ཉེ་ཆར། གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། གྲོང་ཁྱེར་དེས་འཆར་འགོད་ལ་ཤུགས་སྣོན་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་ལ་བརྟེན་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་སྐྲུན་པའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་འབྲེལ་ཕན་འབྲས་མངོན་གསལ་དོད་པོའང་ཐོན་ཡོད། མིག་སྔའི་བར་ལྷོ་ཁ་གྲོང་ཁྱེར་གྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་96གི་འཆར་འགོད་ལེགས་སྒྲུབ་བྱས་པ་མ་ཟད་རང་སྐྱོང་ལྗོངས་ཀྱི་རིགས་གཅིག་མཁས་ཅན་གྱི་དཔྱད་ཞིབ་ཀྱང་ལམ་ལྷོངས་བྱུང་ཡོད།
ཤེས་རྟོགས་བྱུང་བ་གཞིགས་ན། གྲོང་ཁྱེར་དེས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་སྐྲུན་པའི་དུས་འགོའི་ལས་དོན་40ལེགས་སྒྲུབ་བྱས་ཟིན་པ་དང་། མཐུད་སྐྲུན་རྣམ་གྲངས་ཡོངས་ལས་འགོ་བསྐྱར་དུ་ཚུགས་པ། རྣམ་གྲངས་9གསར་དུ་སྐྲུན་འགོ་ཚུགས་པ། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་6.56བཏང་ཡོད་ཅིང་། ཆུས་དང་གྲོང་ཁྱེར་རིམ་གཉིས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་སྐྲུན་པའི་མ་དངུལ་སྒོར་དུང་ཕྱུར་13.2གནད་འཁྱོལ་བྱུང་ཁར་གཤམ་དུ་སྤྲད་ཡོད་པ་རེད།