དབུ་ཤོག>ཆེད་སྒྲིག
  • བློ་གཅིག་སེམས་གཅིག་གིས་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཞེས་གསུངས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2017-11-13

    450840_yis_1510206505596.jpg

    འདི་ནི་སྤེན་པ་བཀྲ་ཤིས་ཀྱིས(གཡོན)གནས་ཁང་ཀོ་ཆས་བཟོ་སྐྲུན་ཚད་ཡོད་ཀུང་སིར་ལས་མི་དང་སྤེལ་རེས་བྱེད་པའི་གནས་ཚུལ་ཡིན་པ།

    ཟླ་11པའི་ཟླ་སྟོད་ཀྱི་བཞད་མཐོང་སྨོན་རྫོང་དུ་ཉི་འོད་རབ་ཏུ་འཚེར་ཞིང་མི་རྣམས་ཀྱི་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བ་དང་། ལག་ཏུ་ཁ་བཏགས་ཁྱེར་ནས་ཁོང་ཚོའི་ཧྲུའུ་ཅི་སྟེ་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་སྤེན་པ་བཀྲ་ཤིས་པེ་ཅིང་ནས་ལོག་ཕེབས་པར་བསུ་བ་ཞུ་བཞིན་མཆིས།

    བསུ་བ་ཞུ་བའི་སྟབས་བདེའི་མཛད་སྒོ་མཇུག་འགྲིལ་རྗེས་སྤེན་པ་བཀྲ་ཤིས་ཐད་ཀར་རྫོང་གི་ལྟེ་བའི་གྲོས་ཚོགས་ཁང་དུ་ཕྱིན། སྐབས་དེར་མི་གྲངས་350ཤོང་བའི་གྲོས་ཚོགས་ཁང་དུ་རྐུབ་བཀྱག་སྟོང་པ་གཅིག་ཀྱང་ལུས་མེད་པ་དང། ཚང་མ་བློ་རྩེ་གཅིག་ཏུ་བསྒྲིམས་ནས་སྤེན་པ་བཀྲ་ཤིས་ཀྱིས་པེ་ཅིང་ནས་ཁྱེར་བའི་གཏམ་བཟང་ཉན་རྒྱུར་བསྒུགས་ནས་བསྡད་ཡོད།

    ཚོགས་ཆེན་རིང་བོད་ཀྱི་འཐུས་མི་ཚོགས་པར་དུས་དང་རྣམ་པ་ཀུན་ཏུ་དམིགས་བསལ་གྱི་ལྟ་རྟོག་དང་དམིགས་བསལ་གྱི་ཐུགས་ཁུར་གནང་བྱུང་། མཐའ་མཚམས་ས་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཞིག་ཡིན་པའི་རང་ཉིད་ལ་སྔར་བྱུང་མྱོང་བྱེད་པའི་དྲོ་སྐྱིད་ཅིག་ཚོར་བྱུང་།

    “སྤྱི་ཁྱབ་ཧྲུའུ་ཅིའི་སྙན་སྒྲོན་ནང‘མི་དམངས’ཐེངས་203གཅིག་མཇུག་གཉིས་མཐུད་ངང་བཏོན་པ་དང་། ང་ཚོ་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་རེ་བྱེད་པ་དེ་རེད”

    ཚོགས་འདུའི་ཐོག་སྤེན་པ་བཀྲ་ཤིས་ཀྱིས་རང་ཉིད་འཐུས་མི་ཞིག་གི་ངོས་ནས་ཚོགས་ཆེན་ལ་ཞུགས་པའི་མྱོང་ཚོར་གླེང་བ་དང་། ཏང་ཡོན་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་གཞི་རྩའི་གནས་ཚུལ་ངོ་སྤྲོད་བྱས་པར་འཆད་སྟེགས་མདུན་ནས་ཐལ་མོའི་རྡེབ་སྒྲ་གྲགས་པ་དང་རྣམ་པ་ཧ་ཅང་འཁྲུག་པོ་ཡོད།

    སྒྲོག་འགྲེལ་མཇུག་འགྲིལ་རྗེས་སྤེན་པ་བཀྲ་ཤིས་དང་ཚོགས་ཞུགས་འཐུས་མི་ཚོ་ཕན་ཚུན་དྲི་བ་འདོན་རེས་བྱས་པ་རེད།

