དབུ་ཤོག>ཆེད་སྒྲིག
  • སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ཐོག་མིང་རྟགས་བཀོད་པའི་རྣམ་གྲངས་ལ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུང་540ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-09-15

    ཟླ་9ཚེས་11ཉིན། སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་གནའ་གྲོང་ལྷ་སར་མཇུག་འགྲིལ་བ་རེད། དུས་ཐུང་ཉིན་ལྔའི་ནང་སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ཀྱིས“ཡུལ་སྐོར་རིག་གནས་མངོན་གསལ་དོད་པ་དང་། གནད་སྨིན་དབུལ་སྒྲོལ་ལ་དམིགས་པ། ཚོང་འགུགས་མ་འདྲེན་ལ་ཤུགས་སྣོན་རྒྱག་པ”བཅས་དེ་བས་མངོན་གསལ་དོད་པོ་ཡོང་བ་དང་། ས་ཁུལ་དང་རྒྱལ་ཁབ་མང་པོའི་འགྲེམས་ཞུགས་ཚོང་པ་ལྷན་དུ་འཛོམས་པ། “གྲོགས་ཚོགས”སྔར་བས་རྒྱ་ཆེར་ཕྱིན་པ་བཅས་ཡོང་བ་བྱས་པས་བོད་ལྗོངས་འགྲེམས་ཚོགས་འདི་ཉིད་ད་ཆ་འཛམ་གླིང་ལ་ཀྲུང་གོ་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་མངོན་པར་བྱེད་པའི་ལས་སྟེགས་གསར་པ་ཞིག་ཏུ་གྱུར་ཡོད་པ་དང་། རྒྱལ་ཡོངས་ས་གནས་ཁག་དང་འཛམ་གླིང་རྒྱལ་ཁབ་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམ་པས་སྒོ་དབྱེ་བསྟུན་མཁས་ཀྱི་ལས་སྟེགས་འདིའི་ཐོག་འབྲེལ་གཏུག་སྤེལ་རེས་བྱས་ཏེ། ཚོང་ལས་ཀྱི་གོ་སྐབས་མཉམ་དུ་སྤྱད་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱི་ཚོང་འགུགས་མ་འདྲེན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ཅིང་། ཁྱོན་གན་རྒྱའི་རྣམ་གྲངས་ཁག་108ལ་མིང་རྟགས་བཀོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་540.82ཟིན་ཡོད་པ་དང་། དེའི་ནང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་ཚོགས་རའི་ཚོང་འགུགས་མ་འདྲེན་ལ་ཕན་འབྲས་བཟང་པོ་ཐོན་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་སྒུལ་ནུས་གསར་པ་བསྣན་ཡོད་པ་རེད།

    ཐོན་ལས་ཀྱི་མ་དངུལ་གཏོང་ཕྱོགས་དང་མ་འཇོག་གི་བསྡུར་གྲངས་བཟུང་ཚད་ཀྱི་ཐོག་ནས་བལྟས་ཚེ། གྲུབ་ཆ་ཇེ་ལེགས་སུ་སོང་ཡོད་པ་རེད། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱི་མིང་རྟགས་བཀོད་པའི་གན་རྒྱའི་རྣམ་གྲངས་དག་རང་ལྗོངས་ཀྱི་ད་ལྟའི་དུས་མཚམས་ཀྱི་ཐོན་ལས་ཆེན་པོ་བདུན་འཕེལ་རྒྱས་ཀྱི་ད་ཆའི་གནས་ཚུལ་དང་འཚམས་ནས་རང་ལྗོངས་ཀྱི་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་རིམ་སྤོར་ལ་སྐུལ་ཁྲིད་ཐུབ་རྒྱུ་རེད། དེ་དག་གཙོ་བོ་ས་མཐོའི་སྐྱེ་དངོས་ཐོན་ལས་ཀྱི་རྣམ་གྲངས་24དང་འབྲེལ་བ་ཡོད་པ་དང། མ་རྩ་སྒོར་དུང་ཕྱུར་66.01ཟིན་པ་དེས་མིང་རྟགས་བཀོད་པའི་གན་རྒྱའི་རྣམ་གྲངས་ཀྱི་མ་དངུལ་བསྡོམས་འབོར་གྱི12.21%བཟུང་ཡོད་པ་དང་། ཁྱད་ལྡན་ཡུལ་སྐོར་རིག་གནས་ཐོན་ལས་རྣམ་གྲངས་17ཡོད་པར་མ་རྩ་སྒོར་དུང་ཕྱུར་113.08ཟིན་པ་དེས་20.91%བཟུང་བ། ལྗང་མདོག་བཟོ་ལས་རྣམ་གྲངས་20ཡོད་པར་མ་རྩ་སྒོར་དུང་ཕྱུར་123.29ཟིན་པ་དེས་22.80%བཟུང་བ། ནུས་རྒྱུ་གཙང་མའི་ཐོན་ལས་རྣམ་གྲངས་12ཡོད་པར་མ་རྩ་སྒོར་དུང་ཕྱུར་56.43ཟིན་པ་དེས་10.43%བཟུང་བ། དེང་རབས་ཞབས་ཞུའི་ལས་རིགས་ཀྱི་རྣམ་གྲངས་17ཡོད་པར་མ་རྩ་སྒོར་དུང་ཕྱུར་89.72ཟིན་པ་དེས16.59%བཟུང་བ། མཐོ་གསར་གྲངས་འཛིན་ཐོན་ལས་རྣམ་གྲངས་4ཡོད་པར་མ་རྩ་སྒོར་དུང་ཕྱུར་16.49ཟིན་པ་དེས་3.05%བཟུང་བ། མཐའ་མཚམས་ཚོང་དོན་ཟོག་འགྲེམས་ཐོན་ལས་14ཡོད་པར་མ་རྩ་སྒོར་དུང་ཕྱུར་75.80ཟིན་པ་དེས་ 14.02%བཟུང་ཡོད་པ་རེད།

