དབུ་ཤོག>ཆེད་སྒྲིག
  • ​ བོད་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ཏང་དབུ་བརྙེས་ནས་ལོ་98འཁོར་བར་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-02

    637812_yis_1561959304903.jpg

    ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་98འཁོར་བའི་མཚམས་སུ་ཉིང་ཁྲི་གྲོང་ཁྱེར་དྲིལ་བསྒྲགས་བསམ་བློའི་རིག་གནས་འཐབ་ཕྱོགས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་། ཏང་ངའི་སེམས་ནང་ཡོད། ནམ་ཡང་ཏང་གི་རྗེས་སུ་འབྲངས”ཞེས་པའི་བརྗོད་དོན་གཙོ་བོའི“བདུན་གཅིག”ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་ཞིང་། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    “བདུན་གཅིག”ཏང་དབུ་བརྙེས་པའི་དུས་ཆེན་འཆར་ཉེའི་སྐབས་སུ་རང་ལྗོངས་ཀྱི་ས་གནས་ཁག་དང་རིམ་ཁག་ཏང་རྩ་འཛུགས་ཀྱིས་སྤེལ་བཞིན་པའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ནས་བྱེད་ཐབས་སྣ་མང་གི་བྱེད་སྒོ་སྤེལ་ཏེ་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ་རེད།

    ཟླ་6ཚེས་28ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་ནས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་བྱ་རྒྱུ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་པོ་བསྲུང་རྒྱུར་དམ་པོར་དམིགས་ཏེ་བོད་བརྟན་བོད་དར་གྱི་ནུས་པ་ཆེ་རུ་གཏོང་བ་དང་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་བགྲོ་གླེང་གཏིང་ཟབ་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་དང་ཅང་ཅེ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་དང་། རྒྱལ་མཚན། ཀྲང་ཡན་ཆིང་། ལུའོ་མེ། མོང་ཞའོ་ལིན། འཇམ་དཔལ་བཅས་ཀྱིས་ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་ནས་རང་ཉིད་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་གཏམ་བཤད་གནང་བ་རེད།

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ནས་ཏང་དབུ་བརྙེས་ནས་ལོ་98འཁོར་བར་རྟེན་འབྲེལ་ཞུ་ཆེད། ཚེས་28ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཤེས་བྱའི་འགྲན་བསྡུར་སྤེལ་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འོད་ཟེར་དང་། ཞུས་ཞུའེ་ཀོང་། ཅུས་ཅན་ཧྭ་བཅས་བྱེད་སྒོར་ཞུགས་པ་དང་འབྲེལ་བྱ་དགའ་ཐོབ་མཁན་ཏང་ཀྲི་པུའུ་ལ་བྱ་དགའ་སྤྲད་པ་རེད།

    ཉིན་ཤས་གོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གིས“གསར་བརྗེའི་གླུ་གཞས་བླངས་ནས། ཏང་གི་བཀའ་དྲིན་ཚོར་བ་བྱེད”ཅེས་པའི་རིག་རྩལ་འཁྲབ་སྟོན་བྱས་ཤིང་། རིག་རྩལ་འཁྲབ་སྟོན་དེ“ཏང་གི་བཀའ་དྲིན་ཚོར” “རི་ཀླུང་ལ་བསྟོད་གླུ་ལེན” “བདེ་སྐྱིད་འཚོ་བ” “འོས་འགན་བརྟན་སྲུང”ཞེས་པའི་ལེ་ཚན་བཞི་ལས་གྲུབ་པ་དང་མཉམ་གཞས་དང་། ཟློས་གར། སྙན་ངག་གྱེར་འདོན་སོགས་བྱས་ཡོད། ལྗོངས་ཏང་ཨུད་གཞུང་དོན་ཐིང་གི་ལས་བྱེད་པ་དང་ལས་བཟོ་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་སྤྱོད་ཚུལ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ་བཅས་བྱས་ཏེ“ཞབས་འདེགས་གསུམ”གྱི་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད།

