དབུ་ཤོག>ཆེད་སྒྲིག
  • “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་རྩོད་སྒྲུབ་འགྲན་བསྡུར་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2019-06-29

     ཚེས་27ཉིན། མངའ་རིས་ས་ཨུད་དྲིལ་བསྒྲགས་པུས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་རྩོད་སྒྲུབ་འགྲན་བསྡུར་གཉེར་བ་དང་། མངའ་རིས་ས་ཨུད་དྲིལ་བསྒྲགས་པུའི་ཏང་ཡོན་དང་ལས་བྱེད་པ་30ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

    ད་ཐེངས་ཀྱི་རྩོད་སྒྲུབ་འགྲན་བསྡུར་གྱི་བརྗོད་གཞི་ནི“ཏང་ཡོན་ལས་བྱེད་པས་རང་འགུལ་ངང་བྱ་སྤྱོད་སྤེལ་ན་ལེགས་སམ་ཡང་ན་གཞན་དབང་དུ་བྱ་སྤྱོད་སྤེལ་ན་ལེགས”ཞེས་པ་དེ་ཡིན་ཞིང་། བཤེར་རྩོད་འགྲན་བསྡུར་འགོ་ཚུགས་རྗེས་བཤེར་རྩོད་ཕྱོགས་གཉིས་པོས་བརྗོད་དོན་གཙོ་བོར་དམིགས་ནས་བཤེར་རྩོད་ཛ་དྲག་པོ་བྱས་པས་ལྟད་མོ་བའི་དགའ་བསུ་ཡང་ཡང་ཐོབ་ཡོད་པ་རེད།

    ད་ཐེངས་ཀྱི་རྩོད་སྒྲུབ་འགྲན་བསྡུར་ནི་མངའ་རིས་ས་ཨུད་དྲིལ་བསྒྲགས་པུས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་ལག་ལེན་ནུས་ལྡན་ཞིག་ཡིན་པ་དང་། རྩོད་སྒྲུབ་བྱས་པ་བརྒྱུད་ཏང་ཡོན་་དང་ལས་བྱེད་པ་ཚོས་རང་ངོས་ཀྱི་འགན་འཁྲི་དང་ལས་འགན་སྔར་བས་ཤེས་རྟོགས་ཐུབ་པ་དང་། ཏང་ཡོན་དང་ལས་བྱེད་པ་ཚོའི་ཕུགས་བསམ་དད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད་པ་རེད། རྩོད་སྒྲུབ་ལ་ལྟ་མཁན་ཏང་ཡོན་དང་ལས་བྱེད་པ་ཚོས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤངས་ནས་དངོས་འཛིན་དངོས་སྒྲུབ་དང་སྤྱོད་ཚུལ་བསྒྱུར་ཏེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།