དབུ་ཤོག>ཆེད་སྒྲིག
  • བོད་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-10-17

    མིག་སྔར། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་རྣམ་གྲངས་འཛུགས་སྐྲུན་མཐའ་མའི་དུས་མཚམས་སུ་སླེབས་པ་དང་། འདི་ལོའི་ནང་ཚུན་དུ་བསྐྲུན་ནས་ཡུལ་མི་རྣམས་སྡོད་ཐུབ་རྒྱུ་ཡིན་པ་རེད། དེ་སྔའི“མི་གསུམ་གྱི་ཤང”ལ་ད་ལྟ་སྒྲིག་བཀོད་འཐུས་སྒོ་ཚང་བ་དང་། བདེ་སྡོད་ལས་བརྩོན། ཁོར་ཡུག་མཛེས་པ། སྣོད་བཅུད་བཟང་བ། ཡིད་དབང་འཕྲོག་ཅིང་ཐུན་མོང་མ་ཡིན་པ་བཅས་ཀྱི་རྣམ་པ་གསར་པ་ཞིག་མངོན་བཞིན་ཡོད་པ་རེད།

    འདི་ལོའི་ལོ་འགོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་སློབ་སྦྱོང་བྱས་ནས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བའི་ཐབས་ཇུས་བཀོད་སྒྲིག་བྱས་ཡོད། ད་ཆ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་པའི་ཡུལ་སྨད་ཤང་ནི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་རང་ལྗོངས་ཀྱི་དཔེ་མཚོན་ཞིག་རེད།

    “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་བཏོན་རྗེས། རང་ལྗོངས་ཀྱིས“ཐོན་ལས་དར་རྒྱས་ཆེ་བ་དང་། སྣོད་བཅུད་སྡོད་མལ་རུང་བ། ཡུལ་སྲོལ་ཤེས་དཔལ་ལྡན་པ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་ལྡན་པ”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱ་རྒྱུ་རྩ་བའི་ཐབས་ཤེས་ལ་བརྩི་བ་དང་། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་དུས་མཚམས་རང་བཞིན་གྱི་ལས་འགན་གལ་ཆེན་ཞིག་ལ་བརྩི་བ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་སྲོལ་གཏོད་ཟུང་འབྲེལ་བྱ་རྒྱུར་སྣང་ཆེན་བྱེད་པ། ཞིང་འབྲོག་ཁུལ་གྱི་འཛུགས་སྐྲུན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་བརྗིད་ཆེའི་འཆར་གཞི་ས་མཐོར་རིམ་གྱིས་འགོད་བཞིན་ཡོད་པ་རེད།

    འདི་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱིས་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། རིམ་རྩིས་ལྟར་ན། ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཁྱོན་2069ལག་ལེན་བསྟར་བར་མ་དངུལ་དུང་ཕྱུར་267.4དམིགས་སར་འབྱོར་ཡོད་པ་རེད། དེ་དང་ཆབས་ཅིག་ནས་དང་། འབྲི་གཡག བོད་ཕག གཟན་རྩྭ། སྔོ་ཚལ། གྲོང་གསེབ་ཡུལ་སྐོར་སོགས་ཀྱི་དམངས་ཕྱུག་ཐོན་ལས་ཁག་གཅིག་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་ས་སྲུང་མཐའ་བརྟན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་དེའི་མི་གསོ་མི་ཐུབ་པ་དང་། ས་བབ་མཐོ་ཤོས་ཁུལ་དང་སྣོད་བཅུད་ཞན་པའི་ས་ཁུལ་གྱི་མང་ཚོགས་དབུལ་པོ་གནས་སྤོ་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། “ས་ངན”ཡུག་ཁུལ་གྱི་དབུལ་སྐྱོར་གནས་སྤོས་ཁག་དང་པོ་ལྷ་སའི་བཀོད་སྒྲིག་བྱ་ཡུལ་དུ་སྡོད་ཐུབ་པ། ཉི་མ་རྫོང་རོང་དམར་ཤང་གི་ས་བབ་མཐོ་ཤོས་ཀྱི་སྣོད་བཅུད་གནས་སྤོས་རྣམ་གྲངས་དངོས་སུ་ལག་ལེན་བསྟར་བ། གཞིས་རྩེས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་70ཙམ་བསྐྲུན་འགོ་བཙུགས་པ་སོགས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་འབོར་ཆེན་བསྒྲུབས་ཡོད་པ་རེད། དེ་དང་ཆབས་ཅིག གྲོང་མིའི་ཡོང་འབབ་དང་དཔལ་འབྱོར་གཞི་རྩའི་ཆར་དུས་གཅིག་ཏུ་འཕར་བ་དང་། ལོ་སྟོད་དུ་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་11.0%འཕར་བ་དང་། འཕར་ཚད་ཚང་མ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

    དེ་དང་དུས་མཚུངས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་འཆར་འགོད་བཟོ་འགོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བཟོ་འགོད་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། དེའི་འོག་ཏུ་སྤྱིའི་འཆར་འགོད་འཆར་ཟིན་འགོད་པའི་ཚོགས་ཆུང་དང་། དར་རྒྱས་གཏོང་བའི་ཆེད་དོན་ཚོགས་ཆུང་དང་རིགས་གཅིག་མཁས་ཅན་གྱི་བློ་འདྲི་དང་རིགས་པས་ཁུངས་སྐྱེལ་གྱི་ཚོགས་ཆུང་5བཅས་བཀོད་སྒྲིག་བྱས་ཡོད་པ་རེད། དུས་མཚམས་ཤིག་རིང་འབད་བརྩོན་བྱས་པ་བརྒྱུད། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་བསམ་འཆར་བསྡུ་ལེན་ཡང་ཡང་བྱས་པའི་རྨང་གཞིའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་འཆར་འགོད(2018ལོ་ནས་2022ལོའི་བར)》དང་། ཐོན་ལས་དང་། སྣོད་བཅུད། ཤེས་ལྡན་མི་སྣ། རིག་གནས། རྩ་འཛུགས་བཅས་ཆེད་དོན་འཆར་འགོད་མ་ཟིན་5གྲུབ་ཡོད་པ་དང་། མིག་སྔར་རིགས་གཅིག་མཁས་ཅན་གྱིས་བློ་འདྲི་དང་རིགས་པས་ཁུངས་སྐྱེལ་བྱེད་པའི་དུས་མཚམས་སུ་སླེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།