དབུ་ཤོག>ཆེད་སྒྲིག
  • ཉིང་ཁྲི་གྲོང་ཁྱེར་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གིས་ཇུས་བཟང་བཏོན་ནས་གྲོང་སྡོད་ལས་དོན་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-02-14

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་རྨང་བརྟན་དམངས་ཕན་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གིས་རང་ངོས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་ཡུལ་བབ་དང་བསྟུན་ཏེ་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་གི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་ལམ་ལུགས་འཛུགས་པ་སོགས་སྟབས་བསྟུན་བྱ་ཐབས་སྣ་མང་སྤྱད་དེ་གྲོང་སྡོད་ལས་དོན་ལ་རམ་འདེགས་བྱ་ཆེད་ཇུས་བཟང་བཏོན་པ་དང་། དེའི་ཤུགས་རྐྱེན་འོག་རྫོང་དང་ཆུས་ཁག་གིས་ཀྱང་ཚ་ཚ་འུར་འུར་ངང་བྱེད་ཐབས་སྣ་ཚོགས་བཏོན་ཏེ་གྲོང་སྡོད་ལས་དོན་གྱི་ཆུ་ཚད་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་བ་རེད།

    ཇུས་བཟང་དང་པོ། ཉིང་ཁྲི་གྲོང་ཁྱེར་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གིས་རྫོང་དང་ཆུས་ཁག་གི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཡུལ་ཟོག་ཚོང་ཁང་ཁག་གཅིག་ཏུ་ཉིང་ཁྲི་གྲོང་ཁྱེར་གྱི“གྲོང་ཚོའི(གྲོང་ལྷན)མཉམ་སྡེབ་དཔལ་འབྱོར་གྱི་ཁྱད་ལྡན་ཐོན་རྫས་ཐད་ཚོང་ས་ཚིགས”བཙུགས་པ་དང་དྲ་ཐོག་ཚོང་ཁང་དང་དངོས་གཞིའི་ཚོང་ཁང་ཟུང་འབྲེལ་བྱས་ཏེ་རྫོང་དང་ཆུས་ཁག་གི་གྲོང་ཚོའི(གྲོང་ལྷན)མཉམ་སྡེབ་དཔལ་འབྱོར་གྱི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ཐབས་ལམ་སྔར་བས་རྒྱ་ཆེར་དང་གྲོང་ཚོའི་མཉམ་སྡེབ་དང་ཞིང་འབྲོག་པའི་ཡོང་འབབ་མང་དུ་བཏང་བ་དང་།

    ཇུས་བཟང་གཉིས་པ། ཐག་རིང་དཀའ་ཚེགས་ཆེ་བའི་ས་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་སྡོད་ལས་དོན་དེ་བས་ལེགས་པའི་སྒོ་ནས་སྤེལ་ཆེད། ཉིང་ཁྲི་གྲོང་ཁྱེར་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གིས་2013ལོ་ནས་བཟུང་། གྲོང་ཁྱེར་ནོར་སྲིད་ཀྱིས་ལོ་ལྟར་སྤོ་བོ་རྫོང་དང་རྫ་ཡུལ་རྫོང་གི་ཐག་རིང་དཀའ་ཚེགས་ས་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་19ལ་འཚོ་བའི་ཁ་གསབ་སྒོར་10000སྤྲོད་ཀྱི་ཡོད་པ་རེད

    ཇུས་བཟང་གསུམ་པ། ཉིང་ཁྲི་གྲོང་ཁྱེར་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གིས་གྲོང་སྡོད་ལས་དོན་རུ་མི་སྒེར་གྱི་ལོ་མཇུག་གི་ཆོད་སྡོམ་ལམ་ལུགས་འཚོལ་ཞིབ་བྱས་ནས་བཟོས་ཏེ། རྫོང་དང་ཆུས་ཁག་གི་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གིས་གྲོང་སྡོད་ལས་དོན་རུ་མིའི་རང་འགན་གཙང་སྒྲུབ་དང་། འགན་འཁྲི་འཁུར་ཕོད་པ། རང་འགུལ་ངང་བྱ་སྤྱོད་སྤེལ་བ། སྒྲིག་ཁྲིམས་ནན་སྲུང་བཅས་ཐད་དཔྱད་ཞིབ་བྱས་པ་དང་། གྲོང་སྡོད་ལས་དོན་རུ་མིའི་ལོ་མཇུག་གི་དཔྱད་ཞིབ་གནས་ཚུལ《གྲོང་སྡོད་ལས་དོན་རུ་མི་སྒེར་གྱི་ལོ་མཇུག་གི་ཆོད་སྡོམ་རེའུ་མིག》ནང་བཅུག་པ་མ་ཟད། 《གྲོང་སྡོད་ལས་དོན་རུ་མི་སྒེར་གྱི་ལོ་མཇུག་གི་ཆོད་སྡོམ་རེའུ་མིག》དེ་བཅའ་སྡོད་ཚན་པར་ཚུར་ལན་བྱས་པ་རེད།

    ཉིང་ཁྲི་གྲོང་ཁྱེར་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གི་བཀོད་སྒྲིག་འོག ཁོངས་གཏོགས་ཀྱི་རྫོང་དང་ཆུས་དང་ཤང་དང་གྲོང་རྡལ་ཁག་གིས་ཀྱང་ཚ་ཚ་འུར་འུར་ངང་བྱེད་ཐབས་སྣ་ཚོགས་བཏོན་ནས་གྲོང་སྡོད་ལས་དོན་ལ་རམ་འདེགས་ཧུར་ཐག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།