དབུ་ཤོག>ཆེད་སྒྲིག
  • མེ་ཏོག་རྫོང་དགེ་གླིང་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ལས་དོན་རུ་ཁག་གིས་དམག་དཔུང་དང་། ཉེན་རྟོག་པ། མང་ཚོགས་བཅས་མཉམ་འདྲེས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-02-15

    ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགེ་གླིང་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ལས་དོན་རུ་ཁག་གིས་བཅའ་སྡོད་ལེན་ཏུའེ་དང་མཐའ་མཚམས་མངགས་གཏོང་ཁང་དང་མཉམ་དུ“དམག་དཔུང་དང་། ཉེན་རྟོག་པ། མང་ཚོགས་བཅས་མཉམ་འདྲེས་སྤེལ་རེས་དང་མཉམ་སྐྲུན་འཕེལ་རྒྱས་ཀྱི”བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོའི་ནང་གཙོ་གཉེར་ཕྱོགས་ཀྱིས་འོས་འགན་སྨན་བཅོས་དང་། རྒྱུན་སྤྱོད་སྨན་རྫས་སྤྲོད་པ། རིན་མེད་ངང་སྐྲ་བཞར་བ། འབྲུ་རིགས་དང་བཟའ་སྣུམ་སྤྲད་ནས་དུད་ཚང་དབུལ་པོར་འཚམས་འདྲི་བྱེད་པ། རི་སྐོར་མཐའ་སྲུང་དང་མཉམ་འབྲེལ་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་བར་གྲོང་མི་ཚོའི་བསྔགས་བརྗོད་ཐོབ་ཅིང་། བྱེད་སྒོ་དེ་ནི་བཅའ་སྡོད་དཔོན་དམག་གིས“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན”བྱ་རྒྱུ་དེ་བྱ་སྤྱོད་དངོས་སུ་འགྱུར་བ་བྱས་ནས་མཉམ་དུ་མཐའ་སྲུང་རྒྱལ་སྲུང་དང་མཉམ་དུ་མཉམ་འདྲེས་འཕེལ་རྒྱལ་ཀྱི་དུས་རབས་ཀྱི་རྣམ་པ་གསར་པ་མངོན་པར་བྱེད་པ་ཞིག་རེད།

    “དེ་རིང་གི་རིན་མེད་འོས་འགན་སྨན་བཅོས་ནང་ངའི་ཁྲག་ཤེད་མཐོ་ཙམ་ཡོད་པ་ཤེས་བྱུང་། སྨན་པ་ཚོས་ང་ལ་ཁྲག་ཤེད་གཅོག་པའི་སྨན་མང་པོ་གནང་བྱུང་བས། ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དགེ་གླིང་གྲོང་ཚོའི་གྲོང་མི་སྒྲོལ་དཀར་གྱིས་སེམས་འགུལ་ཐེབས་བཞིན”བཤད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།