དབུ་ཤོག>ཆེད་སྒྲིག
  • ​ “གུང་ཁྲན་ཏང་ནི་དབུལ་ཕོངས་ལ་རོགས་རམ་གནང་མཁན་རེད”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-04-04

    མི་སྣའི་རྒྱབ་ལྗོངས།

    ཚེ་བརྟན། མོ། འདི་ལོ་ལོ་79 མངའ་རིས་ས་ཁུལ་སྒར་རྫོང་དགུན་ས་ཤང་སྒར་གྲོང་གསར་གྱི་གྲོང་མི་ཡིན།

    1953ལོའི་གོང་ཚེ་བརྟན་གྱི་ཁྱིམ་ནི་སྒར་རྫོང་ཁོངས་ཀྱི་གཙོ་ཚོ་དཔོན་གྱི་དུད་ཆུང་ཡིན། 1953ལོའི་རྗེས་སུ་ཚེ་བརྟན་གྱི་ནང་མི་རྣམས་སྒར་རྫོང་དགུན་སའི་རྒྱུད་དུ་བྲོས་བྱོལ་དུ་ཕྱིན་པ་དང་། སྐབས་དེ་དུས་བཙུགས་ནས་ཡུན་རིང་མ་སོང་བའི་མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱི་རོགས་རམ་འོག་རིམ་བཞིན་ལྟོ་གོས་ལ་སེམས་ཁྲལ་བྱེད་དགོས་བྱུང་མེད། 1959ལོའི་ཟླ་8ཚེས་15ཉིན་སྒར་གྲོང་གསར་དེ་ཉིད་དགུན་སར་བཙུགས་ནས་སྒར་རྫོང་གི་གཞི་རིམ་མི་དམངས་སྲིད་དབང་ཨང་དང་པོར་གྱུར་པ་དང་། ཚེ་བརྟན་སྒར་གྲོང་གསར་གྱི་གྲོང་མིར་གྱུར་ནས་བདེ་སྐྱིད་ལྡན་པའི་ལམ་ཆེན་ཐོག་བསྐྱོད་འགོ་ཚུགས་ཡོད།

    608599_yis_1554266509558_s.jpg

     འདི་ནི་ཚེ་བརྟན(གཡས་ཀྱི་གསུམ་པ)ནང་མི་རྣམས་ཀྱི་དྲན་རྟེན་པར་ཡིན་པ།

    མངའ་རིས་དགུན་ས་གནམ་ཐང་འགྲམ་གྱི་སྒར་གྲོང་གསར་དུ“ཁྲི་གདུགས་ཉི་མ། ཤར་རིའི་རྩེ་ནས་ཤར་སོང་། དངུལ་མདོག་ཅན་གྱི་ལྷ་བྱ། གནའ་བོའི་གྲོང་ཚོར་ཕེབས་སོང་། གངས་ལྗོངས་ཕྱི་ཡི་སྐུ་མགྲོན། ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་བྱུང”ཞེས《དངུལ་མདོག་གི་ལྷ་བྱ》ཞེས་པའི་གཞས་འདི་དར་ཁྱབ་ཆེན་པོ་ཡོད། གནམ་ཐང་གི་མཁའ་དབྱིངས་སུ“ལྕགས་བྱ”འདྲ་བའི་གནམ་གྲུ་དེ་དག་གིས་སྒར་གྲོང་གསར་དང་ཐ་ན་མངའ་རིས་ས་ཁུལ་འཕེལ་རྒྱས་མྱུར་པོ་ཕྱིན་པའི་དཔང་པོ་བྱེད་ཐུབ། “ལྕགས་བྱར”བཅངས་པའི་རེ་སྨོན་ལས་མངའ་རིས་མི་དམངས་ཀྱིས་སྒོ་དབྱེ་དང་། བསྟུན་མཁས། ཡར་ཐོན་བཅས་དོན་གཉེར་ཧུར་ཐག་བྱེད་པའི་བསམ་འདུན་མཚོན་ཐུབ།

    ལོ་60ཡི་གོང་། མངའ་རིས་མི་དམངས་ཀྱིས“དགུན་སར”ཡིད་སྨོན་འཆོར་བ་དེ་ལས་རང་དབང་དང་། འདྲ་མཉམ། དམངས་གཙོ་བཅས་ལ་རེ་སྨོན་བྱེད་ལུགས་མཚོན་ཡོད།

