དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་བོད་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པར་སླེབས་པའི་སྐོར་ལྷུག་པོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-11-04

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གི་སྙན་སྒྲོན་ནང“དུས་ཡུན་རིང་པོ་འབད་འཐབ་བྱས་པ་བརྒྱུད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དེ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་ཞིག་རེད”ཅེས་བསྟན་གནང་ཡོད།

    ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དེ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་ཞིག་ཡིན་ལ་བོད་སོགས་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་དེ་བས་རེད།

    “དུས་རབས་གསར་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་ཐོག་ལངས་ཏེ་ཕྱིར་དྲན་བྱེད་སྐབས་གངས་ལྗོངས་ས་མཐོས་གོམ་ཞེང་ཆེན་པོའི་ངང་དུས་ཐུང་ལོ་བཅུ་གྲངས་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་རླབས་ཆེན་གྱི་མཆོང་སྐྱོད་བྱུང་ཡོདམདུན་ཕྱོགས་སུ་རྒྱང་ལྟ་བྱེད་སྐབས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་ལ་ཉེ་བ་དང་། གངས་ལྗོངས་ས་མཐོའི་འཕེལ་རྒྱས་ཡར་ཐོན་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་དང་གཅིག་ཏུ་འདྲེས་ཡོད་པས་མདུན་ལམ་ཧ་ཅང་ཡངས་པོ་ཡོད” རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་ཀྲུའུ་ཞིའི་གཞུང་ལས་ཁང་གི་ཀྲུའུ་རེན་བཀྲ་ཤིས་རྒྱལ་མཚན་གྱིས་ཉིན་ཤས་བསྟུད་མར་སློབ་སྦྱོང་དང་ལྟ་ཉན་བྱེད་པར་སྒྲིག་འཛུགས་དང་། རང་ངོས་སློབ་སྦྱོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ཡང་སྐོར་བསྐྱར་སྐོར་ངང་ཞིབ་ཀློག་བཅས་བྱས་པས་མྱོང་ཚོར་ཟབ་མོ་དང་སྐུལ་ལྕག་གཏིང་ཟབ་ཐེབས་བྱུང་། “ཞི་བས་བཅིངས་འགྲོལ་བཏང་ཚུན་ས་མཐོའི་གུང་ཁྲན་ཏང་མི་མི་རབས་མང་པོས་བོད་ཀྱི་མི་དམངས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་མུ་མཐུད་མདུན་སྐྱོད་དང་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱས་ཡོད། ད་ལྟ་བོད་རྒྱལ་ཡོངས་དང་མཉམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་པས་མཐའ་མཚམས་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ལས་བྱེད་པ་ཞིག་གི་ངོས་ནས་ངས་རང་ཉིད་དུས་རབས་གསར་པའི་རྗེས་སུ་འབྲང་ཐུབ་པར་སྤོབས་པ་ཚད་མེད་སྐྱེ་ཞིང་། རྒྱལ་ཡོངས་ཀྱི་ཏང་ཡོན་ཁྲི་སྟོང་མང་པོའི་ཁྲོད་ཀྱི་ཏང་ཡོན་དཀྱུས་མ་ཞིག་གི་ངོས་ནས་རང་ཉིད་ངོ་མ་རླབས་ཆེན་བྱ་གཞག་ལ་ཞུགས་རྒྱུ་བྱུང་བ་ནི་གཟི་བརྗིད་བླ་ན་མེད་པ་ཡིན་པའི་ཚོར་སྣང་འདུག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་300ལྷག་ཙམ་གྱི་གྲས་ཀྱི་ངོས་ནས་ངས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱི་སེམས་ནུས་གཅིག་སྒྲིལ་ལས་མཛེས་སྡུག་ལྡན་པའི་འཆར་གཞི་འགྲུབ་ངེས་ཡིན་ལ་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་སྔར་བས་ངོ་མཚར་ལྡན་པར་གྱུར་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད”ཅེས་བཤད།

