ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཤར་རྒྱུད་དང་འཕྲེད་རྒྱུག་རི་རྒྱུད་ཀྱི་ནུབ་ཁུལ་གྱི་རི་མཐོའི་གྲོག་རོང་ནི་མེས་རྒྱལ་མངའ་ཁོངས་ཀྱི་ལྷོ་ནུབ་རྒྱུད་དུ་གནས་པ་དང་། ས་ཆ་དམའ་ཤོས་ཀྱི་ས་བབ་མཐོ་ཚད་སྨི་1400ལས་མེད་པ་དང་ཕྱོགས་བཞིར་སྨི་5000ཡན་ཡོད་པའི་རི་བོ་10ལྷག་ཙམ་ཡོད་པ། རི་མཐོ་ཞིང་ནགས་ཚལ་སྟུག་ལ་ཆུ་བོ་མང་བ་དང་གྲོག་རོང་གཏིང་རིང་བ། གནམ་གཤིས་འགྱུར་ལྡོག་ཆེ་ལ་འབུ་སྲིན་མང་པོ་ཡོད་པ། མི་ཚོགས་སྟུག་པོ་མེད་པ་བཅས་རེད།
གལ་ཏེ་དེའི་ཁྲོད་མ་བསྐྱོད་ཚེ་རང་བྱུང་ཁོར་ཡུག་ཞན་པོ་དེ་འདྲ་ཞིག་ཏུ་ད་དུང་ཚོགས་སྤྱི་ཞིག་དེ་གར་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་བརྟན་སྲུང་བྱེད་པ་ཤེས་རྟོགས་ཐུབ་པར་དཀའ། ཁོང་ཚོ་ནི་མི་རྣམས་ཀྱིས་གུས་བཀུར་བྱེད་འོས་པའི་མཐའ་སྲུང་དམག་མི་ཞིག་རེད། ཉིན་ཤས་གོང་གསར་འགོད་པ་དམག་སྒར་དུ་བསྐྱོད་པ་དང་མཐའ་སྲུང་འཐབ་འཛིང་པ་ཁྲེང་ཡུང་གོའི་གམ་དུ་བསྐྱོད་དེ་ཁོང་གི་མཐའ་མཚམས་སྲུང་བའི་གཏམ་རྒྱུད་ཉན་པ་དང་ཁོང་གི་རྒྱལ་གཅེས་བརྩེ་སེམས་མྱོང་ཚོར་བྱས་པ་ཡིན།
སྐོར་གཡེང་ལམ་བུའི་ཐོག་གི“ས་བཀྲ་གསོན་པོ”
ཀན་སུའུ་མིང་ལེ་ནི་གནའ་བོའི་དར་གོས་ལམ་བུའི་གྲོང་རྡལ་གལ་ཆེན་ཞིག་ཡིན་པ་དང་ཧན་རྒྱལ་རབས་ཀྱི་དམག་དཔོན་ཧོ་ཆུས་པིང་རྨ་ནུབ་ཞུང་ནུའུ་རུ་རྒྱང་སྐྱོད་ཐེངས་དང་པོ་བྱེད་སྐབས་ཀྱི་བརྒྱུད་དགོས་ངེས་ཀྱི་ཡུལ་ཞིག་ཡིན་པ་དང་། 1986ལོར་ཁྲེང་ཡུང་གོ་ས་ཆ་དེར་སྐྱེས་པ་རེད། ཧོ་ཆུས་པིང་ལ་དཔེ་བལྟས་ནས་དམག་ནང་ཞུགས་པ་དང་ཁྱིམ་སྲུང་རྒྱལ་སྲུང་བྱེད་རྒྱུ་ནི་ཁྲེང་ཡུང་གོས་ཐོག་མཐའ་བར་གསུམ་དུ་དོན་གཉེར་བྱེད་ས་ཞིག་རེད། 