དབུ་ཤོག>ཆེད་སྒྲིག
  • གམ་པ་རྫོང་གིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-24

    ཉེ་བའི་ལོ་ཤས་རིང་། གམ་པ་རྫོང་གིས“ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་རྒྱ། སློབ་གསོ། ཚན་རིག རིག་གནས། འཕྲོད་བསྟེན། བདེ་སྲུང”བཅས་ཀྱི་མཐོར་གཏོང་འདུ་འགོད་ཁག་བཅུ་ལ་དམིགས་ཏེ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མང་ཚོགས་སྣེ་ཁྲིད་དེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཞིག་བྱ་རྒྱུའི་བརྩོན་ལེན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་རྫོང་དེས་དགྱེས་རུ་གྲོང་ཚོ་དང་། རྟ་དཀར་གྲོང་ཚོ། དབུ་རྩེ་གྲོང་ཚོ། བྲག་ནག་གྲོང་ཚོ་སོགས་གྲོང་ཚོ་9ཡི་གྲོང་སྡེ་འཆར་འགོད་ལེགས་སྒྲུབ་བྱས་པ་དང་ཆབས་ཅིག་འཆར་འགོད་ཞིབ་དཔྱད་ལེགས་སྒྲུབ་བྱས་ཡོད། འཆར་འགོད་ནང་དོན་ཁོངས་སུ་མི་སེར་གྱི་སྡོད་ཁང་སྒྱུར་བཀོད་དང་། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུ། ཁྱད་ལྡན་ཐོན་ལས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཚུད་ཡོད་པ་རེད། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དེ“གྲོང་སྡེ་ཚང་མར་ཁྱབ་པ་དང་ཁྱིམ་དུད་ཚང་མར་ཕན་པ་ཐོབ་རྒྱུ”འགན་ལེན་བྱ་ཆེད། རྫོང་དེའི་འབྱོར་འབྲིང་གཞུང་ལས་ཁང་གིས་སྲིད་འཛིན་གྲོང་ཚོ་29རུ་སྐྱོད་ནས་ཐེམ་ཐོའི་ཨང་གྲངས་དང་། ཁྱིམ་བདག་གི་འདྲ་པར། མི་སེར་གྱི་སྡོད་ཁང་གི་གནས་སྟངས་སོཌ་གཞི་རྩའི་ཆ་འཕྲིན་འཚོལ་བསྡུ་ལེཌ་སྒྲིག་བྱས་ཏེ་རྫོང་དེ་ཡོངས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུཌ་སྐྲུན་གྱི“དུད་ཚང་རེ་ལ་ཡིག་ཚཌ་རེ་ཡོད་པའི”ཐེམ་ཐོའི་ཆ་འཕྲིན་གྱི་དཔྱད་གཞིའི་ཡིག་རིཌ་ནོར་འཛོལ་གང་ཡང་མེད་པའི་འགན་ལེན་བྱས་པ་རེད།

    མིག་སྔའི་བར། གམ་པ་རྫོང་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་མི་སེར་གྱི་སྡོད་ཁང་སྒྱུར་བཀོད་ཀྱི་མ་དངུལ་སྒོར་དུང་ཕྱུར་1.1ལྷག་ཙམ་དམིགས་སར་འབྱོར་ནས་མི་སེར་གྱི་སྡོད་ཁང་སྒྱུར་བཀོད་ཀྱི་ཇུས་གཞི་ཆགས་པ་དང་། ལུང་རོང་གྲོང་ཚོ་དང་། སྡེ་བྱང་གྲོང་ཚོ། གུར་མེ་གྲོང་ཚོ་སོགས་གྲོང་ཚོ་8ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཇུས་གཞི་གཞི་རྩའི་ཆར་ལེགས་སྒྲུབ་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།