དབུ་ཤོག>ཆེད་སྒྲིག
  • 《གུང་ཁྲན་ཏང་ཕེབས་པས་སྡུག་བསྔལ་བདེ་ལ་འཁོད》པའི་བརྗོད་དོན་གཙོ་བོའི་སྐོར་འཁྲབ་ཚོཌ་པས་ཆབ་མདོར་འཁྲབ་སྟོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-03

    ཟླ་6ཚེས་30ཉིན་ནས་ཟླ་7ཚེས་1ཉིན་བར། རང་སྐྱོང་ལྗོངས་ཀྱི་སྐོར་འཁྲབ་ཚོགས་པས་ཆབ་མདོ་གྲོང་ཁྱེར་དུ《གུང་ཁྲན་ཏང་ཕེབས་པས་སྡུག་བསྔལ་བདེ་ལ་འཁོད》པའི་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་ཐེངས་གཉིས་བྱས་པར་ལྟད་མོ་བ་6000ལྷག་ཙམ་ཟིན་ཡོད་པ་རེད།

    འཁྲབ་སྟོན་གླུ་གར《ཁ་བཏགས་མེས་རྒྱལ་སྐྱེད་མར་ཕུལ》བའི་ཁྲོད་འགོ་ཚུགས་ཤིང་། འཁྲབ་སྟོན་ལ་ཞུགས་མཁན་རང་སྐྱོང་ལྗོངས་གླུ་གར་ཚོགས་པ་དང་། གཏམ་བརྗོད་ཟློས་གར་ཚོགས་པ། ལྷ་མོ་ཚོགས་པ། ལྷ་ས་གྲོང་ཁྱེར་མི་རིགས་གླུ་གར་ཚོགས་པ་སོགས་ཀྱིས་ཞབས་བྲོ་དང་། ཡུལ་ལྗོངས་གླུ་གར། རོལ་ཆ་ཉིས་དཀྲོལ། ཉིས་གཞས། རྐྱང་གཞས། གཏམ་བརྗོད་ཟློས་གར། གཞས་མ་གཏམ་སོགས་ལེ་ཚན་འཁྲབ་སྟོན་བྱས་པ་རེད། ལྟད་མོ་ཆེ་བའི་འཁྲབ་སྟོན་ལས་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60སོང་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དངོས་སུ་མཚོན་པར་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རིག་གནས་སྒྱུ་རྩལ་ཁྲུའུ་ཡི་བརྟག་ཞིབ་པ་ཟླ་བ་ཚེ་རིང་གིས། མིག་སྔར་ལྷོ་ཁ་དང་། ཉིང་ཁྲི། ནག་ཆུ། ཆབ་མདོ་སོགས་སུ་སྔ་རྗེས་སུ་སྐོར་འཁྲབ་བྱས་པ་དང་། རྣམ་པ་འདི་རིགས་བརྒྱུད། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་གུང་ཁྲན་ཏང་ཕེབས་པས་སྡུག་བསྔལ་བདེ་ལ་འཁོད་པ་གང་ལེགས་ཚོར་ཐུབ་པ་དང་། ངེས་པར་དུ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པའི་རེ་བ་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།