ཉེ་དུས། བོད་ལྗོངས་མེ་ཟོན་རོཌ་སྐྱོབ་སྤྱི་ཁྱབ་རུ་ཁག་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྐུལ་སློང་དང་བཀོད་སྒྲིག་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “བཀའ་མོལ་ཚིག་ལྔ”ཡི་དམིགས་ཚད་ལ་དམ་པོར་གཞིགས་ནས་དོན་འཁྱོལ་ཏན་ཏིག་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོ་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་པོས་སྤེལ་རྒྱུར་སྐུལ་འདེད་བཏང་བ་དང་སྦྲགས། དེ་བས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་དང་དེ་བས་ཕུལ་བྱུང་གི་ལས་ཀའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུས་པ་རེད།
བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ཏང་ཨུད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཇུས་གཞིར་ཆེད་མངཌ་ཞིབ་འཇུག་དང་ཞིབ་བཤེར་གཏན་འཁེལ་བྱས་པ་དང་། ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ལ་སྐུལ་འདེད་གཏོང་བའི་རེའུ་མིག་བཟོས་ཏེ“སྦྱོང་བཤེར་དག་བཅོས”བཅས་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཕུན་སུམ་ཚོགས་ལ་རྣམ་པ་གསར་རྐྱང་གི་གཞི་རྟེན་ལྡན་པ་མ་ཟད། སྦྱངས་པ་གོ་ཆོད་ཡོང་བའི་འགན་ལེན་བྱས་ཤིང་། བརྗོད་དོན་གཙོ་བོའི་སློབ་གསོའི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་འཚོགས་ནས་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་ཆེད་དོན་ཟུར་ཁྲིད་བྱེད་པར་གདན་དྲངས་ཏེ་སློབ་སྦྱོང་ནང་ཞུགས་མཁན་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་ཐུབ་པར་བྱས་པ་མ་ཟད། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཡག་པོ་སྤེལ་རྒྱུར་ཡང་བསམ་ཕྱོགས་མཁོ་འདོན་དང་ཁ་ཕྱོགས་གསལ་སྟོན་བྱས་པ་རེད། རིམ་ཁག་ཏང་རྩ་འཛུགས་ཀྱིས་བྱེད་སྒོ་སྤེལ་རིང་གནད་དོན་གྱི་གསལ་ཐོ་དང་། དག་ཐེར་གྱི་གསལ་ཐོ། འགན་འཁྲིའི་གསལ་ཐོ་བཅས་བཟོས་ཏེ་ཞིབ་བཤེར་ཐུབ་མ་ཐག་དག་ཐེར་བྱེད་པ་དང་། ཤེས་རྟོགས་ཐུབ་མ་ཐག་དག་ཐེར་བྱེད་པ། དག་ཐེར་ཐུབ་རིགས་ཆ་ཚང་དག་ཐེར་བྱེད་པ། དག་ཐེར་ནན་པོ་བྱེད་པ་བཅས་མཐའ་འཁྱོངས་བྱེད་དགོས་པའི་བླང་བྱ་བཏོན་ཞིང་། ཏང་ཡོན་ལས་བྱེད་པས་རང་འགུལ་ངང་སློབ་སྦྱོང་དང་། སྐོར་སྐྱོད་སྒྲོག་འགྲེལ། བརྟག་ཞིབ་མཛུབ་ཁྲིད་སོགས་ཀྱི་བྱེད་ཐབས་སྤྱད་དེ་རྒྱ་ཆེའི་བཀོད་འཐབ་པའི་སློབ་སྦྱོང་གི་སྒུལ་ཤུགས་དང་ལས་ཀའི་སྤྲོ་སེམས་འཕེལ་བར་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་རྒྱུར་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།