    1952ལོའི་ཟླ་10པར། མངའ་རིས་ས་ཁུལ་གྱི་ཏང་གི་ས་གནས་རྩ་འཛུགས་ཐོག་མ་སྟེ། མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་སྒར་རྫོང་དགུན་སར་བཙུགས། མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱིས་ཕྱོགས་གཅིག་ནས་ལས་དོན་སྒྲིག་གཞི་ཁག་ཧུར་ཐག་འཛུགས་པ་དང་། ཚོང་དོན་འཕེལ་རྒྱས་གཏོང་བ། དེང་རབས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་གསར་སྐྲུན་བྱེད་པ། ཁང་པ་རྒྱག་པ། ཐང་རྒོད་སྦོལ་ནས་འབྲུ་རིགས་དང་ཚལ་འདེབས་པ་སོགས་བྱས་པ་དང་། ཕྱོགས་གཞན་ཞིག་ནས་མང་ཚོགས་ལ་སྐྱེད་མེད་བུ་ལོན་བཏང་སྟེ་སྐབས་འཕྲལ་གྱི་སྤྱི་ཚོགས་རོགས་སྐྱོབ་དང་མང་ཚོགས་ཀྱི་ནད་གཞི་བཅོས་ཡོད།

    དེ་ནས་བཟུང་ས་ཁུལ་ཁག་ནས་དགུན་སར་འཚོ་ཐབས་སུ་ཡོང་མཁན་ཞིང་བྲན་ཟམ་མི་ཆད་པར་མང་དུ་ཕྱིན།

    ཚེ་བརྟན་གྱིས་སྐབས་དེ་དུས་རྩྭ་ཐང་ཐོག་མི་མང་པོ་ཞིག་གིས། “གོ་ཐོས་ལ་དགུན་སར་གུང་ཁྲན་ཏང་སླེབས་ཡོད་པ་འདྲ” “གུང་ཁྲན་ཏང་། གུང་ཁྲན་ཏང་ཟེར་ན་ག་རེ་བྱེད་མཁན་རེད་དམ” “གོ་ཐོས་ལ་ཆེད་མངགས་ང་ཚོ་དབུལ་ཕོངས་ལ་རོགས་རམ་བྱེད་མཁན་ཞིག་རེད། ས་ཁུལ་གཞན་དག་གི་མི་མང་པོ་དགུན་སར་ཕྱིན་འདུག དེ་གར་ཕྱིན་ན་ལྟོ་གྲོད་པ་རྒྱགས་པ་ཟ་རྒྱུ་ཡོད་པ་འདྲ”

    “དངོས་གནས་ཡིན་ནམ”ཞེས་གཏམ་གླེང་བྱས་པ་ད་དུང་ཡང་གསལ་པོར་ངེས་ཡོད།

    སྒར་གྲོང་གསར་གྱི་རྒྱ་ཆེ་ཞིང་དཀར་ཆ་དོད་པའི་ཁང་པའི་ནང་ཚེ་བརྟན་གྱིས་གསར་འགོད་པར་གོང་གསལ་གྱི་སྐད་ཆ་དེ་དག་གསལ་པོ་དེ་འདྲ་ངེས་པའི་རྒྱུ་མཚན་ནི་གྲོད་པ་ལྟོགས་དྲགས་པའི་རྐྱེན་གྱིས“ལྟོ་གྲོད་པ་རྒྱགས་པ་ཟ་རྒྱུ་ཡོད”ཅེས་པ་ཐོས་རྗེས་སེམས་ནང་རྟག་ཏུ་སྐབས་དེ་དུས་ཀྱི་གཏམ་གླེང་གནས་ཚུལ་དྲན་གྱི་འདུག་ཅེས་བརྗོད།

    ཚེ་བརྟན་གྱིས་དེ་སྔ་ཨ་མར་ང་རང་མངལ་དུ་འཁོར་ཡོད་ཀྱང་ད་དུང་ངའི་གཅེན་མོ་གཉིས་ལ་ལྟ་རྟོག་བྱེད་དགོས་པ་དང་། པ་ཕ་རྔོན་རྒྱག་པར་འགྲོ་སྐབས་སྟབས་མ་ལེགས་པར་གྲོངས་པས་མུ་གེའི་སྟེང་ལ་ཟླ་ལྷག་ཅེས་པའི་དཔེ་ལྟར་དེ་བས་ཀྱང་སྐྱོ་རུ་ཕྱིན་སོང་ཞེས་ཨ་མས་གསུངས་མྱོང་ཡོད་ཅེས་བརྗོད།