2005ལོར་ཁྲེང་ཡུང་གོས་བོད་དུ་ཡོང་ནས་བོད་ཀྱི་མཐའ་སྲུང་དཔུང་སྡེར་དམག་ཞབས་ཞུ་བར་སླེབས། དམག་དཔུང་ནང་ཞུགས་པའི་ལོ་དང་པོ་དེར་ཁྲེང་ཡུང་གོས་སྐོར་གཡེང་ནང་ཞུགས་པ་རེད། གཏན་འབེབས་གཞིར་བཟུང་སྐོར་གཡེང་ཐེངས་དང་པོ་བྱེད་སྐབས་ལག་པ་སྟོང་པར་དཔུང་སྡེ་དང་མཉམ་དུ་གནས་ཚུལ་ཤེས་རྟོགས་དང་ས་དབྱིབས་རྒྱུས་མངའ་ལོན་པར་ཡོང་མོད། འོན་ཀྱང་ཁྲེང་ཡུང་གོས་རང་འགུལ་ངང་ཚང་མ་དང་འདྲ་བར་གོ་མཚོན་བརྒྱབ་ཏུ་འཁྱེར་རྒྱུའི་རེ་བ་བཏོན། མི་གཞན་གྱིས་ཁོང་ལ་རང་སྡུག་རང་གིས་ཉོ་གི་འདུག་ཅེས་བརྗོད་ཀྱང་ཁོང་གིས“དམག་མི་བྱེད་པར་ཤི་རྒྱུར་མི་སྐྲག་པས་དཀའ་སྡུག་ལ་སྐྲག་དགོས་དོན་ཅི་ཡོད”ཅེས་ཤོད་པ་དང་དེ་རྗེས་གོ་མཚོན་འཁྱེར་ནས་འཐབ་གྲོགས་ཚོ་དང་མཉམ་དུ་སྐོར་གཡེང་ལམ་བུར་ཞུགས།
ལོ་13རིང་དབྱར་དགུན་སྟོན་དཔྱིད་གང་ཡིན་ཡང་དགོང་མོའི་ཆུ་ཚོད་བཅུ་དང་ཕྱེད་ཀར་གློག་བསད་རྗེས་སྦྱོང་བརྡར་བྱེད་སའི་གློག་འོད་རབ་རིབ་ཀྱི་འོག་དང་སྐབས་རེ་སྐར་འོད་དང་ཟླ་འོད་འོག་ཏུ་བྱེ་ཁུག་འཁྱེར་ནས་རྒྱུག་ཤར་གློད་པའི་གཟུགས་བརྙན་ཞིག་མཐོང་རྒྱུ་ཡོད་པ་དང་ཞོགས་པ་ཁྲེང་ཡུང་གོ་མལ་ལས་ལངས་སྐབས་དུང་བརྡ་གཏོང་མི་དགོས་པར་ཁོང་གི་ཕུགས་འདུན་ལས་རང་བཞིན་ངང་གཉིད་སད་ཀྱི་ཡོད།
གར་སྟེགས་ཐོག་སྐར་མ་གཅིག་འཁྲབ་སྟོན་བྱེད་པར་གར་སྟེགས་གཤམ་དུ་དཀའ་སྤྱད་འབད་བརྩོན་ཆེན་པོ་བྱེད་དགོས་ཀྱི་ཡོད། རང་གིས་རང་ལ་འགྲན་སློང་བྱེད་པའི་མཐའ་འཁྱོངས་དེ་རིགས་ལས་ཁྲེང་ཡུང་གོའི་ལོ་རྒྱུས་ཐོག་མི་གཞན་དང་མི་འདྲ་བའི་གཟི་བརྗིད་མཚན་སྙན་ཁ་ཤས་ཤིག་ཡོད་པ་དེ་ནི། དམག་ཡོངས་ཀྱི་ཕུལ་བྱུང་ཧྲེ་ཀོན་དམག་མིའི་ཤེས་ལྡན་པའི་བྱ་དགའ་རིམ་པ་གཉིས་པ་དང་། བོད་དམག་ཁུལ་གྱི“ཕུལ་བྱུང་པན་ཀྲང་གི་དཔེ་དམག”ལ་སོགས་རེད།
