ཟླ་5ཚེས་31ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་ཏང་གི་གཞི་རྩའི་དམིགས་ཡུལ་དང་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་སྒྲུབ་པའི་མཐོ་ཚད་ཀྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱས་བཤད་གཏིང་ཟབ་དང་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་དང་། དམིགས་ཡུལ་གྱི་བླང་བྱ། གཙོ་གནད་བྱ་ཐབས་བཅས་རྒྱས་བཤད་གཏིང་ཟབ་བྱས་པས་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད། ཚང་མས་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་བསམ་བློ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་རང་རྟོགས་ངང་གཅིག་གྱུར་ཡོང་བ་དང་། ལག་ལེན་གྱི་ཁྲོད་འགག་སྒྲོལ་དཀའ་སེལ་དང་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་ཆེན་པོ་འཕེལ་བར་བྱེད་པ། དངོས་སྒྲུབ་འགན་འཁུར་ལ་བརྟེན་ནས་དུས་རབས་གསར་པར་བྱས་རྗེས་འཇོག་པའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གོང་བུ་གཅིག་ཏུ་འགྲིལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།
ལྗོངས་དམངས་སྲིད་ཐིང་གི་ཡོན་ཏན་སྒྲོལ་མས་དམངས་སྲིད་ཀྱི་ཞབས་འདེགས་ཞུ་ཡུལ་ཕལ་ཆེ་བ་ནི་དཀའ་ངལ་ཡོད་པའི་མང་ཚོགས་ཡིན་པས་དམངས་སྲིད་ཚན་པའི་ལས་བྱེད་པ་ཞིག་ཡིན་པའི་བཅངས་ནས་འགན་འཁྲི་ཕྲག་ཏུ་འཁུར་རྒྱུ་བློ་ལ་བརྟན་པོར་བཅངས་ནས་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་ངང“དམངས་སྲིད་དམངས་ཆེད་དང་དམངས་སྲིད་དམངས་གཅེས”ཀྱི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ནས་དམངས་སྲིད་ལས་དོན་དེ་མང་ཚོགས་ལ་ཕན་པ་ཐོབ་པའི་བྱ་གཞག་ཅིག་ཏུ་འགྱུར་བ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་དགེ་རྒན་གྱིས་སློབ་ཁྲིད་དང་ཚན་ཞིབ་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་གྱི་སྤྱིའི་བླང་བྱ་དང་། དམིགས་ཚད། གཞི་རྩའི་ལས་འགན། ནང་དོན་གཙོ་བོ་བཅས་སློབ་ཁང་ནང་གི་སློབ་ཁྲིད་དང་ཚན་ཞིབ་ཁྲོད་བཅུག་ནས“ཐོག་མའི་བསམ་འདུན”དང“འགན་འཁྲི”སློབ་མའི་སེམས་ནང་བརྟན་པོ་ཟུག་པར་བྱས་ཏེ་སློབ་མའི་བྱ་སྤྱོད་ཁྲོད་དོན་འཁྱོལ་ཡོང་བ་བྱེད་དགོས་ཞེས་བརྗོད་པ་རེད།