྲིམས་ཨུ་ལྷན་ཁོངས་གཏོགས་ཀྱི་ཚབ་ཞུས་ནས་རྣམ་འགྱུར་སྟོན་པའི་གསུང་བཤད་གནང་སྐབས། ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་10པས་བཏོན་པའི་མཛུབ་ཁྲིད་བསམ་འཆར་ལ་དམིགས་སའི་རང་བཞིན་ཆེ་བ་དང་གནད་དོན་ཤེས་རྟོགས་ཐུབ་ཚད་གནད་ལ་འཁེལ་བས་བོད་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ལ་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་སྤེལ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་10པའི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་ཧེ་བག་ཡང་དག་བཙལ་འཚོལ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་དང་སྲིད་ཁྲིམས་ལས་དོན་ཁག་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། འགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐོག་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་དེ་བོད་ཀྱི་སྲིད་ཁྲིམས་ལས་དོན་ཁྲོད་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་ཞེས་བསྟན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།