ལོ་13རིང་སྐོར་གཡེང་བྱེད་རིང་ཁོང་གིས་རྟག་ཏུ་རང་འགུལ་ངང་གདོང་སྐྱོད་དམག་མིའི་ནང་ཞུགས་རྒྱུའི་རེ་བ་འདོན་པ་དང་། སྐོར་གཡེང་དཔུང་ཁག་ཁག་གི་མདུན་ངོས་སུ་བསྐྱོད་དེ་རང་ཉིད་ཀྱི་རྒྱབ་ཏུ་ཡོད་པའི་དཔུང་སྡེར་འགྲོ་ལམ་འབྱེད་པ་དང་ཉེན་ཟོན་ལྟ་ཞིབ་བྱས་ཏེ་ཐོན་སྲིད་པའི་ཉེན་ཁ་རང་ཉིད་ཀྱིས་འཁུར་བ་དང་འཐབ་གྲོགས་ཚོར་བདེ་འཇགས་ཡོང་ཐབས་བྱེད་ཀྱི་ཡོད།
དེ་ལྟར་རིམ་བཞིན“སྐོར་གཡེང་མཁས་པ”དང“ས་བཀྲ་གསོན་པོ”ཞེས་པའི་མིང་དེ་ཐོབ་ཡོད། རྣམ་ཀུན་མི་གཞན་གྱིས་ཁྲེང་ཡུང་གོར་སྐད་ཆ་འདྲི་སྐབས་ཁོང་གིས་སེམས་ཆུང་ངང“དེ་ནི་མཐའ་སྲུང་དམག་མི་ཞིག་གི་གཞི་རྩའི་བྱང་ཚད་ཙམ་རེད”ཅེས་བརྗོད་ཀྱི་ཡོད།
རང་དཔེ་གཞན་སྟོན་གྱི“དགེ་རྒན་ཡག་པོ”
2010ལོ་ནི་ཁྲེང་ཡུང་གོ་དམག་ནང་ཞུགས་པའི་ལོ་5པ་དེ་ཡིན་པ་དང་། ཟླ་དྲུག་པའི་སྐོར་གཡེང་ཞིག་ནང་ཁོང་གིས་སྔར་རྒྱུན་བཞིན་རུ་སྣེ་འཁྲིད་ནས་མདུན་ཕྱོགས་སུ་བསྐྱོད།
སྐབས་དེ་དུས་རི་གཤམ་དུ་སྐྱིད་སྣང་དོད་པའི་དབྱར་དུས་ཀྱི་རྣམ་པ་མངོན་ཡང་སྐོར་གཡེང་བྱེད་སྐབས་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཡིན་པའི་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་གྱི་འདྲེ་ལ་རི་བོ་སྔར་བཞིན་ཁ་བས་ཡོངས་སུ་བཀླུབས་ཡོད། ཁ་བ་བུ་ཡུག་ཁྲོད་ལམ་གསལ་པོ་མཐོང་གི་མེད་སྟབས་ཚང་མའི་སེམས་ནང་དངངས་སྐྲག་ཕྲན་བུ་སྐྱེས། རི་ལས་བབ་སྐབས་ཉམས་མྱོང་མི་འདང་བའི་རྐྱེན་གྱིས་དམག་མི་གསར་པ་ཐན་ཅན་ཡུང་གངས་ཁྲོད་ནས་གཡང་གཟར་དུ་འདྲེད་བརྡབ་ཤོར། ཉེན་ཁ་ཆེན་པོ་ཡོད་པའི་སྐབས་འདིར་ཁྲེང་ཡུང་གོས་ཉེ་འཁོར་གྱི་མིར“མགྱོགས་པོ་ཁོང་འཐེན་དང”ཞེས་འབོད་པ་དང་འཐབ་གྲོགས་གཞན་དག་གིས་ཀྱང་ལམ་སེང་ཐན་ཅན་ཡུང་བཟུང་། སྐབས་དེ་དུས་ཐན་ཅན་ཡུང་སྨི་2ཙམ་མ་གཏོགས་གཡང་སར་སླེབས་ཟིན་ཡོད།
