དབུ་ཤོག>ཆེད་སྒྲིག
  • བོད་ལྗོངས་འགྲེམས་ཚོགས་ལ་ཞུགས་མཁན་ཁེ་ལས་ཁག་འགྲེམས་ཚོགས་ནང་ཞུགས་པའི་ཡིད་ཆེས་ཀྱིས་ཁེངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-09-05

    སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་འགོ་ཚུགས་”ཉེའི་སྐབས་སུ་འགྲེམས་ཚོགས་ནང་ཞུགས་མཁན་ཁེ་ལས་ཀྱིས་ཀྱང་ཛ་དྲག་དང་གོ་རིམ་ལྡན་པའི་ངང་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། ཁེ་ལས་ཀྱིས་གྲ་སྒྲིག་བྱས་ཚུལ་ཇི་ལྟར་ཡིན་ནམ། འདི་ལོའི་འགྲེམས་ཚོགས་ཐོག་ཇི་ལྟར་བྱས་ནས་འགན་འཁྲི་གཙོ་བོ་འཁུར་བ་དང་ལས་དོན་ཏན་ཏིག་སྒྲུབ་བམ།

    བོད་ལྗོངས་འགྲེམས་ཚོགས་ཀྱི་ལྷ་སའི་གསར་གཏོད་འགྲེམས་ཁང་ནང་གཙོད་དང་འབྲི་གཡག་གི་པར་རིས་བཀོད་པའི་ལག་ཐོགས་ཁ་པར་གྱི་ཤུབས་དང་ཕོ་བྲང་པོ་ཏ་ལ་མ་དཔེ་བྱས་པའི་གསར་གཏོད་ཀྱི་སྨྱུག་སྣོད་སོགས་བོད་ཀྱི་རིག་གནས་དང་འབྲེལ་འདྲིས་ཐུབ་པའི་གཞི་རྒྱུའི“ཀུ་ཤུ་བྱམས་པ”རིག་གནས་གསར་གཏོད་ཐོན་རྫས་དེ་ཡིད་དབང་འཕྲོག་པ་ཞིག་ཡོད། “ཀུ་ཤུ་བྱམས་པ”ནི་བྱམས་པའི་མིང་འདོགས་ཡིན་པ་རེད། ལོ་34ལ་སོན་པའི་ན་གཞོན་དེ་ཀུ་ཤུ་བྱམས་པ་རིག་གནས་གསར་གཏོད་ཚད་ཡོད་ཀུང་སི་འཛུགས་མཁན་རེད།

    བྱམས་པས་ལག་བཟོས་ཤིང་གི་སྨྱུག་སྣོད་ཅིག་བླངས་ཏེ་དགའ་ཚོར་ཆེན་པོའི་སྒོ་ནས་གསར་འགོད་པར་བཟོ་ལྟ་འདི་ནི་ཕོ་བྲང་པོ་ཏ་ལ་མ་དཔེ་བྱས་ཏེ་བཟོས་པའི་སྨྱུག་སྣོད་ཅིག་ཡིན་པ་དང་ཙུང་ལི་ལི་ཁེ་ཆང་ང་ཚོའི་ཀུང་སིར་གཟིགས་ཞིབ་གནང་བར་ཕེབས་སྐབས་ཀྱང་ཉོས་གནང་སོང་། དེ་ནི་ཙུང་ལིས“ཀུ་ཤུ་བྱམས་པའི”སྤུས་རྟགས་ལ་ཁས་ལེན་གནང་བ་ཞིག་ཡིན་ལ་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་གཉིས་གཏོད་གྲུབ་འབྲས་ལ་ཁས་ལེན་གནང་བ་ཞིག་ཀྱང་རེད་ཅེས་ངོ་སྤྲོད་བྱས།

    བྱམས་པས་ང་ཚོ་ད་རེས་འགྲེམས་ཚོགས་ནང་ཞུགས་རྒྱུའི་གོ་སྐབས་ལ་གཅེས་སྤྲས་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱིས་ཐོན་ཁུངས་རོགས་རམ་དང་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་ཀྱང་ལས་སྟེགས་འདི་ལྟ་བུ་བརྒྱུད“ཀུ་ཤུ་བྱམས་པའི”སྤུས་རྟགས་དང་ཐོན་རྫས་ཁྲོམ་ར་དང་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་རྩིས་ཡོད་ལ་གོ་སྐབས་དེ་སྤྱད་དེ་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བར་ང་ཚོ་ན་གཞོན་མི་རབས་བོད་རིགས་ལས་གཏོད་ཀྱི་ཉམས་འགྱུར་མངོན་ཐུབ་པའི་རེ་བ་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།