དབུ་ཤོག>ཆེད་སྒྲིག
  • བོད་ལྗོངས་འགྲེམས་ཚོགས་ཉིང་ཁྲི་ཡན་ལག་ཚོགས་ར་དང་2018ལོའི་ཉིང་ཁྲིའི་ཡར་ཀླུང་གཙང་པོའི་སྣོད་བཅུད་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-09-11

    “མི་ཡུལ་གྱི་དག་ཞིང་། ཡིད་འོང་གི་ཉིང་ཁྲི”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྐབས་བཞི་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་ཉིང་ཁྲི་ཡན་ལག་ཚོགས་ར་དང་2018ལོའི་ཉིང་ཁྲིའི་ཡར་ཀླུང་གཙང་པོའི་སྣོད་བཅུད་རིག་གནས་ཡུལ་སྐོར་དུས་ཆེན་ཟླ་9ཚེས་9ཉིན་ཉིང་ཁྲི་གྲོང་ཁྱེར་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།

    ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་མཱ་ཧྲེང་ཁྲང་གིས་འགོ་ཚུགས་ཤིས་ཚིག་གསུངས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས“བོད་ལྗོངས་འགྲེམས་ཚོགས་ཉིང་ཁྲི་ཡན་ལག་ཚོགས་ར་དང་2018ལོའི་ཉིང་ཁྲིའི་ཡར་ཀླུང་གཙང་པོའི་སྣོད་བཅུད་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་པའི”ཁྱབ་བསྒྲགས་གནང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་ཁུལ་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་སྐྲུན་པའི་དམིགས་ཚད་དང“ས་གོ་ལའི་སྣེ་གསུམ་པའི”ཡུལ་སྐོར་སྤུས་རྟགས་གཏོད་རྒྱུར་དམ་པོར་དམིགས་ནས། “མི་ཡུལ་གྱི་དག་ཞིང་། ཡིད་འོང་གི་ཉིང་ཁྲིའི”ཡུལ་སྐོར་གཟུགས་བརྙན་གྱི་སྤུས་རྟགས་གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་། ཡུལ་སྐོར་ལས་དོན་གྱི་བྱེད་ཐབས་གསར་པ་རྒྱུན་ཆད་མེད་པར་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། བོད་སྐྱོད“ས་ཚིགས་དང་པོའི”ལེའུ་ཡག་པོ་ཧུར་ཐག་བརྩམས་པས། ཡུལ་སྐོར་ལས་རིགས་ལ“གྱེན་འཕྱུར་རྣམ་པའི”འཕེལ་རྒྱས་བྱུང་ཡོད། འདི་ལོའི་ལོ་སྟོད་ཁོ་ནར་ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་339ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་25.42བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་53.54%དང་40.24%འཕར་བ་དང་། ཞིང་འབྲོག་པའི་ཁྱིམ་ཚང་མགྲོན་ཁང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་26.86ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་82.78%འཕར་བ། ཡུལ་སྐོར་གྱི་ཡོང་འབབ་སྒོར་ཁྲི་4051.8བྱུང་ནས་དུས་མཚུངས་ལས་92.79%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།