དབུ་ཤོག>ཆེད་སྒྲིག
  • འཕོ་འགྱུར་ཆེན་པོ་ཡོང་སྐབས་ཏང་གི་བཀའ་དྲིན་བརྗེད་མི་རུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-06-14

    521834_yis_1528864098866.jpg

     འདི་ནི་རྒན་མོ་ལྷ་སྐྱིད(མདུན་ངོས་ཀྱི་གཡས་ཀྱི་གཉིས་པ)ཀྱི་ནང་མི་མཉམ་འཛོམས་ཀྱི་པར་ཡིན་པ།

    བཟང་མོའི་ཨ་མ་ལྷ་སྐྱིད་ནི་གམ་པ་རྫོང་གི་ཉེ་རིང་གང་སར་སྐད་གྲགས་ཡོད་པའི་དམག་བཀུར་དཔེ་བཟང་བ་ཞིག་ཡིན། ལོ་50ལྷག་ཙམ་རིང་ས་གནས་སུ་བཅའ་སྡོད་དཔུང་སྡེར་ཆུ་དང་ཇ་སྐྱེལ་བའི་ལས་ཀ་མཐའ་འཁྱོངས་བྱས་ཡོད། “གུང་ཁྲན་ཏང་དང་བཅིངས་འགྲོལ་དམག་མེད་ཚེ། ང་ཚོ་ད་དུང་མུན་ནག་ཁྲོད་འཚོ་བ་སྐྱེལ་བཞིན་ཡོད་པས། བཅིངས་འགྲོལ་དམག་ནི་ང་ཚོའི་གཉེན་ཉེ་ཡིན”ཞེས་ཨ་མས་རྟག་ཏུ་བུ་ཕྲུག་ཚོར་སློབ་གསོ་རྒྱག་གི་ཡོད་སྟབས་ཁོང་ལ་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད།

    བཟང་མོས་ཕྲུ་གུ་ཚོར་དུས་དང་རྣམ་པ་ཀུན་ཏུ་བཅིངས་འགྲོལ་དམག་དང་གུང་ཁྲན་ཏང་གི་བཀའ་དྲིན་སེམས་ལ་བརྟན་པོར་འཆང་བ་དང་། ཏང་གི་གནས་ཚུལ་ཤེས་པ་དང་ཏང་གི་བཀའ་དྲིན་ཚོར་བ་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་རྗེས་སུ་འབྲངས་ཚེ་གཞི་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་ཅེས་བརྗོད་ཀྱི་ཡོད། ཁོང་གི་དམག་བཀུར་བྱ་གཞག་དེ་བུ་ཕྲུག་ཚོས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་བཞིན་ཡོད་པ་རེད།

    (ལྷ་སྐྱིད། བུད་མེད། 1933ལོར་བོད་ལྗོངས་གམ་པ་རྫོང་གྲང་རླུང་ཤང་གནས་གྲོང་ཚོར་སྐྱེས།

    1997ལོའི་ཟླ་7པར། དམངས་སྲིད་པུའུ་དང་བཅིངས་འགྲོལ་དམག་སྤྱི་ཁྱབ་ཆབ་སྲིད་པུས“དམག་བཀུར་ཁྱིམ་སྐྱོང་གི་དཔེ་བཟང་མི་སྒེར”གྱི་གཟི་བརྗིད་མཚན་སྙན་གནང་བ།

    2001ལོའི་ཟླ་4པར། བོད་རང་སྐྱོང་ལྗོངས་དང་བོད་དམག་ཁུལ་ཁང་གིས“དམག་བཀུར་ཁྱིམ་སྐྱོང་གི་དཔེ་བཟང་མི་སྒེར”གྱི་གཟི་བརྗིད་མཚན་སྙན་གནང་བ།

    2003ལོའི་ཟླ་10པར། རྒྱལ་ཡོངས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་། རྒྱལ་ཁབ་མི་དོན་པུའུ། དམངས་སྲིད་པུའུ། སྤྱི་ཁྱབ་ཆབ་སྲིད་པུའུ་བཅས་ཀྱིས“རྒྱལ་གཅེས་དམག་བཀུར་དཔེ་བཟང་བའི”གཟི་བརྗིད་མཚན་སྙན་གནང་བ།

    2003ལོའི་ཟླ་12པར། དམངས་སྲིད་པུའུ་དང་བཅིངས་འགྲོལ་དམག་སྤྱི་ཁྱབ་ཆབ་སྲིད་པུས“དམག་བཀུར་དཔེ་བཟང་བའི”གཟི་བརྗིད་མཚན་སྙན་གནང་བ།

    2007ལོའི་ཟླ་8པར། 《མི་དམངས་ལ་ཐུགས་རྗེ་ཆེ་ཞུ། དམག་སྒར་ལ་ལྕག་སྐུལ་གཏོང་བའི་ལོ་80》(ཤིས་ཧྥུང·དམག་དཔོན་གྱི་བརྩེ་སེམས་ཞེས་པའི་རྒྱལ་གཅེས་དམག་བཀུར་གྱི་གསར་འགྱུར་མི་སྣ་ཆེ་གྲས་བཅུ་ལ་བདམས་པ)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།