དབུ་ཤོག>ཆེད་སྒྲིག
  • བོད་ལྗོངས་འགྲེམས་ཚོགས་ཉིང་ཁྲིའི་ཡན་ལག་ཚོགས་རྭ།

  • ཡོང་ཁུངས།  སེམས་ཀྱི་ཞིང་ཁམས་སྐད་འཕྲིན་ལས།   |     སྤེལ་དུས།  2018-09-10

    微信图片_20180910103910.jpg

    བོད་ལྗོངས་འགྲེམས་ཚོགས་སྐབས་བཞི་པའི་བཀྲག་མདངས་འཚེར་ས།

    ཁྱད་ལྡན་བཀོད་སྒྲིག

    ཡུལ་དེ་གའི་དམངས་སྲོལ་དང་ཐོན་ཁུངས་ལེགས་ཆ་འབུར་དུ་ཐོན་པའི་ཉིང་ཁྲིའི་བག་ཆགས་ཞེས་པའི་ཆེད་དོན་འཁྲབ་སྟོན་དང་།  ཀླུ་ནང་མེ་ཕུང་མཚན་ཚོགས། མི་སྟོང་གི་བེ་ཤའི་རྡོ་ཁོག་གསོལ་སྟོན།  ཧི་མ་ལ་ཡར་བསྐོར་བའི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་གླེང་སྟེགས།

    འགོ་འཛུགས་མཛད་སྒོའི་ས་གནས་དང་དུས་ཚོད།

    བོད་ལྗོངས་འགྲེམས་ཚོགས་ཉིང་ཁྲིའི་ཡན་ལག་ཚོགས་རྭ་དང་༢༠༡༨ལོའི་བོད་ལྗོངས་ཉིང་ཁྲིའི་ཡར་ཀླུང་གཙང་པོའི་འབྱུང་ཁམས་རིག་གནས་ཡུལ་སྐོར་དུས་ཆེན་ཟླ་༩ཚེས་༩ཉིན་ཉིང་ཁྲི་གྲོང་ཁྱེར་ལུས་རྩལ་ཐང་དུ་འགོ་འཛུགས་རྒྱུ།

    མྱམས་རོལ་བྱེད་སྒོ 

    འགོ་འཛུགས་མཛད་སྒོར་རུ་བསྟར་གྲུ་བཞིའི་འཁྲབ་སྟོན་དང་རིག་རྩལ་འཁྲབ་སྟོན་གཉིས་ལ་དབྱེ་ནས།  ཉིང་ཁྲིའི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་དང་ངོ་མཚར་མངོན་པར་བྱ་རྒྱུ། 

    ཀླུ་ནང་མེ་ཕུང་མཚན་ཚོགས། 

    དུས་ཚོད།  ཟླ་༩ཚེས་༩ཉིན་གྱི་དགོང་མོའི་ཆུ་ཚོད་༨ནས་༡༠བར།

    ས་གནས།  ཀླུ་ནང་པའོ་ལིད་ཡ་ཐུ་གསོལ་མགྲོན་ཁང་།

    ཉིང་ཁྲིའི་བག་ཆགས་ཞེས་པའི་ཆེད་དོན་འཁྲབ་སྟོན།

    དུས་ཚོད།  ཟླ་༩ཚེས་༡༠ཉིན་གྱི་དགོང་མོའི་ཆུ་ཚོད་༨པ།

    ས་གནས།  ཀླུ་ནང་ཀྲུའུ་ཅང་རྒྱལ་སྤྱིའི་གསོལ་མགྲོན་ཁང་སྒོ་འགྲམ་གྱི་ཐང་ཆེན།

    མཛེས་སྡུག་ལྡན་པའི་ཉིང་ཁྲིའི་རིག་རྩལ་འཁྲབ་སྟོན།

    དུས་ཚོད།  ཟླ་༩ཚེས་༨དང་༩ཉིན་གྱི་དགོང་མོའི་ཆུ་ཚོད་༨པ།

    ས་གནས།  ཧྥུའུ་ཅན་སྤྱི་གླིང་།

    སྟོན་དུས་ཉིང་ཁྲིའི་གློག་སྒྲོན་གླིང་རྒྱུའི་བྱེད་སྒོ།

    དུས་ཚོད། ཟླ་༩ཚེས་༨ཉིན་གྱི་དགོང་མོའི་ཆུ་ཚོད་༧ནས་༡༡བར།

    ས་གནས།  ཧྥུའུ་ཅན་སྤྱི་གླིང་དང་དར་ཚོན་སྣ་ལྔའི་འདམ་རྭའི་སྤྱི་གླིང་།

    མཛེས་སྡུག་ལྡན་པའི་ཉིང་ཁྲིའི་མི་རིགས་གྱོན་གོས་འཁྲབ་སྟོན་ཞེས་པ་དང་། ཉིང་ཁྲིའི་ཡུལ་སྐོར་ཁུལ་གྱི་རིག་གནས་གསར་བཞེངས་འོས་སྦྱོར་བྱེད་སྒོ།

