དབུ་ཤོག>ཆེད་སྒྲིག
  • ཐོས་བསམ་མྱོང་རྟོགས་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-08

    ཉེ་ཆར། རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་དམ་འཛིན”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་ནན་པོ་ཆུད་པར་བྱས་ཏེ་བྱ་ཐབས་སྣ་ཚོགས་ཀྱི་ཐོག་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཏེ་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ། འགན་འཁྲི་དང་ལས་སྒོ་གཙོ་བོར་དམིགས་པ། བརྟག་ཞིབ་དག་ཐེར་འབུར་དུ་ཐོན་པ་བཅས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོར་གྲུབ་འབྲས་ཏན་ཏིག་ཐོབ་པའི་འགན་ལེན་བྱས་ཡོད་པ་རེད། 

    ལྗོངས་ཏང་ཨུད་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བཀོད་སྒྲིག་གཞིར་བཟུང་། ཚེས་5ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭར་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་སློབ་སྦྱོང་དང་དར་སྤེལ་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས་ཆེད་དོན་ཏང་གི་སློབ་ཚན་འཁྲིད་གནང་ཞིང་། ཁོང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་བསམ་པའི་ཚད་གཞིར་བཟུང་སྟེ་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་རྒྱལ་ཁབ་ཆེད་བྱས་རྗེས་བཞག་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་ཡག་པོ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཡག་པོ་བསྐྲུན་ཐོག་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་མ་ཡག་པོ་ཞིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།  དང་ཐོག་ཆེ་དགྲ་ལྷས་ཚང་མ་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྲིས་གནང་བའི《ཉན་ནུའུ་ཅའོ། ཅའོ་ཡུས་ལུའུ་ལ་རྗེས་དྲན་ཞུ》ཞེས་པ་སློབ་སྦྱོང་གནང་བ་དང་ཆབས་ཅིག “ཅའོ་ཡུས་ལུའུ་ནི་མའོ་ཀྲུའུ་ཞིའི་སློབ་མ་ཡག་པོ་ཞིག་དང་ཏང་གི་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་མཁན་རྣམ་དག་ཅིག་རེད”ཅེས་པ་དང་། “ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ནི་རང་རེའི་ཏང་གིས་ནམ་ཡང་མི་དོར་བའི་བསམ་པའི་ཚད་གཞི་ཞིག་ཡིན་པས་ཕུལ་བྱུང་གི་ཏང་ཡོན་དེ་བས་མང་བའི་སྣེ་ཁྲིད་དེ་འབད་འབུངས་མདུན་སྐྱོད་བྱེད་པ”དང“དུས་རབས་གསར་པར་ཞུམ་མེད་མདུན་སྐྱོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་སློབ་མ་ཡག་པོ་ཞིག་བྱེད་པ”བཅས་ཕྱོགས་གསུམ་གྱི་ཐད་ནས་ཚང་མར་ནང་དོན་ཕུན་སུམ་ཚོགས་པ་དང་། དོན་ཟབ་གོ་སླ། གསོན་ཉམས་དོད་པ་བཅས་ཀྱི་ཏང་གི་སློབ་ཚན་ཞིག་ཁྲིད་དེ་ཚང་མ་དང་མཉམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་ཚོར་བ་བྱས་ཤིང་། ཁོང་གིས“དམངས་ཞེན་དམངས་གཅེས་དང་། དཀའ་སྤྱད་འབད་འཐབ། ཚན་རིག་དང་མཐུན་པའི་བདེན་འཚོལ། དཀའ་ངལ་སྔུན་དུ་བསུ་བ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ”བཅས་ཀྱི་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་དེ་མའོ་ཙེ་ཏུང་གི་དགོངས་པ་ལས་གྲུབ་པ་དང་། བློ་མཐུན་མའོ་ཙེ་ཏུང་གིས་གཙོ་བོ་གནང་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་རྒན་རབས་ཀྱི་ཕུལ་དུ་བྱུང་བའི་ཆབ་སྲིད་ཀྱི་ཀུན་སྤྱོད་ལས་གྲུབ་པའི་སློབ་གསོ་ཡིད་དབང་འགུགས་ཤུགས་ཡིན་པས། རང་རེའི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་འདུས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཅའོ་ཡུས་ལུའུ་མིག་དཔེར་འཛིན་ནས་རྟག་ཏུ་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ལག་བསྟར་གནང་གི་ཡོད། དེས་ན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་བློ་ལ་བརྟན་པོར་བཅངས་ནས་ཚད་གཞི་དང་ཡང་ཡང་བསྡུར་ཏེ་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་སློབ་སྦྱོང་དང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”མུ་མཐུད་དར་སྤེལ་བཏང་སྟེ་དུས་རབས་གསར་པར་ཞུམ་མེད་མདུན་སྐྱོད་བྱེད་དགོས་ཞེས་གསུངས་པ་རེད། 

