“མི་ཡུལ་གྱི་གནས་མཆོག ཡིད་འོང་གི་ཉིང་ཁྲི”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྐབས་བཞི་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་ཉིང་ཁྲི་ཡན་ལག་ཚོགས་ར་དང་2018ལོའི་བོད་ལྗོངས་ཉིང་ཁྲིའི་ཡར་ཀླུང་གཙང་པོ་སྣོད་བཅུད་རིག་གནས་དུས་ཆེན་ཟླ་9ཚེས་9ཉིན་གྱི་སྔ་དྲོ་ཉིང་ཁྲི་གྲོང་ཁྱེར་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། འདི་ནི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།