དབུ་ཤོག>ཆེད་སྒྲིག
  • ​ བོད་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང”བའི་ཏང་དབུ་བརྙེས་ནས་ལོ་98འཁོར་བར་རྟེན་འབྲེལ་ཞུ་བའི་གླུ་གཞས་འགྲན་ཚོགས་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2019-07-03

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཏང་དབུ་བརྙེས་ནས་ལོ་98འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་ཆེད། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ལྗོངས་ཐད་གཏོགས་ལས་དོན་ཨུ་ལྷན། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་མཉམ་དུ་གཉེར་བའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང”བའི་ཏང་དབུ་བརྙེས་ནས་ལོ་98འཁོར་བར་རྟེན་འབྲེལ་ཞུ་བའི་གླུ་གཞས་འགྲན་ཚོགས་ཉིན་ཤས་གོང་ལྷ་སར་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཞུས་ཞུའེ་ཀོང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡ་ལིན་བཅས་བྱེད་སྒོར་ཕེབས་པ་དང་འབྲེལ་བྱ་དགའ་ཐོབ་པའི་རུ་ཁག་ལ་བྱ་དགའ་ཡང་གནང་བ་རེད།

    གླུ་གཞས་འགྲན་ཚོགས་འགོ་བཙུགས་ཚུན། ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པའི་ལས་བྱེད་པ་དང་ལས་བཟོ་དང་། ཁེ་ལས་ཀྱི་ལས་བཟོ། སློབ་གྲྭའི་དགེ་སློབ། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་བཅས་ཀྱི་རུ་ཁག་31གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་ལ་ཉེ་བས་སེམས་རྩ་འཁོལ་པོས་འགྲན་ཚོགས་ལ་ཞུགས་ནས་སྐད་གསང་མཐོན་པོས་གླུ་གཞས་བཏང་བ་རེད། གདམ་གསེས་ཡང་ཡང་བྱས་པ་བརྒྱུད། མཐར་རུ་ཁག་13མཐའ་བསྡུར་ལ་ཚུད་པ་རེད།

    གླུ་གཞས་འགྲན་ཚོགས་ཀྱི་མཐའ་བསྡུར་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མའི་བྱེད་སྒོ་ལྟེ་གནས་སུ་གཉེར་ཞིང་། འགྲན་བསྡུར་ལ་ཞུགས་མཁན་འཁྲབ་སྟོན་པ་ཚོས་གླུ་གཞས་གཅིག་རྗེས་གཉིས་མཐུད་ངང་བཏང་སྟེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་ལུགས་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་རྗེས་སུ་འབྲང་བའི་ཆོད་སེམས་དང་དད་སེམས་མཚོན་པར་བྱས་པ་དང་། ཏང་དང་། མེས་རྒྱལ། སྤྱི་ཚོགས་རིང་ལུགས་བཅས་ལ་དགའ་ཞེན་གྱི་བོད་ལྗོངས་གསར་པའི་སྤོབས་སེམས་མཚོན་པར་བྱས་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་མཚོན་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།