དབུ་ཤོག>ཆེད་སྒྲིག
  • ​ བོད་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-05

    ལེ་ཚན་གཏོད་པའི་གཏམ།

    ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་མཚམས་སུ། ཏང་ཡོངས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་དུས་ལ་འཁེལ་བ་ཞིག་རེད། འདི་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲོས་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་དང་། དུས་རབས་གསར་པར་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་བཅས་རེད།

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་རང་ལྗོངས་སུ་སྤུས་ཚད་མཐོ་པོས་སྤེལ་རྒྱུར་སྐུལ་འདེད་བཏང་ནས་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་ཆེད། འདི་ག་ཚགས་པར་ཐོག་དེ་རིང་ནས་བཟུང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཆེད་སྒྲིག་ལེ་ཚན་འདོན་རྒྱུ་ཡིན་པས་དོ་ཁུར་ཡོད་པ་ཞུ།

    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་3ཉིན་ཕྱོགས་བསྡུས་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་ལ་གཞི་ཚུགས་པ་དང་བྱ་ཐབས་གསར་གཏོད་བྱས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་པའི་ཉམས་འགྱུར་བཟང་པོའི་ཐོག་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་ཏེ་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་ཡོང་བའི་བརྩོན་ལེན་གྱིས་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་པ་རེད།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། ཚེས་2ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི་ཁོངས་མིས་གློག་བརྙན《ཏང་འཛུགས་ཀྱི་རླབས་ཆེན་བྱ་གཞག་》ཅེས་པ་གཅིག་སྡུད་ཐོག་བལྟས་པ་དང་། ཅིན་ཀང་ཧྲན་རི་བོའི་སྙིང་སྟོབས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགྲེམས་སྟོན་ལ་ལྟ་སྐོར་བྱས་ནས་རང་རེའི་ཏང་གིས་བརྒྱུད་མྱོང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་གཏིང་ཟབ་བྱས་པ་དང་སྦྲགས། གསར་བརྗེའི་སྲོལ་རྒྱུན་གྱི་བསམ་པའི་བཞུན་བརྡར་ཐུན་མོང་ཐོག་ཐེབས་པར་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་མོའུ་ཅུན་དང་། ཀྲང་ཡུང་ཙེ། ལུའོ་མེ། འཇམ་དཔལ་བཅས་བྱེད་སྒོར་ཞུགས་ཡོད་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གདན་ཞུས་ལྟར་ཞུགས་ཡོད་པ་རེད།

    《ཏང་འཛུགས་ཀྱི་རླབས་ཆེན་བྱ་གཞག》ཅེས་པའི་གློག་བརྙན་ནང་1911ལོའི་ལྕགས་ཕག་ལོའི་གསར་བརྗེ་ནས་1921ལོར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་བར་གྱི“འགྱུར་ལྡོག་ཧ་ཅང་ཆེན་པོའི”སྐོར་བརྗོད་ནས་ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གདམ་ག་བྱས་པའི་ལྡོག་མེད་རང་བཞིན་ལ་ལན་ནུས་ལྡན་བཏབ་པ་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་བསམ་བློའི་རྨང་གཞི་དང་། གྲལ་རིམ་གྱི་རྨང་གཞི། རྩ་འཛུགས་ཀྱི་རྨང་གཞི་བཅས་རྒྱས་བཤད་གཏིང་ཟབ་བྱས་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གསར་འཛུགས་གནང་མཁན་ཚོས་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་ལམ་བུ་འཚོལ་ཞིབ་བྱེད་པའི་བརྒྱུད་རིམ་ནང་བརྩེ་སེམས་རབ་འཕྱུར་དང་བློ་སྟོབས་རབ་འཕེལ་མངོན་པར་བྱས་ཡོད། ཆུ་ཚོད་གཉིས་རིང་གི་གློག་བརྙན་བལྟས་རྗེས་ཚང་མས་འཇིག་རྟེན་གསར་གཏོད་ཀྱི་ལོ་རྒྱུས་དུས་སྐབས་འདི་བསྐྱར་དྲན་ཐུབ་ཡོད་ལ། གསར་བརྗེའི་སྔོན་བྱོན་པ་ཚོའི་བླ་ན་མེད་པའི་དད་སེམས་ཀྱི་སྟོབས་ཤུགས་མྱོང་ཚོར་ཐུབ་ཡོད། ཚང་མས་རང་ཉིད་གུང་ཁྲན་ཏང་ཡོན་ཞིག་ཡིན་པར་སེམས་གཏིང་ནས་སྤོབས་སེམས་ཆེན་པོ་སྐྱེས་ནས་སེམས་གཏིང་གི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་རང་ཤུགས་སུ་ཆེ་རུ་ཕྱིན་ཡོད་པ་རེད།

