དབུ་ཤོག>ཆེད་སྒྲིག
  • ཐོག་མའི་བསམ་འདུན་མ་བརྗེད་པར་དབུལ་པོའི་རྩ་བ་དྲུངས་ནས་འབྱིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-08

    ཐོག་དཔངས་དམའ་བའི་ས་ཕག་གི་ཁང་པ་དང་། གུར་ཐག་གང་སར་འཐེན་པའི་སྦྲ་གུར། ཀྱག་ཀྱོག་གི་འཕྲང་ལམ་དོག་པོ་བཅས་ནི་སྔོན་ཆད་ཀྱི་སྙན་རོང་རྫོང་སེ་ཆེན་ཤང་ཕག་གཡུ་གྲོང་ཚོ་ཡིན་ཞིང་། གྲོང་ཚོ་དེའི་མིང་གཞན་ལ་སྤྲང་པོའི་གྲོང་ཚོ་ཞེས་ཟེར་གྱི་ཡོད།

    ཕག་གཡུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ངག་བུས་ལས་འགན་འཁུར་ཚུན། ཁོང་གིས་གཞི་རིམ་ཏང་འཛུགས་སྐྱོང་ལ་དམ་འཛིན་ལྷོད་མེད་བྱས་ཏེ་བསམ་བློའི་སློབ་གསོ་དང་རྩ་འཛུགས་ཀྱི་ཁྲིད་སྟོན་བརྒྱུད་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཏང་ཡོན་ལ་འབོད་སྐུལ་བྱས་ཏེ་སྲིད་ཇུས་དང་ཁྲིམས་སྲོལ་གསལ་འགྲེལ་བྱེད་པ། འགལ་ཟླ་དང་རྩོད་གཞི་སེལ་བ། ཏང་ཡོན་སྒྲིག་འཛུགས་ཀྱིས་གྲོང་ཚོར་གཙང་སྦྲ་བྱེད་པ་དང་ཁོར་ཡུག་མཛེས་བཟོ་བྱེད་པ་བཅས་ཀྱི་ཐོག་ནས་གུང་ཁྲན་ཏང་ཡོན་གྱི་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཡོད།

    “ཏང་ཡོན་ནི་མི་དམངས་ལ་ཞབས་འདེགས་ཞུ་མཁན་ཡིན་ཞིང་། དེའི་ཆབ་སྲིད་ཀྱི་བྱང་ཚད་དང་ཤེས་བྱ་གསོག་འཇོག་བྱེད་ཚད་དེ་མང་ཚོགས་དཀྱུས་མ་ལས་མང་བ་ཡོད། ‘རྒྱུད་རོགས་ཁྲིད་གསུམ’གྱི་ནུས་པ་འདོན་སྤེལ་བྱེད་པ་བརྒྱུད་གྲོང་ཚོ་ཡོངས་ཀྱི་གྲོང་མིའི་བསམ་བློ་རྡོག་རྩ་གཅིག་ཏུ་སྒྲིལ་བ་དང་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་འགན་འཁྲི་ཡོད་ལ་འོས་འགན་ཡང་ཡོད”ཅེས་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་སེ་ཆེན་རྫོང་ཕག་གཡུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ངག་བུས་བརྗོད།

    ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གི་ལས་དོན་ཡོངས་རྫོགས་དང་འཐབ་འཛིང་ནུས་པའི་རྨང་གཞི་ཞིག་ཡིན་པ་དང་། 2019ལོ་ནི་རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་ལོ་ཞིག་རེད། དེས་ན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱ་རྒྱུ་ནི་སྲིད་རྗེས་ཆེ་ཤོས་ཡིན་པའི་བསམ་བློ་བརྟན་པོར་བཙུགས་ནས་མི་ཤུགས་དང་། ནོར་ཤུགས། དངུལ་ཤུགས་བཅས་གཞི་རིམ་ལ་ཕྱོགས་རྒྱུ་མཐའ་འཁྱོངས་བྱེད་པ་དང་འབྲེལ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་གོ་སྐབས་སུ་བརྩི་བ་དང་། རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ་དང་ཆབ་སྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་ཡོང་བ་བྱེད་པ། ཚད་ལྡན་ཅན་གྱི་འཛུགས་སྐྱོང་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་རྒྱས་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་སྔར་བས་བརྟན་དུ་སོང་ཡོད།

    གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་རྨང་གཞི་བརྟན་དུ་བཏང་བ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྐྱོར་གསར་སྤེལ་དེ་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་དང་ཟུང་འབྲེལ་དམ་ཟབ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་དེ་མང་ཚོགས་ཀྱི་སྣེ་ཁྲིད་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་བྱེད་པའི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

    ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་རྒྱ་ཤིང་ཤང་རྒྱ་ཤིང་གྲོང་ཚོའི་ཚེ་རིང་ཆོས་འཛོམས་བཟའ་ཚོ་གཉིས་ཀྱི་ངོས་ནས་བརྗོད་ན། ཏང་ཀྲི་པུའུ་ནི་ཁོང་ཚོའི་དྲིན་ཅན་རང་རེད། ཁོང་གཉིས་དེ་སྔ་རྒྱ་ཤིང་གྲོང་ཚོའི་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་། རྒྱ་ཤིང་གྲོང་ཚོའི་ཏང་ཀྲི་པུས་དུད་ཚང་དུ་འཚམས་འདྲི་བྱེད་པར་སྐྱོད་སྐབས་ཁོང་གཉིས་ལ་བོད་ཀྱི་གསོ་བ་རིག་པའི་ཆེད་ལས་ཀྱི་སློབ་རྒྱུས་ལྡན་པ་ཤེས་རྟོགས་བྱུང་བས་ཁོང་གཉིས་ལ་རང་ངོས་ཀྱི་ལག་རྩལ་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་སྐུལ་ལྕག་གིས་སྨན་རྩིས་ཁང་གི་ལས་དོན་མི་སྣས་ཁོང་ཚོར་གསོ་སྦྱོང་བྱ་རྒྱུའི་འབྲེལ་གཏུག་བྱས་པ་མ་ཟད། དབུལ་སྐྱོར་དངུལ་བུན་སྒོར་ཁྲི་5རེ་ཞུ་བྱས་ནས་ཁོང་ཚོར་རྒྱ་ཤིང་ཤང་དུ་བོད་ཀྱི་གསོ་བ་རིག་པའི་སྒོ་བསྟེན་སྨན་ཁང་ཞིག་འཛུགས་རོགས་བྱས་པ་རེད།

    ད་ཆ་ཚེ་རིང་ཆོས་འཛོམས་ཁྱིམ་གྱི་དཔལ་འབྱོར་ཆ་རྐྱེན་རིམ་བཞིན་ལེགས་སུ་ཕྱིན་པ་དང་། ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་བ། དབུལ་ཞྭ་ཕུད་པའི་ཁར་རྟག་ཏུ་ཏང་ཡོན་རྒན་གྲས་དབུལ་པོ་དང་དུད་ཚང་དབུལ་པོར་སྨན་རིན་མི་དགོས་པར་སྨན་བཅོས་ཞབས་འདེགས་ཞུས་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་གྱི་ཡོད་པ་རེད།

    གྲོང་གསེབ་ཕྱུག་པོར་འགྱུར་མིན་གྱི་འགག་རྩ་ནི་ཀྲི་པུའུ་ལ་ཐུག་ཡོད། རང་ལྗོངས་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་གཞི་རིམ་ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཀྱི་ཀྲི་པུའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་ཡོང་བར་བྱས་ཡོད།