    ཉེ་དུས་ལྗོངས་ཏང་ཨུད་རྩ་འཛུགས་པུའི(སྒྲིག་ཁོངས་གཞུང་དོན་ཁང)ལས་ཁུངས་ཀྱིས་རྩ་འཛུགས་ཀྱི་ལས་དོན་ལ་དམ་པོར་དམིགས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་གནད་དོན་དངོས་ཐག་གཅོད་བྱ་རྒྱུ་དམིགས་ཡུལ་དུ་བྱས་ཏེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བགྲོ་གླེང་ནན་ཏན་བྱས་ཏེ་ཏང་ཡོན་ལས་བྱེད་པ་ཚོས་རང་ཉིད་ཀྱི་ཞན་ཆ་བརྗོད་པ་དང་བྱེད་ཐབས་ལག་བསྟར་ནུས་ལྡན་བྱས་པས་ཕན་འབྲས་བཟང་པོ་ཐོབ་ཡོད།

    ཉིན་ཤས་གོང་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་སྐར་ཁུང་ཚན་པར་ལས་སྒོའི་རྩལ་ནུས་སྦྱོང་བརྡར་འགྲན་བསྡུར་དང་སྲིད་ཇུས་སློབ་སྦྱོང་དང་། ལས་སྒོར་བརྩོན་པ། རྩལ་ནུས་མཐོ་རུ་གཏོང་བ། སྤྱོད་བཟང་འཛུགས་པ་བཅས་དམིགས་ཡུལ་གཙོ་བོར་བྱས་ནས་ཉམས་སད་ཐེག་པའི་ལས་བྱེད་པའི་དཔུང་ཁག་བསྐྲུན་པ་རེད།

    ཉེ་ཆར་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་། ལྗོངས་འབྲུ་རིགས་དངོས་ཟོག་གྲབས་གསོག་ཅུས། ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཀྲུང་གོ་སྒུལ་བདེ་འཕྲིན་གཏོང་ཚོགས་པ་བོད་ལྗོངས་ཚད་ཡོད་ཀུང་སི། ལྗོངས་སྲིད་གཞུང་གཞུང་དོན་ཐིང་དྲུང་ཆེ་ཁྲུའུ་གཉིས་པ་དང་དྲུང་ཆེ་ཁྲུའུ་དྲུག་པ་བཅས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་འགན་འཁྲི་གསར་པ་འཁུར་ནས་དུས་རབས་གསར་པར་བྱས་རྗེས་འཇོག་པའི”བརྗོད་དོན་གཙོ་བོའི་རིག་རྩལ་སྐོང་འཁྲབ་བྱེད་སྒོ་སྤེལ་བ་རེད།

    ཉེ་ཆར་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གི་རྗེས་སུ་འབྲངས། འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་བྱས་རྗེས་གསར་པ་འཇོག—ཏང་དབུ་བརྙེས་ནས་ལོ་98འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་སྐོང་འཁྲབ”བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་མ་སྤེལ་གོང་། ཏང་ཡོན་ཚོས་ཏང་ནང་ཞུགས་པའི་དམ་བཅའི་ཚིག་བསྐྱར་འཇོག་བྱས་པ་རེད། སློབ་གསོ་ཐིང་དང་སྡེ་ཚན་ཁག་དང་དེ་བཞིན་ལས་བྲལ་དང་རྒན་ཡོལ་ཞུས་པའི་ཏང་ཡོན་བཅས་ཀྱིས་མཉམ་གཞས་དང་། སྙན་ཚིག་གྱེར་འདོན། ཞབས་བྲོ་སོགས་ལེ་ཚན་18འཁྲབ་ནས་ཏང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་པ་རེད།