    བྱེད་སྒོ་སྤེལ་རིང་། ཚང་མས་གསོན་ཉམས་དོད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཏང་གི་སློབ་ཚན་འདི་ནི་བསམ་པའི་ཞུན་བརྡར་གཏིང་ཟབ་དང་། བསམ་བློའི་གོ་རྟོགས་མཐོར་གཏོང་། ཐོག་མའི་བསམ་འདུན་མ་ཉམས་གོང་འཕེལ་བཅས་ཡིན་པས། ཚང་མས་རང་རེའི་ཏང་ནི་རླབས་ཆེན་དང་། གཟི་བརྗིད། ཡང་དག་པ་བཅས་ཡིན་པའི་མྱོང་ཚོར་སྔར་བས་ཟབ་མོ་ཐུབ་ཅིང་ང་ཚོར་དད་གུས་དང་། ཧ་ལས་ཧང་སང་། སློབ་གསོ་ཡང་གཏིང་ཟབ་ཐེབས་བྱུང་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།

    ཚེས་3ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2019ལོའི(“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་སློབ་སྦྱོང་ཐེངས་བཞི་པ)སློབ་སྦྱོང་ཚོགས་འདུ་ཐེངས་དགུ་པ་གཙོ་སྐྱོང་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་སོགས་ཀྱི་ནང་དོན་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་པ་རེད།

    ཝང་ཝའེ་ཏུང་གིས་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཡག་པོ་བསྒྲུབས་ནས་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། ལྟ་སྐུལ་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཏང་སྟེ་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཁྲོད་གནས་པའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་ཀྱི་གནད་དོན་ཤེས་རྟོག་དང་ཐག་གཅོད་ཧུར་ཐག་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་རང་ངོས་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་འཇོན་ཐང་ཆེ་བའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་དགོས་པའི་ནན་བཤད་བྱས་པ་རེད།

    ཚེས་3ཉིན་གྱི་སྔ་དྲོ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་། ཀྲུའུ་ཞི་གཞོན་པ་ཀའོ་དབྱང་གིས་ལྗོངས་སྲིད་གྲོས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2019ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་བཞི་པ་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག་རྒྱ་ཆེའི་ཏང་ཡོན་དང་ལྷག་པར་དུ་རྫོང་ཁྲུའུ་རིམ་པ་ཡན་གྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་དང། ཁ་ཕྱོགས་གསར་པ་དང་འགན་འཁྲི་གསར་པར་དམིགས་པ། རང་ལྗོངས་འཕེལ་རྒྱས་མྱུར་པོ་དང་། ཡུན་རིང་བདེ་འཁོད། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་གཏོང་། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་གསར་པ་གཏོད་པར་དམིགས་ནས་ཐབས་ཇུས་དང་ནུས་ཤུགས་འདོན་དགོས་པའི་བླང་བྱ་བཏོན་པ་རེད།

    ཚེས་3ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཚན་ཁག་ཁོངས་མིས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་ལྟ་སྐོར་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱེད་པ་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

    ཚེས་3ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་རིག་གནས་ཐིང་གིས་རྫོང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་རང་སྐྱོང་ལྗོངས་བཙོན་ཁང་དུ་བསྐྱོད་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་རེད།

    ཉིན་ཤས་གོང་། རང་ལྗོངས་ཀྱི་གནམ་གཤིས་སྡེ་ཚན་གྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གི་རྗེས་སུ་འབྲང་། འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་བྱས་རྗེས་གསར་པ་འཇོག་པའི”བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།