དབུ་ཤོག>ཆེད་སྒྲིག
  • དངོས་འཛིན་དངོས་སྒྲུབ་ཀུན་ལ་ཕན་པ་བཏགས། རྨང་རྩ་གཉིས་བརྟན་དམངས་སེམས་གཅིག་ཏུ་བསྒྲིལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-02-04

    ལོ་གཅིག་རིང་། གྲོང་སྡོད་ལས་དོན་རུ་ཁག་ཁག་བདུན་པའི་རྒྱ་ཆེའི་ལས་བྱེད་པས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་ལེན་མཐར་ཕྱིན་བསྟར་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོར་བཙུགས་པ་དང་ལག་བསྟར་དོན་འཁྱོལ། འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་སྤྱིའི་དམིགས་ཚད་དང་ལས་བྱེད་པ་གྲོང་སྡོད་ཀྱི“ལས་འགན་ཁག་བདུན”ལ་དམ་པོར་དམིགས་ཏེ། གཞི་རིམ་གྱི་རྨང་གཞི་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་དང་། རྨང་གཞིའི་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་གནད་དོན་ཐག་གཅོད་ལ་ཤུགས་སྣོན་གནད་སྨིན་བརྒྱབ་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བཅས་ལ་གཞི་རིམ་གྱི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    ལོ་གཅིག་རིང་། གྲོང་སྡོད་ལས་དོན་རུ་ཁག་ཁག་བདུན་པའི་རུ་མིས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ལྷག་བསམ་རྣམ་དག་དང་། མི་དམངས་མང་ཚོགས་ལ་ཟོལ་མེད་བརྩེ་སེམས་བཅངས་པ། ཆབ་སྲིད་ལ་སྣང་ཆེན་གྱིས་རང་འགན་གཙང་སྒྲུབ། ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་པ། དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཤིང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཐད་ཀའི་འགོ་ཁྲིད་འོག་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོཌ། སྲིད་ཇུས་བཅས་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱས་ཏེ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་གདེང་ཚོད་དང་ཆོད་སེམས་སྔར་བས་བརྟན་དུ་བཏང་བ་དང་། མང་ཚོགས་ཀྱི་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་བརྟན་ལྷིང་ཐད་ལ་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བའི་འདུ་ཤེས་ཇེ་ཟབ་ཏུ་བཏང་བ། ཐོན་ལས་འཕེལ་རྒྱས་ཐད་གོ་ཆོད་ཐབས་ཇུས་བཏོན་ཏེ་མི་རིགས་ཁག་གི་མང་ཚོགས་ཐག་ཉེ་ས་དང་། སྟབས་བདེ་ས། རང་ཡུལ་དང་བྲལ་མི་དགོས་པར་ཐོན་ལས་འཕེལ་རྒྱས་ལ་ཞུགས་པའི་ཁྲིད་སྟོན་བྱས་ཏེ་གྲོང་སྡོད་ལས་དོན་གྱི་བཀྲག་མདངས་འཚེར་ས་ཆེན་པོ་ཞིག་བཏོད་པ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུན་མི་ཆད་པར་བརྒྱབ་ནས་ཞིང་འབྲོག་ཁུལ་གྱི་ཏང་གི“སྲོག་ཤིང”གནས་བབ་སྔར་བས་བརྟན་དུ་བཏང་བ། མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་ལེན་ཤུགས་ཆེན་བསྟར་ཏེ། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་བ་དང་། གཞི་རིམ་གྱི་རྣམ་པ་ལེགས་སུ་བཏང་བ་བཅས་རང་ལྗོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་གི་དུས་བབ་སྲུང་སྐྱོང་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    ལོ་གཅིག་རིང་། གྲོང་སྡོད་ལས་དོན་རུ་ཁག་ཁག་བདུན་པའི་རུ་མི་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་ཞུས་པ་དང་། རང་འགན་གཙང་སྒྲུབ་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཡིད་ཆེས་གནང་བ་དང་བཀའ་མངགས་གལ་ཆེན་གནང་བ་དག་ལེགས་པར་བསྒྲུབས་པ། རང་ཉིད་ཀྱི་ལང་ཚོ་དང་རྔུལ་ཆུར་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ལ་ལྷད་མེད་བརྩེ་བ་འཆང་ཚུལ་མཚོན་པའི་བྱ་བཟང་མང་པོ་བསྒྲུབས་ཡོད། དེ་རིང་ང་ཚོས་པར་རིས་པར་ངོས་འདི་འདྲ་ཞིག་ཆེད་མངཌ་བཏོན་པའི་དམིགས་ཡུལ་ནི“སྲིད་ཇུས་ཀྱི་སྒྲོག་འགྲེལ་པ”དང་། “འཕེལ་རྒྱས་ཀྱི་སྣེ་འདྲེན་པ”“མང་ཚོཌ་ཀྱི་སྙིང་ཉེ་བ”བཅས་ཀྱིས་དངོས་འཛིན་དངོས་སྒྲུབ་དང་། ཡར་རྒྱས་བརྩོན་ལེན། འབད་འབུངས་མདུན་སྐྱོད་བཅས་བྱས་པའི་མི་སེམས་འགུལ་བའི་ཉམས་འགྱུར་ཚོར་ཤེས་བྱེད་པའི་ཆེད་དུ་ལགས།