    ཚེ་བརྟན་ལོ་9ལ་སླེབས་པའི་ལོ་དེར་འབྲོག་བདག་གི་ལུག་རྫིར་བཏང་། “ལུག་རྫི་བྱེད་རིང་གུར་ནང་ཉལ་མི་ཆོག་པས་ལུག་ཚང་ནང་ཉལ་རྒྱུ་ལས་མ་འདས། ཉིན་གང་དཀའ་ལས་ཁྲག་དྲི་ཆིལ་ཆིལ་བརྒྱབ་ཀྱང་ཐོབ་ཆ་རྩམ་པ་ཕོར་པ་ཆུང་ཆུང་གང་ལས་མེད”“འབྲོག་བདག་གིས་ལས་ཀ་ག་རེ་བྱེད་དགོས་ལབ་ཀྱང་དེ་བྱེད་རྒྱུ་དང་། གང་དུ་ཉལ་དགོས་ལབ་ཀྱང་དེ་གར་ཉལ་རྒྱུ། གང་ཟོ་ལབ་ཀྱང་དེ་བཟའ་རྒྱུ་ལས་མེད། སྐབས་དེ་དུས་ང་ཚོ་ནི་དུད་འགྲོ་དང་འདྲ་བར་འབྲོག་བདག་ཆེད་འཚོ་བ་ལས་རང་ཉིད་ཀྱི་ཆེད་དུ་འཚོ་བ་ཞིག་གཏན་ནས་མ་རེད”ཅེས་ཚེ་བརྟན་གྱིས་དེ་ལྟར་བརྗོད།

    1953ལོར་ཚེ་བརྟན་གྱི་ནང་མི་རྣམས་དགུན་སར་བྲོས་བྱོལ་དུ་འགྲོ་བའི་ལམ་ལ་ཞུགས།

    “ལམ་བར་དུ་ང་ཚོས་གཞི་ནས་དབུལ་ཕོངས་མང་པོ་ཞིག་དགུན་སར་གུང་ཁྲན་ཏང་འཚོལ་བར་འགྲོ་ཡི་ཡོད་པ་ཤེས་བྱུང”དེས་ན་ཚེ་བརྟན་གྱི་སེམས་པ་གཞི་ནས་ལྷོད་ལ་བབས་པ་དང“དགུན་སར་སླེབས་རྗེས་མི་མང་པོས་གུང་ཁྲན་ཏང་གི་ཁང་པའི་ཉེ་འཁོར་དུ་གུར་ཕུབ་ནས་བསྡད་འདུག”ཅེས་བརྗོད།

    “ཚང་མས་སྤུན་དོག་འཁེལ་བ་དང་། སྲན་ཞོ་བཏགས་རྗེས་གུང་ཁྲན་ཏང་གི་ས་ནས་འབྲས་དང་། ཤ། སྔོ་ཚལ། ད་དུང་དངུལ་བཅས་དང་བརྗེ་ཆོག”མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་ནས་ཚེ་བརྟན་ལ་ལྟོ་གྲོད་པ་རྒྱགས་པ་ཐེངས་དང་པོར་ཟ་རྒྱུ་བྱུང་བ་མ་ཟད། ད་དུང་དྲོ་སྐྱིད་ཀྱང་ཚོར་ཐུབ་ཡོད། སྐབས་དེ་དུས་མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱི་ལས་བྱེད་པས་ཚེ་བརྟན་གྱི་གོན་པ་ཧྲལ་ཧྲུལ་ཡིན་པ་མཐོང་རྗེས་དམག་ཆས་ཆ་ཚང་ཞིག་དང་བཅིངས་འགྲོལ་རྟགས་ཅན་གྱི་ལྷམ་ཆ་གཅིག་སྤྲད།

    དགུན་སར་ཚེ་བརྟན་གྱིས་པད་མ་བསྟན་འཛིན་ངོ་ཤེས་པ་དང་ཕྱིས་སུ་བཟའ་ཚང་འགྲིག པད་མ་བསྟན་འཛིན་དེ་སྔ་རུ་ཐོག་རྫོང་གི་ཞིང་བྲན་ཡིན་པ་དང་ཁོང་ཡང་དགུན་སར་བྲོས་བྱོལ་དུ་ཡོང་བ་ཞིག་རེད། 1959ལོར་མངའ་རིས་ས་ཁུལ་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་སྒར་གྲོང་གསར་བཙུགས་རྗེས་ཁོང་གཉིས་སྒར་གྲོང་གསར་གྱི་གྲོང་མི་མི་རབས་དང་པོའི་གྲས་སུ་གྱུར།

    ཚེ་བརྟན་དང་པད་མ་བསྟན་འཛིན་1965ལོར་གཉེན་སྒྲིག་བྱས་ནས་ད་བར་མི་ལོ་54ཏག་ཏག་སོང་ཡོད། ད་ཆ་ཁོང་གི་ཁྱིམ་མི་ཚང་མ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།