ཐན་ཅན་ཡུང་ལ་ཉེན་ཁ་འཕྲད་པ་ལས་ཁྲེན་ཡུང་གོས་རང་ཉིད་དམག་གསར་སྐབས་ཉམས་མྱོང་མི་འདང་བའི་རྐྱེན་གྱིས་ཐེངས་དང་པོ་སྐོར་གཡེང་བྱེད་སྐབས་ཉེན་ཁ་འཕྲད་པའི་གནས་ཚུལ་སེམས་སུ་འཁོར་བ་དང་གཞན་སྡུག་རང་མྱོང་གི་བསམ་ཚུལ་བྱུང་ནས་དམག་གསར་ཚོར་ཉམས་མྱོང་བརྒྱུད་སྤྲོད་བྱ་རྒྱུའི་བསམ་བློ་འཁོར།
དེ་རྗེས་ཉིན་དེའི་དགོང་མོ་དམིགས་སར་འབྱོར་རྗེས་ཁྲེན་ཡུང་གོས་ཚང་མ་སྐད་བཏང་ནས་ཁོང་ཚོར་སྐོར་གཡེང་བྱེད་སྐབས་དོ་སྣང་བྱེད་དགོས་པའི་དོན་ཚན་མངགས་བྱ་བྱས།
“ཚང་མས་རུ་དབྱིབས་ལ་དོ་སྣང་བྱེད་དགོས། དེ་རིང་ཉིན་གསུམ་པ་ཡིན་པས་འགྲོ་ཡུལ་དུ་རྩྭ་རིང་བ་དང་ནགས་ཚལ་སྟུག་པོ་ཡོད། མི་གཉིས་རེའི་བར་དུ་སྨི་3ནས་5བར་འཇོག་དགོས། དེ་ལྟར་བྱས་ཚེ་འགུལ་སྐྱོད་བྱེད་བདེ་བ་མ་ཟད་བར་ཐག་རིང་པོ་མེད་སྟབས་དཔུང་རུའི་རྗེས་མ་ཟིན་པའི་སེམས་ཁྲལ་མེད”ཅེས་བཤད།
མི་དེ་བས་མང་བས་སྐོར་གཡེང་གི་འཇོན་ཐང་ཁོང་དུ་ཆུད་པ་བྱ་ཆེད་ཁྲེན་ཡུང་གོས་ད་དུང་སྐོར་གཡེང་བྱེད་པའི་ལམ་བར་དུ་སྟབས་བསྟུན་མྱུར་པོ་བྱེད་པ་དང་། གབ་ཁུལ་བྱེད་པ། ཐང་འཐབ་ཀྱི་འཚོ་གནས། འགོག་རྒོལ་དམག་འཐབ་སོགས་ནང་སྦྱོང་གི་རྣམ་གྲངས་བཏོན་པ་དང་དམིགས་སའི་རང་བཞིན་ལྡན་པའི་སྦྱོང་བརྡར་དེ་རིགས་ཀྱིས་དཔོན་དམག་ཚོའི་འཐབ་རྩལ་ཆུ་ཚད་མཐོ་རུ་ཆེས་ཆེར་ཕྱིན་པ་ལག་ལེན་ཁྲོད་ནས་ར་སྤྲོད་བྱུང་ཡོད།
སེམས་རྩ་འཁོལ་ལ་བརྩེ་བ་ཆེ་བའི“པན་ཀྲང་རྒན་གྲས”
“པན་ཀྲང་རྒན་གྲས”ཞེས་པ་ནི་དྲོ་སྐྱིད་ལྡན་པ་དང་། བརྩི་བཀུར། བརྩེ་བ་ཆེ་བ་བཅས་ཀྱི་འབོད་སྟངས་ཤིག་ཡིན་པ་དང་། དེ་ནི་རྒན་རབས་པ་དང་སྙིང་ཉེ་བའི་ནོར་བུ་ཡིན་ལ་དེ་བས་ནི་ཚད་ཤིང་དང་མིག་དཔེ་ཞིག་རེད།
