དབུ་ཤོག>ཆེད་སྒྲིག
  • བོད་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་ཏན་ཏིག་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-28

    ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་པོ་བྱེད་པ་དང“ཐོག་མའི་བསམ་འདུན་བརྟན་སྲུང་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་སྤྱིའི་བླང་བྱར་དམིགས་ནས་བགྲོ་གླེང་གཏིང་ཟབ་བྱས་ཏེ་སློབ་སྦྱོང་དང་། བསམ་གཞིག བེད་སྤྱོད་བཅས་འབྲེལ་མཐུད་བྱེད་པ་དང་ཤེས་པ་དང་། ཡིད་ཆེས། སྦྱོར་བ་བཅས་གཅིག་གྱུར་མཐའ་འཁྱོངས་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་དངོས་ཕན་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཏིང་ཟབ་པ་དང་། སེམས་ལ་ཟུག་པ། ཏན་ཏིག་བཅས་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད། 

    ཚེས་25ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2019ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་3པ་དང་ “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས། ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་ཀྱིས་རང་སྦྱོང་བྱེད་པའི་རྨང་གཞིའི་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། སེམས་ལ་ཟུག་པ། ཏན་ཏིག་བཅས་ཡོང་བ་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་བགྲོ་གླེང་གཏིང་ཟབ་བྱས་པ་རེད། 

    ཏིང་ཡེ་ཤན་གྱིས་ནན་བཤད་གནང་དོན། ལྗོངས་སྲིད་གྲོས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་། ཏང་ཡོན་དང་ལས་བྱེད་པ་ཡོངས་དང་། ལྷག་པར་དུ་ཁྲུའུ་རིམ་པ་ཡན་གྱི་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་གོ་སྐབས་སུ་བྱས་ཏེ་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་ལ་ཞིབ་ལྟ། དག་ཐེར་དོན་འཁྱོལ་བཅས་ཀྱི་ཐད་ཤུགས་བརྒྱབ་ནས་རྨང་གཞི་ཡག་པོ་འདིང་བ་དང་ལས་དོན་ཡག་པོ་བསྒྲུབས་ཏེ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་བཏོན་པའི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་བོད་ཀྱི་སྲིད་གྲོས་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་དང་། བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས། 

    ཚེས་22ཉིན། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས་ཏང་ཨུད་ཀྱི་ཀྲི་པུའུ་གཉིས་པས་སློབ་སྦྱོང་ཚོགས་འདུ་འཚོགས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས། ཏང་ཡོན་དཀྱུས་མའི་ངོས་ནས་སློབ་སྦྱོང་ཚོགས་འདུར་ཞུགས་པ་རེད། སློབ་སྦྱོང་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག གི་གསུང་བཤད་གལ་ཆེན་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ལྗོངས་ཡོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད་དགོངས་དོན་སློབ་སྦྱོང་དང་གྲོས་བསྡུར་བྱས་པ་དང་། ཀྲི་པུའུ་ཡི་ཏང་ཡོན་གྱིས་སློབ་སྦྱོང་ཚོགས་འདུའི་ཐོག་སྤེལ་རེས་གཏམ་བཤད་བྱས་པ་རེད། 

