དབུ་ཤོག>ཆེད་སྒྲིག
  • ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡོངས་ཀྱི་གྲོང་མི་197ཟླ་10ཚེས་1ཉིན་སྡོད་ཁང་གསར་པར་སྤོ་རྒྱུ་ཡིན་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-07-29

    ཉེ་དུས་ལྷོ་ཁ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་དང་ལྷུན་རྩེ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་སྨྱན་སྦྱོར་ཚོགས་པས་སྐྲུན་འགན་འཁུར་བའི“ཡུལ་སྨད་དུ་སྐྱོད”ཅེས་པའི་བཅར་འདྲི་དང་གནས་ཚུལ་བཀོད་གཏོང་གི་བྱེད་སྒོ་བདེ་བླག་ངང་སྤེལ་བཞིན་ཡོད་པ་རེད།

    བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་། བོད་ལྗོངས་ཚོང་འཕྲིན། ཀྲུང་གོའི་གསར་འགྱུར་ཁང་། ཀྲུང་གོ་བོད་ལྗོངས་དུས་དེབ་སོགས་སྨྱན་སྦྱོར་ཚན་པ་10ལྷག་ཙམ་གྱི་གསར་འགོད་པས་དུས་ཡུན་ཉིན་6གི་བྱེད་སྒོའི་ནང་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གཙོ་བོར་བྱས་པའི་སྣེ་གདོང་ཆུས་དང་། རྒྱ་ཚྭ་རྫོང་། མཚོ་སྣ་རྫོང་སོགས་ལྷོ་ཁ་གྲོང་ཁྱེར་གྱི་རྫོང(ཆུས)མང་པོའི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་གནས་ཚུལ་དང་། སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་འགྲོ་ཚུལ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་གནས་ཚུལ་སོགས་ལ་གཅིག་སྡུད་ངང་བཅར་འདྲི་དང་རྟོག་ཞིབ་ཞིབ་ཕྲ་བྱས་པ་རེད།

    གསར་འགོད་པས་ད་རེས་ཀྱི་བྱེད་སྒོ་བརྒྱུད་མེས་རྒྱལ་གྱི་མཐའ་མཚམས་ཀྱི་ཡུལ་སྨད་ཤང་དུ་སྐྱོད་སྐབས་དེ་གར་རྒྱལ་ཁབ་ཀྱི་གློག་དྲ་འཁྲིད་པ་དང་། རླུང་འཕྲིན་དང་། བརྙན་འཕྲིན། དྲ་བ་བཅས་ཚང་མར་ཁྱབ་ནས་2017ལོར་ཤང་དེ་ཡོངས་ཀྱི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་5.58ཟིན་པ་ཤེས་རྟོགས་བྱུང་ཡོད། དེ་སྔའི“མི་གསུམ་གྱི་ཤང”དེར་ད་ཆ་འཛུགས་སྐྲུན་གྱི་ཚ་རླབས་འཕྱུར་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་ཤང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད། ཤང་ཚང་མར་ཤར་གཏོང་ཐུབ་པའི་གཞུང་ལམ་སྐྲུན་བཞིན་ཡོད་པ་དང་། ཡུལ་སྐོར་ལས་རིགས་དང་འདེབས་འཛུགས་ལས་རིགས་སོགས་ལེ་ལག་ཚང་བའི་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བཞིན་ཡོད། ཤང་དེ་ཡོངས་ཀྱི་གྲོང་མི་197འདི་ལོའི་ཟླ་10ཚེས་1ཉིན་སྡོད་ཁང་གསར་པར་སྤོ་རྒྱུ་ཡིན་པས་སྐབས་དེ་དུས་ཡུལ་སྨད་ཤང་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་། འཚོ་བ། སློབ་གསོ། འགྲོ་སྐྱོད་བཅས་ཀྱི་གནས་ཚུལ་ལ་སྔར་བྱུང་མྱོང་མེད་པའི་ལེགས་བཅོས་ཆེན་པོ་ཡོང་རྒྱུ་རེད། ཡུལ་སྨད་དུ་དགའ་འོས་པའི་འགྱུར་ལྡོག་བྱུང་བ་མཐོང་སྐབས་བཅར་འདྲི་དང་གནས་ཚུལ་བཀོད་གཏོང་བྱེད་སྒོའི་ནང་ཞུགས་མཁན་སྨྱན་སྦྱོར་ཚན་པའི་གསར་འགོད་པ་ཚང་མས་ཡུལ་སྨད་ཤང་གི་ལས་བྱེད་པ་དང་མང་ཚོགས་མཚོན་བྱེད་དུ་བྱེད་པའི་རང་ལྗོངས་ཀྱི་མཐའ་མཚམས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོ་བསྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་ས་མཐོར་རྩ་བ་བརྟན་པོ་ཚུགས་ཐུབ་པ་བྱུང་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱས་ཏེ་མཐའ་མཚམས་སྲུང་སྐྱོང་དང་མཐའ་དར་དམངས་ཕྱུག་གི་ལྕགས་རི་རིང་པོ་བསྐྲུན་ཐུབ་ངེས་རེད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།