    རང་ལྗོངས་ཀྱིས་ད་དུང“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་སྟོབས་ཤུགས་འཐུས་སྒོ་ཚང་དུ་ཧུར་ཐག་བཏང་ནས་ལས་ཞུགས་མ་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་། དམག་ཁོངས་ནས་ཕྱིར་ལོག་པའི་ཕུལ་བྱུང་དམག་མི། ཕ་ཡུལ་དུ་ལོག་ནས་ལས་གཏོད་ཕྱུག་འགྱུར་གྱི་སྣེ་ཁྲིད་པ། རྫོང་དང་ཤང་གི་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་དོན་མི་སྣ་བཅས་ཀྱི་ཁྲོད་ནས་གྲོང་ཚོའི(གྲོང་ལྷན)ལས་བྱེད་པ་གདམ་གསེས་བྱས་ཡོད། གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ནང་སར་གསོ་སྦྱོང་དུ་གཏོང་བའི་འཆར་གཞི་ལག་བསྟར་བྱས་ནས་རིམ་དབྱེའི་འགན་འཁུར་བྱེད་སྟངས་སྤྱད་དེ་ལོ་3ནང་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ནང་སར་རེས་མོས་ངང་གསོ་སྦྱོང་ལ་བཏང་ཞིང་། མིག་སྔར་རང་སྐྱོང་ལྗོངས་ཀྱིས་དཔེ་སྟོན་འཛིན་གྲྭ་དུས་ཐེངས་4གཉེར་ནས་མི་260གསོ་སྦྱོང་བྱས་པ་དང་། ས་ཁུལ་དང་རྫོང་གིས་གསོ་སྦྱོང་དུས་ཐེངས་24གཉེར་ནས་མི་900ལྷག་ཙམ་གསོ་སྦྱོང་བྱས་ཡོད།

    དེ་དང་ཆབས་ཅིག ལས་ཁུངས་སྒྱུར་བཅོས་ཁྲོད་ཏང་རྩ་འཛུགས་འཐུས་སྒོ་ཚང་དུ་བཏང་ནས་ལས་ཁུངས་སྒྱུར་བཅོས་དང་འབྲེལ་བ་ཡོད་པའི་ལྗོངས་ཐད་གཏོགས་ཚན་པའི་ཏང་རྩ་འཛུགས་22ལེགས་སྒྲིག་བྱས་ཤིང་། མིག་སྔའི་བར་ལྗོངས་ཡོངས་ཀྱི་རྩ་འཛུགས་གསར་པ་གཉིས་ཀྱིས་ཏང་རྩ་འཛུགས་2160འཛུགས་སྐྱོང་བྱས་ཡོད།

    དཔུང་ཁག་གི་སྤུས་ཚད་མཐོ་རུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་རྐང་འཛིན་སྟོབས་ཤུགས་སྟོབས་ཆེར་བཏང་བ།

    “ཁོང་ནི་མི་བཟང་པོ་ཞིག་རེད་ལ། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་བྱེད་པ་ལས་ཕན་པ་ཐོབ་ཐབས་མི་བྱེད་མཁན་ཞིག་ཀྱང་རེད”ཅེས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ལྷུན་པོ་ཞོལ་ཤང་ཞོལ་རྫོང་གྲོང་ཚོའི་གྲོང་མིས་རྡོ་རྗེ་ཚེ་རིང་ལ་གདེང་འཇོག་དེ་ལྟར་བྱེད་ཀྱི་ཡོད།

    ཁ་གདན་འཐག་མཁན་གྱི་དགེ་ཕྲུག་ཅིག་ནས་ད་ཆ་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ལ་གྱུར་པའི་བར་ལོ་50ལ་སླེབས་པའི་རྡོ་རྗེ་ཚེ་རིང་གིས་གུང་ཁྲན་ཏང་ཡོན་གྱི་འགན་འཁྲི་འཁུར་སེམས་དང་། བྱ་གཞག་ལ་སྙིང་རུས་ཆེན་པོ། ཕ་ཡུལ་ལ་དགའ་ཞེན་ཚད་མེད། བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་བཅས་ལ་བརྟེན་ནས་ཞོལ་རྫོང་གྲོང་ཚོའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱས་ཡོད།

    རྡོ་རྗེ་ཚེ་རིང་གིས“ལོ་14ལ་སླེབས་སྐབས་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ཡག་པོ་མེད་པས་སློབ་ཆུང་ཐོན་རྗེས་ངས་སློབ་གྲྭར་འགྲོ་བའི་གོ་སྐབས་བློས་བཏང་ནས་ཉེ་འགྲམ་གྱི་ཁ་གདན་བཟོ་གྲྭ་ཞིག་ཏུ་འཁེལ་འཐག་ལག་རྩལ་སྦྱོང་བར་བསྐྱོད་པ་ཡིན”ཞེས་ངོ་སྤྲོད་བྱས།

