ཉེ་ཆར‘མཐའ་སྐྱོང་བོད་བརྟན’གྱི་འཐབ་ཇུས་དགོངས་པ་གལ་ཆེན་གྱི་ཞིབ་འཇུག་དཔེ་ཚོགས”བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དཔེ་ཚོགས་དེ་2017ལོའི་རྒྱལ་ཁབ་ཀྱི་དཔེ་སྐྲུན་ཐེབས་རྩའི་རྣམ་གྲངས་ཤིག་ཡིན་པ་དེ་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་གཞོན་པ་སུན་ཤང་ཅུན་གྱིས་རྩོམ་ཡིག་བསྡུ་སྒྲིག་བྱས་པ་དང་ཁྱོན་རྩོམ་ཡིག་དེབ་5ཚུད་པ་དེ་དག་ནི་སློབ་སྤྱི་གཞོན་པ་སུན་ཤང་ཅུན་གྱི《རྩ་སྲ་རྨང་བརྟན་དང་བློ་རྩེ་གཅིག་སྒྲིལ་གྱི་རྨང་གཞིའི་འདུ་འགོད——བོད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱ་རྒྱུའི་ཞིབ་འཇུག》དང《ཁྲིམས་ལྟར་བོད་སྐྱོང་གི་གནད་དོན་གལ་ཆེན་འགའ་ཞིག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་ཞིབ་འཇུག》ཞེས་པ་དང་། དགེ་རྒན་ཆེ་མོ་བ་ལི་ཧུང་གི《བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་འཐབ་ཇུས་ཞིབ་འཇུག》 དགེ་རྒན་ཆེ་མོ་བ་གཞོན་པ་དབན་ཅིན་ཕུང་གི《“མཐའ་སྐྱོང་བོད་བརྟན”གྱི་འཐབ་ཇུས་དགོངས་པའི་ཞིབ་འཇུག》 དགེ་རྒན་ཆེ་མོ་བ་གཞོན་པ་ཧྲི་ཅུན་ཝུའེ་ཡི《“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་གཏོང་དགོས》ཞེས་པ་བཅས་རེད། དཔེ་ཚོགས་ཆ་ཚང་གི་བརྗོད་དོན་གཙོ་བོ་ཁ་གསལ་བ་དང་། རིག་གཞུང་རང་བཞིན་ཆེ་བ། ཞིབ་འཇུག་རིན་ཐང་མཐོ་བ། ཆེད་ལས་ཤེས་བྱ་གཏིང་ཟབ་པ་བཅས་ཡོད་པས་རིགས་པའི་གཞུང་ལུགས་ཀྱི་རིན་ཐང་དང་ལག་ལེན་གྱི་རིན་ཐང་ཆེན་པོ་ལྡན་པས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་བཟོ་རྒྱུར་གྲོས་འགོ་དང་དགེ་མཚན་ལྡན་པའི་བསམ་ཕྱོགས་བཟང་པོ་བཏོན་ཡོད་པ་རེད། དཔེ་ཚོགས་ཆ་ཚང་དཔེ་སྐྲུན་བྱས་པ་དེས་བོད་དུ་བསམ་བློའི་རིམ་ངོས་དང་། རིགས་པའི་གཞུང་ལུགས་ཀྱི་རིམ་ངོས། ལག་ལེན་གྱི་རིམ་ངོས་བཅས་ཀྱི་ཐོག་ནས“མཐའ་སྐྱོང་བོད་བརྟན”གྱི་འཐབ་ཇུས་དགོངས་པ་གལ་ཆེན་ཕྱོགས་ཡོངས་དང་། ཆ་ཚང་། གཏིང་ཟབ་བཅས་ཀྱི་སྒོ་ནས་ཞིབ་འཇུག་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་ཆེད་རྩོམ་ཧ་ལམ་མེད་པའི་སྟོང་ཆ་བསྐངས་ཡོད་པ་རེད།