    དུས་ཚོད།  ཟླ་༩ཚེས་༨དང་༩ཉིན།

    ས་གནས།  ཉིང་ཁྲི་གྲོང་ཁུལ།

    མཛེས་སྡུག་ལྡན་པའི་བོད་ལྗོངས།  ཡིད་དབང་འཕྲོག་པའི་ཉིང་ཁྲི།  ཀོང་པོའི་ཡུལ་ལྗོངས་ཞེས་པའི་ཡིག་གཟུགས་དང་པར་རིས་འགྲེམ་སྟོན།

    དུས་ཚོད། ཟླ་༩ཚེས་༨དང་༩ཉིན།

    ས་གནས།  ཧྥུའུ་ཅན་སྤྱི་གླིང་།

    ཡིད་དབང་འཕྲོག་པའི་ཉིང་ཁྲི་ཞེས་པའི་སྐར་གཟིགས་བྱེད་སྒོ།

    དུས་ཚོད།  ཟླ་༩ཚེས་༨ནས་༡༥ཉིན་བར་གྱི་དགོང་མོའི་ཆུ་ཚོད་༩ནས་༡༡དང་ཕྱེད་ཀའི་བར།

    ས་གནས།  ཧྥུའུ་ཅན་སྤྱི་གླིང་།

    དམངས་ཡོངས་ལུས་སྦྱོང་།  ཉིང་ཁྲིར་རྩལ་འགྲན་ཞེས་པའི་དམངས་སྲོལ་ལུས་རྩལ་བྱེད་སྒོ།

    དུས་ཚོད།  ཟླ་༩ཚེས་༧ནས་༡༡བར།

    ས་གནས།  ཉིང་ཁྲི་གྲོང་ཁུལ།

    མི་སྟོང་གི་བེ་ཤའི་རྡོ་ཁོག་གསོལ་སྟོན།

    དུས་ཚོད། ཟླ་༩ཚེས་༡༠ཉིན་གྱི་ཉིན་གུང་།

    ས་གནས། ཀླུ་ནང་གྲོང་བརྡལ།

    མཛེས་སྡུག་ལྡན་པའི་ཉིང་ཁྲི།  སྦི་རག་རོལ་དབྱངས་དུས་ཆེན།

    དུས་ཚོད།  ཟླ་༩ཚེས་༡༠དང་༡༡ཉིན།

    ས་གནས།  དར་ཚོན་སྣ་ལྔའི་འདམ་རྭའི་སྤྱི་གླིང་།

    ཉིང་ཁྲིའི་ཉིན་གཅིག་ཡུལ་སྐོར་ལམ་ཐིག་འགྲེམ་བསྒྲགས་དང་མི་སྟོང་གི་ལྗོངས་རྒྱུའི་བྱེད་སྒོ།

    དུས་ཚོད།  ཟླ་༩ཚེས་༨ཉིན་གྱི་སྔ་དྲོའི་ཆུ་ཚོད་༩དང་ཕྱེད་ཀ་ནས་ཉིན་གུང་ཆུ་ཚོད་༡༢དང་ཕྱེད་ཀའི་བར།

    ས་གནས།  ཉིང་ཁྲིའི་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་དང་། བོན་རིའི་ནགས་ཚལ་སྤྱི་གླིང་།

    སྐུ་མགྲོན་གྱིས་ཀླུ་ནང་ལ་ལྟ་སྐོར་བྱེད་པ།

    དུས་ཚོད།  ཟླ་༩ཚེས་༡༡ཉིན་གྱི་སྔ་དྲོའི་ཆུ་ཚོད་༩དང་ཕྱེད་ཀ

    ས་གནས།  ཀླུ་ནང་གྲོང་བརྡལ།

    ལམ་ཐིག  ཧོང་ཏཱ་བོད་རིག་གནས་འགྲེམ་སྟོན་ཁུལ་ནས་ཀླུ་ནང་ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་དང་། ཀླུ་ནང་མངོན་འགྱུར་རྟེན་གཞི།  བཀྲ་ཤིས་སྒང་གྲོང་ཚོའི་པདྨའི་དུད་ཁྱིམ།  གུམ་མཚོ། འབྲོག་རྭ། དར་ལྕོག་སྒང་། ཧི་མ་ལ་ཡའི་སྐྱེ་དངོས་གླིང་།  ཀླུ་ནང་གྲོང་བརྡལ་གྱི་མཛེས་ལྗོངས་གཟིགས་སྟེགས།  ས་མཐོའི་འབྱུང་ཁམས་ཞིང་འབྲོག་སྤྱི་གླིང་།