    “ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང‘ཐོན་ལས་དར་རྒྱས་དང་། སྣོད་བཅུད་ལེགས་པ། གྲོང་གསེབ་ཤེས་དཔལ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག’བཅས་ཀྱི་སྤྱིའི་བླང་བྱར་གཞིགས་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་དགོས་ཞེས་བཏོན་ཡོད་པས། གོམ་སྟབས་རྗེས་མར་ང་ཚོས་ལས་དོན་ཇི་ལྟར་སྒྲུབ་དགོས་སམ”ཞེས་སྟག་མོ་ཤར་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ལི་ཤིན་གྱིས་ཐོག་མར་དྲི་བ་འདི་ལྟར་བཏོན།

    “ང་ཚོས་འཐབ་ཇུས་ཀྱི་མིག་རྒྱང་ནས་དུས་རབས་གསར་པའི‘ཞིང་གསུམ’ལས་དོན་ཡག་པོ་སྒྲུབ་དགོས། དང་ཐོག་ཆུ་དང་། གློག ལམ། འཕྲིན་གཏོང་། རིག་གནས་འཕྲོད་བསྟེན་སོགས་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་འཆར་འགོད་ཚད་བརྒལ་བྱས་ནས་ཏན་ཏིག་སྒྲུབ་པ་དང་། ཞིབ་ཚགས་སྒྲུབ་པ། སྔོན་ལ་སྒྲུབ་པ་བཅས་བྱེད་དགོས་པ་དང་། དེ་རྗེས་དབུལ་སྒྲོལ་དབུལ་ཞྭ་འབུད་རྒྱུ་དམིགས་ཚད་ལ་བརྩིས་ནས་ཐོན་ལས་དབུལ་སྐྱོར་བྱེད་པའི་ཐད་བསམ་བློ་མང་ཙམ་གཏོང་བ་དང་། མང་ཚོགས་སྔར་བས་མང་བ་ཐོན་ལས་རྣམ་གྲངས་ལ་ཞུགས་རྒྱུར་སྐུལ་ཁྲིད་བྱེད་པ། མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་རྒྱ་ཆེར་གཏོང་བ། ལམ་འགྱུར་མྱུར་བགྲོད་བཅས་བྱས་ན། གཞི་ནས་མྱུར་བགྲོད་རླངས་འཁོར་གྱི་རྗེས་སུ་སྙེག་ཐུབ”

    “ཧྲུའུ་ཅི་ལགས། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཞིང་འབྲོག་པའི་འབབ་འཕར་ལ་སྲིད་ཇུས་ཡག་པོ་གང་དང་གང་འདུག་གམ”ཞེས་དང“ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་སྐོར་ལ་བྱེད་ཐབས་གསར་པ་གང་དང་གང་འདུག་གམ། དེའི་ཐད་ལ་ཁྱེད་ཀྱིས་འགྲེལ་བཤད་ཅིག་བསྐྱོན་རོགས་གནང”སྤེན་པ་བཀྲ་ཤིས་ཀྱིས་ཟིན་བྲིས་ནང་འཐུས་མི་ཁག་གིས་བཏོན་པའི་གནད་དོན་དག་བཀོད་དེ་ལན་ནན་ཏན་ངང་བསྐྱོན་པ་རེད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གསུངས་པའི་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་འགན་སོགས་ཚང་མ་ནི་དབུལ་སྐྱོར་ལས་དོན་གྱི་གཙོ་གནད་ཅིག་རེད་ལ། རྫོང་ཨུད་ཀྱི་ཧྲུའུ་ཅི་ཞིག་ཡིན་པའི་ངའི་ངོས་ནས་བརྗོད་ན་དབུལ་སྐྱོར་ལས་དོན་གྱི་འགན་གཙོ་བོ་འཁུར་དགོས་པ་ཞིག་དང་སླད་ཕྱིན་ལས་དོན་ཧུར་ཐག་སྒྲུབ་པའི་ཁ་ཕྱོགས་ཤིག་ཀྱང་རེད”ཅེས་སྤེན་པ་བཀྲ་ཤིས་ཀྱིས་ཚོགས་འདུའི་ཐོག་དེ་ལྟར་གསུངས།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།