    586634_yis_1547616911001_s.jpg

    འདི་ནི་སྦྲ་ཆེན་རྫོང་གི་གྲོང་ཚོ་16པར་བཅའ་སྡོད་ནག་ཆུ་གྲོང་ཁྱེར་གསར་འགྱུར་རླུང་འཕྲིན་ཅུས་ཀྱི་ལས་དོན་རུ་ཁག་གི་རུ་མིས་གྲོང་མི་དང་མཉམ་དུ་རྒྱལ་དར་སྒྲེང་བཞིན་པ།

    586636_yis_1547616912624_s.jpg

    འདི་ནི་དབའ་ཕྱི་གྲོང་ཚོར་བཅའ་སྡོད་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀརྨ་ཤང་སྲིད་གཞུང་གི་ལས་དོན་རུ་ཁག་གི་རུ་མིས་གྲོང་མིར་ལོ་ཏོག་རྔ་རོགས་བྱེད་བཞིན་པ།

    586637_yis_1547616913419_s.jpg

    འདི་ནི་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་མདོ་ཆེན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིས་འོང་དཀྱིལ་དུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འབྲེལ་ཡོད་ནང་དོན་སྒྲོག་འགྲེལ་བྱེད་བཞིན་པ།

    586635_yis_1547616911828_s.jpg

    འདི་ནི་གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་འོག་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་སྐྲབ་པ་གྲོང་ཚོའི་གྲོང་མིར་ཞོག་ཁོག་ཐོན་འབབ་ལེགས་པོ་བྱུང་བ།

    586632_yis_1547616909379_s.jpg

    འདི་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སྤ་རྭ་གྲོང་ཚོའི་གྲོང་མིས་ལོ་གསར་པའི་ཆང་ཕུད་གྲོང་སྡོད་ལས་བྱེད་པར་འགྱོག་བཞིན་པ།

    586629_yis_1547616905416_s.jpg

    འདི་ནི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་རྒྱ་རོང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིས་གྲོང་མི་དང་མཉམ་དུ་ངལ་རྩོལ་བྱེད་བཞིན་པ།

    586633_yis_1547616910206_s.jpg

    འདི་ནི་སྤོ་བོ་རྫོང་ཤིས་པ་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་ནགས་ལས་ཅུས་ཀྱི་ལས་དོན་རུ་ཁག་གི་རུ་མིས་དགུན་ཁའི་གུང་སེང་རིང་སློབ་མར་ཟུར་ཁྲིད་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།