    ཚེས་5ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱི་མངགས་བཅོལ་ལྟར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་རྡོ་ཐོགས་ཀྱིས། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་2པ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅོ་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་ཆབས་ཅིག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་ལ་དམིགས་ནས་བོད་བརྟན་དང་བོད་སྐྲུན་བོད་དར་གྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཆེད་དོན་བགྲོ་གླེང་བྱས་པ་རེད། 

    ཚེས་5ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་གིས་ལྗོངས་སྲིད་གྲོས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་4པ་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག ཀྲུང་གུང་ཀྲུང་དབྱང་སྒྲིག་ཨུད་གཞུང་དོན་ཐིང་གི《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པའི་སྐོར་གྱི་ལས་ཀའི་བསམ་འཆར》བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་མ་ཟད། “མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་རྒྱུར”དམིགས་ནས་གྲོས་བསྡུར་བྱས་པ་རེད། 

    ཚེས་5ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་གིས་ལས་ཁུངས་ཀྱི་ཏང་ཡོན་80ལྷག་ཙམ་གྱི་སྣེ་འཁྲིད་དེ་ཞོལ་གྲོང་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བྱས་ནས་བོད་གསར་རྙིང་བསྡུར་བའི་སློབ་གསོ་སྤེལ་བ་དང་སྦྲགས། ཐོག་མའི་བསམ་འདུན་དང་འགན་འཁྲི་བསྐྱར་དྲན་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་ཚན་གལ་ཆེན་ཞིག་འཁྲིད་པ་རེད། གངས་ལྗོངས་དབྱིག་ནོར་ཁང་དང་། ཞོལ་བཙོན་ཁང་། ཞོལ་པ་ལས་ཁུངས་སོགས་སུ་ལྟ་སྐོར་བྱེད་སྐབས། ཏང་ཡོན་ལས་བྱེད་པ་ཚོས་འགྲེལ་བཤད་ནན་ཏན་ཉན་པ་དང་། འགྲོ་མཚམས་ཡང་ཡང་བཞག་ནས་འགྲེམས་དངོས་ལ་ཞིབ་ཕྲ་བལྟས་པ་རེད། ཚང་མས་བོད་ལྗོངས་ནི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་བླ་ན་མེད་པའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། 

    ཚེས་4ཉིན། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱིས་ལོ་80ལ་སླེབས་པའི་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཧོ་ཙུང་དབྱིང་གདན་དྲངས་ཏེ་ཆེད་དོན་སྙན་ཞུ་འཚོགས་ཤིང་། ཧོ་ཙུང་དབྱིང་གིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ལ་དམིགས་ཏེ་ཏང་གི་གསོ་སྐྱོང་འོག་རང་ཉིད་ཀྱི་འཚར་ལོངས་བརྒྱུད་རིམ་དང་། བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག རང་ཉིད་དང་བོད་རིགས་སྤུན་ཟླའི་དབར་གྱི་བརྩེ་སེམས་ཟབ་མོ་བཅས་ཚང་མར་བརྗོད་པ་རེད། 

    ཚེས་5ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཏང་འཛུགས་སྐྱོང་གི་བྱེད་སྒོ་གཉེར་ཞིང་། ཚང་མས“ཐོག་མའི་བསམ་འདུན་དང་འགན་འཁྲིར”སྔར་བས་ངོས་འཛིན་དང་ཁོང་དུ་ཆུད་པར་བྱས་ཏེ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་རང་རྟོགས་རང་བཞིན་དང་ཧུར་བརྩོན་རང་བཞིན་ཆེ་རུ་ཏན་ཏིག་གཏོང་བ་དང་། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དག་ལས་སྒྲུབ་ལས་གཏོད་དང་འགན་འཁྲི་གཙང་སྒྲུབ་ཀྱི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས་བོད་ཀྱི་རང་བྱུང་ཐོན་ཁུངས་བྱ་གཞག་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། 

    ཉེ་ཆར། ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད། 

    ཉེ་ཆར། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་ནག་ཆུ་གྲོང་ཁྱེར་གྱི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་རྣམ་གྲངས་ཏེ། ཉི་མ་རྫོང་གི་ཆན་ཕུའུ་110ཟིན་པའི་གསར་སྐྲུན་གློག་སྒྱུར་ས་ཚིགས་སྐྲུན་ཡུལ་དུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ནས“ཏང་འཛུགས་སྐྱོང་དང་རྟེན་གཞི་ཟུང་དུ་འབྲེལ་བའི”བྱེད་ཐབས་གསར་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྣེ་ཁྲིད་བྱས་པ་རེད། 

    ཚེས་5ཉིན། བོད་སྡོད་དཔུང་སྡེ་ཞིག་གི་དཔོན་དམག་40ལྷག་ཙམ་ཧུང་ཅི་ཚོགས་པར་བསྐྱོད་དེ“‘ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང’——ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་98འཁོར་བ་དང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཅིང་ཀང་ཧྲན་རི་བོའི་གསར་བརྗེའི་སློབ་གསོའི་སྐོར་སྐྱོད་འགྲེམས་སྟོན”ལ་ལྟ་སྐོར་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།