ཉེ་ཆར། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས·སྐབས་བཞི་པའི་ཀྲུང་གོ་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་གྱི་མཇུག་འགྲིལ་མཛད་སྒོ་དང་བྱ་དགའ་སྤྲོད་པའི་མཛད་སྒོ་ལྷ་སར་འཚོགས་ནས་གསེར་གྱི་བྱ་དགའ་ཐོབ་མཁན་2དང་། དངུལ་གྱི་བྱ་དགའ་ཐོབ་མཁན་3 ཟངས་ཀྱི་བྱ་དགའ་ཐོབ་མཁན་10བཅས་བདམས་པ་དང་ཚན་པ་2ལ་ཕུལ་བྱུང་སྒྲིག་འཛུགས་ཀྱི་བྱ་དགའ་སྤྲད་པ་རེད།
སྐབས་བཞི་པའི་ཀྲུང་གོ་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་དུས་ཆེན་རིང་རྒྱལ་ཁབ་ཕྱི་ནང་ནས་འོས་སྦྱོར་བྱས་པའི་བརྩམས་ཆོས་2000ལྷག་ཙམ་ཁྲོད་ནས་ཐང་ག་200འགྲེམས་སྟོན་ལ་ཞུགས་པ་རེད། ཐང་གའི་ལུགས་ནས་བལྟས་ཚེ་བྱེའུ་སྒང་པ་དང་། སྨན་ཐང་། མཁྱེན་བརྩེ། ཀརྨ་སྒར་བྲིས། སྨན་གསར་བཅས་ལུགས་ཆེན་པོ་ལྔ་ཡོད་པ་དང་། བཟོ་རྩལ་ནས་བལྟས་ཚེ་རས་དང་ཤོག་བུ་གཉིས་ཀྱི་སྟེང་བྲིས་པའི་ཐང་ག་དང་འཚེམ་དྲུབ་དང་རྩེག་དྲུབ་ཐང་ག་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འགྲེམས་སྟོན་ཉིན་ལྔ་བྱེད་རིང་འགྲེམས་སྟོན་ལ་ལྟ་བ་དང་ཐང་ག་ཉོ་མཁན་མི་ཐེངས་ཁྲི་ཡན་ཟིན་ཡོད། མིག་སྔར་སྐབས་བཞི་པའི་ཀྲུང་གོ་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་དུས་ཆེན་གྱི་སྤུས་ལེགས་འགྲེམས་སྟོན་བཤད་སྒྲའི་སྒོ་རའི་ནང་སྤེལ་བཞིན་ཡོད་པ་དང་འགྲེམས་སྟོན་དེ་ཟླ་10ཚེས་7ཉིན་བར་སྤེལ་རྒྱུ་ཡིན་པ་རེད།