    གླེང་སྟེགས་དང་སྤེལ་རེས། 

    ཚོགས་རྭ་གཙོ་བོའི་ཉིང་ཁྲིའི་སྣང་བརྙན་ཁང་ནས་གཙོ་བོ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཉིང་ཁྲིར་ཐོབ་པའི་གཡུར་ཟའི་གྲུབ་འབྲས་དང་།  ཉིང་ཁྲིའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་སོགས་ལ་མྱོང་རོལ་བྱ་རྒྱུ་ཡིན་ཞིང་།  ཡན་ལག་ཚོགས་རྭའི་ནང་གཙོ་བོ་ཉིང་ཁྲིའི་ཡུལ་སྐོར་དང་རིག་གནས་ཀྱི་ཐོན་ཁུངས་འགྲེམ་སྟོན་བྱས་ནས་གཙོ་གནད་ས་མཐོའི་དེང་རབས་ཀྱི་ཞིང་འབྲོག་ལས་དང་།  རིག་གནས་དང་ཡུལ་སྐོར་བྱ་གཞག  བོད་ལུགས་གསོ་རིག་སྨན་རྫས་ཐོན་ལས། དྭངས་གཙང་ནུས་རྒྱུ་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་སྤུས་ལེགས་རྣམ་གྲངས་འོས་སྦྱོར་བྱ་རྒྱུ་རེད།

    ཧི་མ་ལ་ཡའི་རྒྱུད་གཅིག་ལམ་གཅིག་མཉམ་ལས་གླེང་སྟེགས།

    དུས་ཚོད།  ཟླ་༩ཚེས་༩གྱི་སྔ་དྲོའི་ཆུ་ཚོད་༡༠པ།

    ས་གནས།  ཉིང་ཁྲི་གྲོང་ཁྱེར་ལུས་རྩལ་ཐང་། 

    བོད་ལྗོངས་འགྲེམས་ཚོགས་ཀྱི་ཡ་གླིང་ལྷོ་མའི་ཚད་ལྡན་གླེང་སྟེགས།

    དུས་ཚོད།  ཟླ་༩ཚེས་༡༠ཉིན་གྱི་སྔ་དྲོ།

    ས་གནས།  ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་བརྡལ་གྱི་ཧོང་ཏཱ་གསོལ་མགྲོན་ཁང་།

    བོད་ལུགས་གསོ་རིག་སྨན་རྫས་འཕེལ་རྒྱས་གླེང་སྟེགས་དང་།  བོད་ལུགས་གསོ་རིག་སྨན་རྫས་ངོས་འཛིན་འགྲན་བསྡུར།

    དུས་ཚོད།  ཟླ་༩ཚེས་༨དང་༩ཉིན།

    ས་གནས།  ཉིང་ཁྲི་གྲོང་ཁྱེར་སྨན་རྩིས་ཁང་དང་།  ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྨན་རྩིས་ཁང་། 

    གསོ་རླུང་ཉུང་བ་དང་བདེ་ཐང་ཚན་རིག་ཚོགས་ཆེན། 

    དུས་ཚོད།  ཟླ་༩ཚེས་༡༦ནས་༡༨ཉིན་བར།

    ས་གནས།  ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་བརྡལ་གྱི་ཧོང་ཏཱ་གསོལ་མགྲོན་ཁང་།

    ཚོང་འགུག་འགྲེམས་ཚོགས།

    ཁག་དང་པོ།  བོད་ལྗོངས་འགྲེམས་ཚོགས་ཀྱི་ཚོགས་རྭ་གཙོ་བོའི་ཚོང་འགུག་མ་འདྲེན་འོས་སྦྱོར་ཚོགས་འདུའི་ཐོག་རྣམ་གྲངས་དགུ་འདོན་རྒྱུར་ཁྱོན་མ་དངུལ་སྒོར་དུང་ཕྱུར་༣༩.༩༤ཟིན་རྒྱུ།

    ཁག་གཉིས་པ།  ཉིང་ཁྲིའི་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་ཐོག་མ་འཇོག་རྣམ་གྲངས་༢༧ལ་མཚན་རྟགས་འགོད་རྒྱུར་མ་དངུལ་སྒོར་དུང་ཕྱུར་༤༤.༥༧ཟིན་རྒྱུ།

    ཉིང་ཁྲིའི་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་། ཞིམ་ཟས། དེ་བཞིན་ཁྱད་ལྡན་ཐོན་ལས་འགྲེམ་ཚོང་།

    དུས་ཚོད།  ཟླ་༩ཚེས་༨ནས་ཚེས་༡༠ཉིན་བར། 

    ས་གནས།  ཉིང་ཁྲི་གྲོང་ཁྱེར་གླིང་ལྔ་གསོལ་མགྲོན་ཁང་ཆེན་མོའི་ཚོགས་ཁང་དང་ཧྥུའུ་ཅན་སྤྱི་གླིང་།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།