དབུ་ཤོག>ཆེད་སྒྲིག
  • “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གཞུང་ཕྱོགས་དྲ་ཚིགས་དང་སྐད་འཕྲིན་སྤྱི་རྟགས་དངོས་སུ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2019-06-28

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པ་དང་། མི་དམངས་དྲ་བ་·ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བས་སྒྲུབ་འགན་འཁུར་བའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གཞུང་ཕྱོགས་དྲ་བ(http://chuxin.people.cn)ཉེ་ཆར་དངོས་སུ་སྤྱོད་འགོ་ཚུགས་པ་དང་། གཞུང་ཕྱོགས་ཀྱི་སྐད་འཕྲིན་སྤྱི་རྟགས“སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”གོམ་སྟབས་གཅིག་མཚུངས་ངང་བཏོན་ཡོད་པ་རེད། 

    བརྗོད་དོན་གཙོ་བོའི་སློབ་གསོའི་གཞུང་ཕྱོགས་དྲ་བ་དང་སྐད་འཕྲིན་གྱི་སྤྱི་རྟགས་ཐོག“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དམ་པོར་དམིགས་ཏེ་ཏང་ཀྲུང་དབྱང་གིས་སྤེལ་བའི་བརྗོད་དོན་གཙོ་བོའི་སློབ་གསོའི་དགོངས་དོན་གལ་ཆེན་དང་བཀོད་སྒྲིག་བླང་བྱ་དྲིལ་བསྒྲགས་གཏིང་ཟབ་བྱས་ནས་དུས་ཐོག་ཏུ་བརྗོད་དོན་གཙོ་བོའི་སློབ་གསོའི་འཕེལ་རིམ་གྱི་གྲུབ་འབྲས་དང་སྤྱི་ཚོགས་ཀྱི་ཚུར་སྣང་ལན་ཆ་མཚོན་པ་བྱས་ཐོག་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་རྒྱུར་ཁོར་ཡུག་བཟང་པོ་བཏོད་ཡོད་པ་རེད།

    བརྗོད་དོན་གཙོ་བོའི་སློབ་གསོའི་གཞུང་ཕྱོགས་དྲ་བའི་ཐོག“ཁུངས་བཙན་ཡོངས་བསྒྲགས”དང་། “མ་རྩོམ་ལ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ”“ཁུངས་བཙན་མཛུབ་ཁྲིད”“བརྗོད་དོན་གཙོ་བོའི་སློབ་གསོའི་འགུལ་རྣམ”“ཐོག་མའི་བསམ་འདུན་རྒྱུན་འཛིན”“གླེང་ཕྱོགས་ཀྱི་གནས་ཚུལ་ཚུར་སྣང་ལན་ཆ”སོགས་དོན་ཚན་ཆེན་པོ་6དང་ལེ་ཚན་10ལྷག་ཙམ་དང་དེ་བཞིན་མཉམ་འགུལ་ཆེད་ཁུལ་བཀོད་སྒྲིག་བྱས་ཡོད། གཞུང་ཕྱོགས་ཀྱི་སྐད་འཕྲིན་སྤྱི་རྟགས་ཀྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་དུས་ཐོག་དང་། གང་ས་གང་དུ། བྲལ་མེད་བཅས་ཀྱི་སློབ་སྦྱོང་གི་སྒུལ་བདེའི་ལས་སྟེགས་ནུས་ལྡན་བཏོད་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།