    སྙིང་རུས་ཆེ་ལ་སྦྱངས་འདོད་ཀྱི་བློ་ཡོད་པར་བརྟེན་ཁ་གདན་བཟོ་གྲྭའི་ལག་རྩལ་འཇོན་ཐང་ཅན་ཞིག་ཏུ་གྱུར་པ་མ་ཟད། ཁོང་གིས་སྔ་རྗེས་སུ་ཡར་འབྲོག་ཀརྨ་གླིང་འཁེལ་འཐག་བཟོ་གྲྭ་དང་ཡར་འབྲོག་ཀརྨ་གླིང་ཞིང་འབྲོག་པའི་ཨར་ལས་རུ་ཁག་གསར་པ་བཙུགས་ཤིང་། མིག་སྔའི་བར་ཁོང་གི་མིང་ཐོག་ནས་བཙུགས་པའི་འཁེལ་འཐག་ལས་སྣོན་བཟོ་གྲྭ་དང་ཨར་ལས་རུ་ཁག་གིས་སྣ་དཀར་རྩེ་རྫོང་གི་ཞིང་འབྲོག་མང་ཚོགས་200ལྷག་ཙམ་གྱི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད། ཁོང་གི་བྱ་སྤྱོད་དངོས་ལ་མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད།

    རྡོ་རྗེ་ཚེ་རིང་གིས“གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ནས་དེ་དག་ནི་ངས་སྒྲུབ་འོས་པ་ཞིག་རེད། མི་གཅིག་ཕྱུག་པོ་ཆགས་རུང་ཕྱུག་པོར་མི་བརྩི་བར་ཚང་མ་ཕྱུག་པོ་ཆགས་ཚེ་གཞི་ནས་ཕྱུག་པོ་ཡིན། གྲོང་མི་ཚོའི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བ་མཐོང་སྐབས་བློས་གཏོང་ག་ཚོད་བྱེད་དགོས་ཀྱང་བྱེད་རིན་ཡོད་པ་ཞིག་འདུག”ཅེས་བརྗོད།

    “དམངས་ཆེད་བྱ་བ་སྒྲུབ་པའི་བློ་ཞིག་བཅངས། ཕྱོགས་གཅིག་དམངས་ཕྱུག་ཐབས་ཇུས་ལེགས་པར་བཀོད”ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ་ཏེ་ཆབ་སྲིད་ཀྱི་ཚད་གཞི་ནན་དུ་དང་ཏང་ཡོན་དཔུང་ཁག་གི་སྤུས་ཚད་མཐོ་རུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་རྐང་འཛིན་སྟོབས་ཤུགས་ཁག་གཅིག་གསོ་སྐྱོང་བྱས་ཡོད།

    གཞན་ཡང་ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་ལ་གནད་སྨིན་སྐུལ་འདེད་བཏང་སྟེ་ཁག་གཉིས་པའི་གྲོང་སྡོད་ལས་བྱེད་པ་ཁྲི་2ལྷག་ཙམ་དང་། ཁག་གསུམ་པའི་གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོ་5400ལྷག་ཙམ་གྲོང་ཚོར་ལས་ཀ་བྱེད་པར་མངགས་པས་ཁྱོན་ཡོངས་ལ་ཁྱབ་རྒྱུ་མངོན་འགྱུར་བྱུང་ཡོད། ལས་བྱེད་པའི་གྲོང་སྡོད་ས་ཚིགས་ལེགས་སྒྲིག་བྱས་ནས་རྫོང་དབུལ་པོ་19ཡི་དཀའ་ངལ་ཆེ་བ་དང་། གནད་དོན་མང་བ། ཆ་རྐྱེན་ཞན་པ་བཅས་ཀྱི་གྲོང་ཚོ(གྲོང་ལྷན)474རང་སྐྱོང་ལྗོངས་དང་། གྲོང་ཁྱེར་དང་ས་ཁུལ་གྱི་ཐོན་ཁུངས་ཀྱི་ལེགས་ཆ་མངོན་གསལ་དོད་པའི་ཚན་པར་བཀོད་སྒྲིག་བྱས་པ་མ་ཟད། ཐིང་རིམ་པའི་ལས་བྱེད་པ་55གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ལ་བཀོད་སྒྲིག་བྱས་ཏེ་དམག་འཐབ་ཀྱི་ལེགས་ཆ་གཅིག་སྡུད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི“ཐག་གཅོད་དམག་འཐབ”ཡག་པོ་བརྒྱབ་ཡོད།