    ཟླ་6ཚེས་28ཉིན་གྱི་དགོང་མོ་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གི་རྗེས་སུ་འབྲངས། འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་གདོང་ལེན་པ་ཞིག་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་བྱས་པ་རེད། ལྗོངས་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་མ་ལག་སྡེ་ཚན་ཁག་གི་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་ཚོས“ཀྲུང་གོ་མི་དམངས་ཆེད་བདེ་སྐྱིད་དོན་གཉེར་བྱེད། ཀྲུང་ཧྭ་མི་རིགས་ཆེད་བསྐྱར་དར་དོན་གཉེར་བྱེད་པའི”ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲིར་དམ་པོར་དམིགས་པ་དང་འབྲེལ་ལྷག་པར་དུ་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱིས“མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི”ཐོག་མའི་བསམ་འདུན་དང་འགན་འཁྲིར་དམིགས་ཏེ། ཟུར་ཚད་མི་འདྲ་བ་དང་རིམ་པ་མི་འདྲ་བའི་ཐོག་ནས་རང་ཉིད་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཉེ་འགྲམ་གྱི་མི་དང་བྱ་བའི་ཐོག་ནས་ལྗོངས་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པའི་མི་སེམས་འགུལ་བའི་བྱས་རྗེས་དང་ཕུལ་བྱུང་གི་ཉམས་འགྱུར་མངོན་པར་བྱས་པ་རེད།

    ཉིན་ཤས་བསྟུད་མར་ལྷོ་ཁ་གྲོང་ཁྱེར་རིམ་ཁག་ཏང་རྩ་འཛུགས་ཀྱིས་བྱེད་ཐབས་སྣ་མང་ཐོག་ནས་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ་དང་ཏང་ཡོན་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་རྒྱུར་སྣེ་ཁྲིད་བྱས་པ་རེད། ལྷོ་ཁ་གྲོང་ཁྱེར་དུ“ཐོག་མའི་བསམ་འདུན་བརྟན་པོར་ངེས། ཏང་གི་བླ་སྲོག་བསྐྲུན། རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་ཕྱག་རྟགས་འབུལ”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། གྲོང་ཁྱེར་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་དང་དེ་བཞིན་ལས་ཁུངས་ཏང་ཀྲི་པུས“ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་ངའི་སེམས་ལ་ཟུག དཔེ་བཟང་གིས་ངའི་བྱ་སྤྱོད་ལ་སྣེ་ཁྲིད་བྱེད”ཅེས་པའི་ཤེས་བྱའི་འགྲན་བསྡུར་བྱས་ཤིང་། གྲོང་ཁྱེར“གསར་གཉིས”ཏང་ལས་དོན་ཨུ་ལྷན་གྱིས་ཏང་ཡོན་སྒྲིག་འཛུགས་བྱས་ནས“ཐོག་མའི་བསམ་འདུན་བྱ་སྤྱོད་ཐོག་འཁྱོལ་བར་བྱེད”ཅེས་པའི“བདུན་གཅིག”གི་འཚམས་འདྲིའི་བྱེད་སྒོ་སོགས་སྤེལ་བ་རེད།

    ཉེ་ཆར། ལྷ་ས་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་དང་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གྲྭས་བསྒྲུབ་འགན་འཁུར་བའི“ལག་གདང་སྦྲེལ་ནས་འབད་འབུངས་བྱས་ཏེ། ཕུགས་འདུན་བསྒྲུབ”ཅེས་པའི་ཏང་དབུ་བརྙེས་ནས་ལོ་98འཁོར་བར་བསུ་བ་ཞུ་བའི་ལྷ་ས་གྲོང་ཁྱེར་གྱི་སློབ་འབྲིང་སློབ་མའི་གཏམ་བཤད་འགྲན་བསྡུར་གྱི་མཐའ་བསྡུར་དེ་ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གྲྭའི་ཚོགས་ཁང་དུ་བྱས་པ་རེད།

    ཉིན་ཤས་གོང་ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“བདུན་གཅིག་ལ་རྟེན་འབྲེལ་ཞུ། ཏང་གི་བཀའ་དྲིན་ལ་བསྟོད་གླུ་ལེན”ཞེས་པའི་བརྗོད་དོན་གཙོ་བོའི་རིག་རྩལ་བྱེད་སྒོ་འཚོགས་ནས་2019ལོའི་ལོ་འཁོར་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ལ་གཟེངས་བསྟོད་བྱས་པ་དང་འབྲེལ་ཕུན་སུམ་ཚོགས་པའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་པ་རེད།

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་ཏང་གི་སྤྱི་ཁྱབ་ཀྲི་པུས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་98འཁོར་བར་རྟེན་འབྲེལ་ཞུ་བ་དང“བདུན་གཅིག”གི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།