    ཧོ་ཝུན་ཧའོ་ཡིས་སློབ་སྦྱོང་ལ་དམ་འཛིན་ཇི་ལྟར་བྱེད་པའི་ཐད། ཀྲི་པུའུ་ཡི་ཏང་ཡོན་ལ་ཟུར་ཁྲིད་གནང་བ་དང་། ཁོང་གིས་སློབ་སྦྱོང་བྱ་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་འགན་ཡིན་ལ། བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་བའི་རྨང་གཞི་དང་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཏུ་གཏོང་བའི་ཐབས་ལམ་ཞིག་ཀྱང་རེད། སློབ་སྦྱོང་གི་རྣམ་འགྱུར་ཡང་དག་འཛིན་པ་དང་སློབ་སྦྱོང་བྱེད་སྐབས་སེམས་འཚབ་ངང་ཐུང་དང་། མགོ་བདེ་དྲན་འཕྲུལ། བརྟག་དཔྱད་གཏིང་ཟབ་མི་བྱེད་པ། ལུང་དུམ་ལོག་འདྲེན་བཅས་མི་བྱེད་པར་ངེས་པར་དུ་ཕྱི་ཚུལ་རིང་ལུགས་དང་ཉེར་སྤྱོད་རིང་ལུགས་ཁྱད་བསད་བྱེད་དགོས་པ་དང་། སློབ་སྦྱོང་བྱེད་ཐབས་གསར་གཏོད་བྱས་ཏེ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱེད་པ་དང་། གཙོ་གནད་ཡང་ཡང་སྦྱོང་བ། དོན་དངོས་དང་ཟུང་འབྲེལ་གྱིས་སྦྱོང་བ། ཐུན་མོང་ཐོག་སྤེལ་རེས་ཀྱིས་སྦྱོང་བ། བྱེད་ཐབས་རྒྱ་སྐྱེད་ཀྱིས་སྦྱོང་བ། འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སྦྱོང་བ་བཅས་བྱས་ཏེ་མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་བྱེད་དགོས་པ། སློབ་སྦྱོང་གི་ཕན་འབྲས་ལ་མཐོང་ཆེན་བྱས་ཏེ་ཚན་རིག་དང་མཐུན་པའི་བསམ་གཞིག་བྱེད་ཐབས་ཁོང་དུ་ཆུད་པ་དང་། མང་ཚོགས་ཀྱི་ལྟ་བ་བརྟན་པོ་འཛུགས་པ། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། དད་མོས་དང་། ལྷག་བསམ་རྣམ་དག འགན་ཁུར། གདེང་ཚོད། སྒུལ་ཤུགས་བཅས་ཤེས་པ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་་དང་། སེམས་ལ་ཟུག་པ། ཏན་ཏིག་བཅས་ཡོང་བ་བྱེད་དགོས་ཞེས་བསྟན་གནང་ཡོད། 

    ཟླ་6ཚེས་25ཉིན། ལྗོངས་ཐད་གཏོགས་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་སློབ་སྦྱོང་ཟུར་ཁྲིད་ཚོགས་འདུ་འཚོགས་ཏེ། མི་དམངས་དྲ་བའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཡེ་ཀྲེན་ཀྲེན་གྱིས་ཟུར་ཁྲིད་སྙན་ཞུ་གནང་བ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་གཙོ་སྐྱོང་གནང་བ་རེད། 

    ཡེ་ཀྲེན་ཀྲེན་གྱིས“སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན”བརྗོད་གཞིར་བྱས་ཏེ“ཀུན་འདུས་སྨྱན་སྦྱོར་དུས་རབས”དང“བཞི་འཛོམས་སྨྱན་སྦྱོར”སོགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོད་སྡོམ་གལ་ཆེན་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་པ་དང་། ཇི་ལྟར་བྱས་ཏེ་སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཇི་ལྟར་བྱས་ཏེ་སྨྱན་སྦྱོར་གྱི་འགན་འཁྲི་བརྟན་པོ་འཁུར་རྒྱུའི་ཐད་གསལ་འགྲེལ་གནང་བ་དང་། དུས་མཚུངས། མི་དམངས་དྲ་བས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་ཕྱོགས་གསར་པ་དང་། འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་ངོ་སྤྲོད་གནང་བ་རེད། 

    སྤེན་པ་བཀྲ་ཤིས་ཀྱིས་ནན་བཤད་གནང་དོན། གཙོ་རྒྱུན་སྨྱན་སྦྱོར་ཁག་གིས་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོའི་ཁྲོད། སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ་ཧེ་བག་འཚོལ་བ་དང་། རང་ལྗོངས་ཀྱི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཧེ་བག་འཚོལ་བ། རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཧེ་བག་འཚོལ་བ་བཅས་བྱས་ནས་ངོས་འཛིན་སྔར་བས་མཐོ་རུ་གཏོང་བ་དང་། བསམ་བློའི་འདུ་ཤེས་འགྱུར་ལྡོག་ཏན་ཏིག་གཏོང་བ། སྨྱན་སྦྱོར་མཉམ་འདྲེས་སྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། གཅིག་གྱུར་གྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཟམ་མི་ཆད་པར་ཤུགས་ཆེར་གཏོང་བ་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། 

    ཉེ་ཆར། ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གིས་རྫོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་ཐེངས་བཅུ་གཅིག་པ་འཚོགས་ཏེ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་འབྲེལ་ཡོད་ཡིག་ཆ་དང་གསུང་བཤད་ཀྱི་དགོངས་དོན་ཆེད་དོན་སློབ་སྦྱོང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།