    གཞི་རིམ་ཏང་རྩ་འཛུགས་ཀྱི་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་ནུས་ཤུགས་ཡོད་རྒུས་རམ་འདེགས་བྱས་པ།

    “སྡེ་ཚན་ཁག་གིས་ལས་གཏོད་ཀྱི་ལྗང་མདོག་འགྲོ་ལམ་ཤར་གཏོང་བྱས་པས་ང་ཚོ་ལས་གཏོད་པར་རོགས་རམ་ཐེངས་མང་གནང་བྱུང”ཞེས་ལོ་29ལ་སླེབས་པའི་སློབ་གྲྭ་ཆེ་མོ་བའི་ལས་གཏོད་པ་སྐར་མ་བརྩོན་འགྲུས་བཟང་པོས་ནག་ཆུ་གྲོང་ཁྱེར་དུ་ཡངས་པ་ཅན་འབྲོག་ལས་ཐོན་རྫས་ལས་སྣོན་ཕྱིར་ཚོང་ཆེད་ལས་མཉམ་ལས་ཁང་བཙུགས་པ་མ་ཟད། བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་རིག་གནས་ཉམས་ལེན་ཞབས་ཞུ་ལྟེ་གནས་ཐོག་མ་དེའང་བཙུགས་པ་རེད།

    2019ལོར་རང་ལྗོངས་ཀྱིས“ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་ནན་ཏན་ངང་སྤེལ་ཏེ་ལྗོངས་ཡོངས་ཀྱི་ཁོའོ་རིམ་པ་ཡན་གྱི་ཏང་ཡོན་ལས་བྱེད་པ་ཁྲི་13ལྷག་ཙམ་དང་མང་ཚོགས་དབུལ་པོ་ཁྲི་26ལྷག་ཙམ་དབར་ཆ་སྒྲིག་རོགས་སྐྱོར་བྱེད་སྟངས་ཤིག་ཆགས་ཡོད།

    དེ་དང་ཆབས་ཅིག རང་ལྗོངས་ཀྱིས་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི་ཏང་རྩ་འཛུགས་མུ་མཐུད་བཅོས་སྒྲིག་བྱས་ཏེ་10%ལས་མི་དམའ་བའི་བསྡུར་གྲངས་ཀྱི་ཐོག་ནས་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་ཟློག་རིམ་སྒྲིག་པ་དང་། ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་580ལྷག་ཙམ་གཏན་འཁེལ་བྱས་པ་མ་ཟད། ཏང་རྩ་འཛུགས་54ལ་བཅོས་སྒྲིག་ཀྱང་བྱས་ཡོད།

    ཏང་འཛུགས་སྐྱོང་གི་གསོན་ཤུགས་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་སྒུལ་ཤུགས་སུ་འགྱུར་བར་བྱས་ཤིང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་འོག་དང་ལས་བྱེད་པ་དང་མང་ཚོགས་ཁྲི་300ལྷག་ཙམ་གྱི་འབད་བརྩོན་འོག་ཏང་དར་དམར་པོ་གངས་ལྗོངས་ས་མཐོའི་ས་ཕྱོགས་གང་སར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་ལ་མི་རྣམས་ཀྱི་བདེ་སྐྱིད་ལྡན་པའི་འཛུམ་མདངས་ཀྱང་དེ་བས་མཚར་སྡུག་ལྡན་པ་ཞིག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།