ཚད་གཞི་མཐོ་པོས་བཀོད་སྒྲིག་ལ་དམ་འཛིན་དང་། ཁྱད་ལྡན་བཏོད་དེ་དོན་འཁྱོལ་ལ་དམ་འཛིན། བྱ་སྤྱོད་དངོས་ལ་བརྟེན་ནས་བརྟག་ཞིབ་ལ་དམ་འཛིན་བཅས་ཉིན་ཤས་བསྟུད་མར་ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམིགས་ཏེ་དངུལ་ཁང་ཡོངས་ཀྱི་གོང་འོག་ཚང་མར་སྤྲོ་སེམས་རབ་འཕེལ་དང་བསམ་བློའི་འཁྱེར་སོ་ཡག་པོར་བརྟེན་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོར་ཧུར་ཐག་ཞུགས་ཏེ་ཉིང་ལག་དངུལ་ཁང་གི་ཐོག་མའི་བསམ་འདུན་བརྟན་སྲུང་གིས་དངུལ་རྩའི་དབུལ་སྐྱོར་གྱི་འགན་འཁྲི་དང་ལས་འགན་འཁུར་ཕོད་པ་བྱ་རྒྱུའི་འབོད་སྐུལ་བྱས་ཡོད།
བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཏན་ཏིག་ངང་སྤེལ་ཆེད། དངུལ་ཁང་དེས་དུས་ཐོག་ཏུ་ཏང་ཨུད་ཀྱི་རྒྱ་ཆེའི་ཚོགས་འདུ་འཚོགས་ཏེ་སྙིང་སྟོབས་སློབ་སྦྱོང་དང་། བྱེད་ཐབས་གཏན་འཁེལ། ཆེད་དོན་ཚན་ཁག་གཏན་འཁེལ། བླང་བྱ་གཏན་འཁེལ་བཅས་བྱས་ཏེ་སྔ་རྗེས་སུ་ཏང་ཨུད་ཀྱི་ཚོགས་འདུ་ཐེངས་2དང་ལས་རིགས་ཚོགས་འདུ་ཐེངས་3འཚོགས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་མ་ཟད། ཚད་གཞིར་ཡང་ཡང་བསྡུར་བའི་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱེད་དགོས་ལུགས་གསལ་བཤད་ཀྱང་བྱས་ཡོད།
བརྗོད་དོན་གཙོ་བོའི་སློབ་གསོ་དང་ལས་སྒོའི་འཕེལ་རྒྱས་ཕྱོགས་གཉིས་ཀར་དམ་འཛིན་དང་ཕྱོགས་གཉིས་ཀར་དམ་འཛིན་ལྷོད་མེད་མཐའ་འཁྱོངས་བྱས་ཤིང་། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་དང་ལས་སྒོ་གཞན་སྒྱུར་རིམ་སྤོར་ལ་དམིགས་ཏེ་དངུལ་ཁང་དེའི་འགོ་ཁྲིད་པ་གཙོ་བོ་དང་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་རང་འགུལ་ངང་རང་སྐྱོང་ལྗོངས་དང་ནས་དང་འབྲི་གཡག་དང་ཡུལ་སྐོར་དབུལ་སྐྱོར་སོགས་ཐོན་ལས་འཕེལ་རྒྱས་དང་དམངས་འཚོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གལ་ཆེན་དང་འབྲེལ་མཐུད་བྱས་ནས་བརྗོད་དོན་གཙོ་བོའི་ཕན་པ་ཞིང་སྐྱོར་ཞིང་ཕན་དང་། དབུལ་སྒྲོལ་འགག་སྒྲོལ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐད་དངོས་འབྲེལ་ཐོན་པ་བྱས་ཡོད། ཟླ་5པའི་ཟླ་དཀྱིལ་ཚུན་དུ་རིམ་རྩིས་བྱས་ན་དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར་21.36ཞིབ་བཤེར་ཆོག་མཆན་བཀོད་ནས་སྤྲད་དེ་དངུལ་རྩའི་དབུལ་སྐྱོར་གྱི་སྟོབས་ཤུགས་གཙོ་བོའི་གདོང་ལེན་དཔེ་བཟང་གི་གནས་བབ་སྔར་བས་བརྟན་དུ་བཏང་ཡོད།
སྒོ་དབྱེ་གསལ་འདེབས་ཀྱི་གནད་དོན་ཐག་གཅོད་མཐའ་འཁྱོངས་བྱས་ཤིང་། དངུལ་ཁང་དེས་བསམ་འཆར་ཡིག་སྒམ་ཧུར་ཐག་བཟོས་ནས་མང་ཚོགས་ཀྱི་བསམ་འདུན་ཉན་པ་དང་འགོ་ཁྲིད་གཙོ་བོ་དང་། ཚན་ཁག་གི་ཁོངས་མི། དེ་བཞིན་འབྲིང་རིམ་ལས་བྱེད་པ་བཅས་དབར་སྐད་ཆ་ཤོད་རེས་དང་། ཚན་ཁག་གི་ཁོངས་མི་དང་ལས་འགན་ཁག་བགོས་སྡེ་ཚན་དབར་སྐད་ཆ་ཤོད་རེས། བོད་སྐྱོར་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་དོགས་གཞི་སེལ་བ་བཅས་བྱས་ནས་བསམ་འཆར་དང་གྲོས་འགོ་སྣ་ཚོགས་19བསྡུ་རུབ་བྱས་པ་རེད།
བརྟག་དཔྱད་ཞིབ་འཇུག་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ཤིང་། དངུལ་ཁང་དེའི་ཏང་ཨུད་ཚན་ཁག་གིས་སྣེ་ཁྲིད་དེ་བརྟག་དཔྱད་ཞིབ་འཇུག་གི་ལས་དོན་སྤེལ་བ་དང་། ལྷོ་ཁ་དང་། ཉིང་ཁྲི། ཆབ་མདོ་སོགས་ས་གནས་ཁག་ཏུ་ཐོན་ལས་དབུལ་སྐྱོར་གྱི་བརྟག་ཞིབ་ལས་དོན་སྤེལ་ནས་གནད་དོན་དངོས་འཚོལ་ཞིབ་དང་། བྱེད་ཐབས་དངོས་འདོན་པ། དཀའ་ངལ་དངོས་སེལ་བ་བཅས་བྱས་པར་རིམ་རྩིས་བྱས་ན་ཚོང་གཉེར་རྣམ་གྲངས་22དང་འབྲེལ་མཐུད་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་400ལྷག་ཙམ་བསྡུ་སྒྲིལ་ནུས་ལྡན་བྱས་ཡོད།