    མ་རྩ་གཏོང་བའི་བྱེད་པོའི་ཐད་གསོན་ཤུགས་ཆེན་པོ་ལྡན་ཡོད་པ་རེད། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱི་མིང་རྟགས་བཀོད་པའི་རྣམ་གྲངས་ཀྱི་མ་རྩ་གཏོང་བའི་བྱེད་པོ་ནི་ཀྲུང་དབྱང་ཁེ་ལས་དང་། གཞུང་ཁོངས་ཁེ་ལས། དམངས་གཉེར་ཁེ་ལས་བཅས་ཁེ་ལས་རིགས་3གྱི་མ་རྩ་གཏོང་བའི་བྱེད་པོ་ཁྱབ་ཡོད་པ་རེད། དེའི་ནང་དམངས་གཉེར་ཁེ་ལས་ཀྱིས་མིང་རྟགས་བཀོད་པའི་རྣམ་གྲངས་ཁག་81ཡོད་པ་དེས་རྣམ་གྲངས་ཡོངས་ཀྱི་75%བཟུང་བ་དང་། མ་རྩ་གཏོང་ཚད་སྒོར་དུང་ཕྱུར་337ཟིན་པ་དེས་མ་རྩ་གཏོང་ཚད་དངུལ་གྲངས་ཡོངས་ཀྱི་62.31%བཟུང་ཡོད་པ་རེད། དེ་ཐོག་ནས་ཉེ་ལམ་ལོ་ཤས་རིང་རང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་ཕྱིན་ཏེ་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་དེ་བས་སྐུལ་འདེད་ཐུབ་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་རྒྱུ་ཡིན་པ་རེད།

    མིང་རྟགས་བཀོད་པའི་རྣམ་གྲངས་དོན་འཁྱོལ་མགྱོགས་པོ་ཐུབ་ཚུལ་མངོན་ཡོད་པ་རེད། བོད་ལྗོངས་འགྲེམས་ཚོགས་རིང་། རང་སྐྱོང་ལྗོངས་ཀྱིས་ཁེ་ལས་སྟོབས་ཆེན་500ཡིས་བོད་དུ་དོན་འཁྱོལ་རྣམ་གྲངས་ཀྱི་འཐུས་མིའི་སྙིང་གཏམ་ཤོད་པའི་ཚོགས་འདུ་དང་། གན་རྒྱ་འཇོག་པའི་རྣམ་གྲངས་ཐོན་ལས་ཚོགས་ཆུང་དབྱེ་བའི་སྙིང་གཏམ་ཤོད་པའི་ཚོགས་འདུ། “བརྒྱུད་རིམ་ཧྲིལ་པོ་ཚབ་གཉེར་དང་། ཆེད་དོན་ཞབས་ཞུའི”ཧྲི་ཀྲང་གི་ཁས་ལེན་ཚོགས་འདུ་སོགས་ཆེད་དོན་ཚོགས་འདུ་8སྔ་རྗེས་སུ་འཚོགས་པ་དང་། མིང་རྟགས་འགོད་མཁན་འཐུས་མི་དང་ངོ་ཐུག་གདོང་འཕྲད་དང་བསམ་པ་གཅིག་མཐུན་གྱི་སྒོ་ནས་གླེང་མོལ་གཏིང་ཟབ་དང་། དྲང་པོ། ཞིབ་ཚགས་བཅས་བྱས་ཏེ་ཕན་ཚུན་ཡིད་ཆེས་གཉིས་ཕན་དང་གཉིས་ཕན་མཉམ་ལས་བྱས་ཡོད་པ་རེད།

    གོམ་སྟབས་རྗེས་མར། རང་ལྗོངས་ཀྱིས་དུས་ཐོག་ཏུ་བོད་ལྗོངས་འགྲེམས་ཚོགས་ཀྱི་མིང་རྟགས་བཀོད་པའི་གན་རྒྱའི་རྣམ་གྲངས་ཀྱི་མངོན་སུམ་རང་བཞིན་དང་དོན་འཁྱོལ་ཕན་ནུས་ལ་ལྟ་བཤེར་བྱེད་པའི་ལས་དོན་སྤེལ་ཏེ། ཟླ་རེའི་བཀོད་གཏོང་དང་བརྡ་ཁྱབ་ལམ་སྲོལ་འཛུགས་པ་དང་། སྲིད་འཛིན་ཞབས་ཞུའི་དགོས་པའི་ལས་མི་བྱེད་པར་ཉི་མ་གང་འཁྱོལ་བྱེད་རིགས་ལ་འགན་འཁྲི་བདའ་འདེད་ནན་པོ་བཏང་ནས“དོན་འཁྱོལ་དཀའ་བ་དང་། དོན་ཐོག་ཏུ་མི་འཁྱོལ་བའི”འགན་འཁྲི་ལྡོག་བཤེར་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།