འཐབ་འཛིང་པ་ཧོའུ་ཀྲེང་ཧའེ་ཡི་མིག་ནང་ཁྲེན་ཡུང་གོ་ནི་དེ་ལྟ་བུའི་གཤིས་ཀ་འཇམ་པའི“པན་ཀྲང་རྒན་གྲས”གཅིག་རེད། ཁོང་གིས“རང་ཉིད་དམག་དཔུང་སློབ་གྲྭ་ནས་ཐོན་ཏེ་ལེན་ཏུའེ་རུ་སླེབས་སྐབས་དེ་གར་སྤྱོད་པའི་གོ་མཚོན་དེ་དག་རང་ཉིད་ཀྱིས་སློབ་གྲྭར་མཐོང་བ་དེ་དག་དང་འདྲ་གི་མེད་ཅིང་། རིགས་མང་ལ་བཀོལ་སྤྱོད་རྙོག་འཛིང་ཆེ་བས་ངས་བཀོལ་སྤྱོད་བྱེད་ཐབས་མི་འདུག ཅི་བྱ་གཏོལ་བྲལ་དུ་གྱུར་བའི་སྐབས་འདིར་པན་ཀྲང་ཁྲེན་ལགས་ཀྱིས་ངར་གོ་མཚོན་ཚང་མའི་བཀོལ་སྤྱོད་བྱེད་སྟངས་ངང་རྒྱུད་རིང་པོས་བསླབས་བྱུང་བས་གང་མགྱོགས་བཀོལ་སྤྱོད་ཤེས་བྱུང”ཞེས་བཤད།
ཁྲེན་ཡུང་གོས་བོད་ཤར་ལྷོའི་གངས་དང་ནགས་ཚུལ་སྟུག་པོའི་ཁྲོད་ལྷག་བསམ་ཟོལ་མེད་མཚོན་པར་བྱས་པ་དང་འཐབ་གྲོགས་མི་རེ་ངོ་རེའི་སེམས་ཁམས་སུ་དྲོ་སྐྱིད་སྦྱིན་པ་དང་དོ་ཁུར་ཆེན་པོ་བྱེད་པ་མ་ཟད། བཅའ་སྡོད་བྱ་ཡུལ་གྱི་མང་ཚོགས་ཚོར་ཡང་དེ་དང་འདྲ་བའི་དྲོ་སྐྱིད་ཚོར་ཐུབ་ཡོད།
དམིགས་སྒོ་གྲོང་ཚོའི་གྲོང་མི་དང་འབྲེག་གཏུག་མང་པོ་བྱས་སྟབས་ས་སེར་མཐོ་སྒང་ནང་ཡོང་པའི་ཁྲེན་ཡུང་གོས་ཀྱང་ཆུ་འབྲས་ཀྱི་ཞིང་ནང་དུ་ལྗང་པ་འཛུགས་ཤེས་པ་དང་། དམག་ནང་མ་ཞུགས་གོང་ཁོང་གིས་ཞིང་བྲེལ་སྐབས་ནང་མིར་ཞིང་ཁ་བརྔ་རོགས་བྱེད་པ་ཙམ་རེད། ད་ཆ་ཁོང་གིས་ཉི་འོད་ཀྱི་ཚ་གདུག་ལ་མི་འཛེམས་པར་གྲོང་མིར་ཆུ་འབྲས་བརྔ་རོགས་བྱེད་པ་དང་། ཆར་དུས་སུ་གྲོང་མིའི་ཁང་པར་ཐིགས་པ་བརྒྱབ་ཚེ་ཁོང་གིས་ཤིང་ཁང་གི་ཐོག་ཁར་འཛེགས་ནས་ཉམས་གསོ་བྱེད་རོགས་བྱེད་ཀྱི་ཡོད།
ལོ་13རིང་ཁྲེན་ཡུང་གོ་ནི་མཐའ་སྲུང་ལེན་ཏུའེ་ཡི་ཁ་འབྲལ་ཐབས་མེད་པའི“སྐོར་གཡེང་མཁས་པ”དང“ས་བཀྲ་གསོན་པོ”དང་དམག་གསར་ཚོའི་གུས་ཤིང་བརྩེ་བའི“པན་ཀྲང་རྒན་གྲས”དང“གཅེན་པོར”གྱུར་ཡོད།