    བོད་རྒྱལ་ཡོངས་དང་མཉམ་དུ་དུས་རབས་གསར་པར་སླེབས་པ་ནི་རླབས་ཆེན་གྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགན་ལེན་ནུས་ལྡན་ལས་བྱུང་བ་ཞིག་དང་རླབས་ཆེན་གྱི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚད་མེད་ལས་བྱུང་བ་ཞིག་རེད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྔ་འཛིན་ཕྱི་གཏོད་ཀྱིས་བོད་ཀྱི་ལས་དོན་ལ་སྔར་བས་མཐོང་ཆེན་དང་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་གྱི་གྲུབ་འབྲས་ཐོབ་པའི་ལག་ལེན་ལས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་བཏོད་པ་རེད།

    བོད་ཀྱི་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་སྟོང་གི་འགག་སྒོ་ཆེ་མོ་ལས་ཚད་བརྒལ་བྱུང་ནས་2016ལོར་སྒོར་དུང་ཕྱུར་1150.07ཟིན་པ་དང་ལོ་ལྔ་ཡི་རིང་རིམ་རྩིས་བྱས་ན་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་5745.86ལེགས་གྲུབ་ཟིན་ཡོད། འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། འཕྲིན་གཏོང་བཅས་ཀྱིས་ཚབ་མཚོན་བྱས་པའི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཆེན་པོ་ཕྱིན་པ་དང་། 2016ལོར་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་9094ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་27802ཟིན་ཏེ་མགྱོགས་མྱུར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅང་ཐའེ་ཆང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལྗོངས་ཡོངས་སུ་འཕེལ་རྒྱས་མྱུར་པོ་འགྲོ་བ་དང་། སྤུས་ཚད་ཀྱི་ཕན་འབྲས་ལེགས་པ། དམངས་འཚོ་ལེགས་སུ་ཏན་ཏིག་ངང་འགྲོ་བ། སྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་པ། སྣོད་བཅུད་ཁོར་ཡུག་ལེགས་པ་བཅས་ཀྱི་རྣམ་པ་བཟང་པོ་ཐོན་པ་དང་མཛེས་སྡུག་ལྡན་པའི་འཕེལ་རྒྱས་ཀྱི་མདུན་ལམ་མངོན་ཡོད།

    ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་ལས་ཉེ་རབས་ཚུན་དུ་དཀའ་སྡུག་མང་པོ་མྱངས་པའི་ཀྲུང་ཧྭ་མི་རིགས་ཡར་ལངས་དང་འབྱོར་ཕྱུག་ནས་སྟོབས་ཆེར་གྱུར་པའི་རླབས་ཆེན་གྱི་མཆོང་སྐྱོད་བྱུང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་བསུས་པ་མཚོན་ཡོད། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་རྒྱལ་སྨན་གྲོང་ཚོའི་ལོ་80ལ་སླེབས་པའི་བགྲེས་སོང་ཚེ་རིང་ཀུན་བཟང་ལ་མྱོང་ཚོར་མང་པོ་བྱུང་སྟེ“བོད་རྙིང་པར་ང་ཚོ་ཞིང་བྲན་རྣམས་དུད་འགྲོ་ལས་ཀྱང་ཞན་པའི་འཚོ་བ་སྐྱེལ་དགོས་པ་དང་། མའོ་ཀྲུའུ་ཞིས་ང་ཚོ་མཚོ་ལྟར་ཟབ་ལ་མེ་ལྟར་ཚ་བའི་ཁྲོད་ནས་བསྐྱབས་པ་དང་ཏེང་ཞའོ་ཕིང་གིས་ང་ཚོ་འབྱོར་ཕྱུག་ལྡན་པར་གྱུར་པར་བྱས་ཡོད། ད་ལྟ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་ཁྲིད་གནང་ནས་ང་ཚོ་སྟོབས་ཆེར་གྱུར་པས་ང་ཚོ་མི་རབས་ཚང་མས་ཏང་གི་བཀའ་དྲིན་ནམ་ཡང་བློ་ལ་བརྟན་པོར་ངེས་ཏེ་ཏང་གི་སྣེ་ཁྲིད་འོག་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་ཞིག་སྐྱེལ་དགོས”ཞེས་བཤད།

    གཞོན་ནུ་དར་ན་རྒྱལ་ཁབ་དར། གཞོན་ནུ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན་པར་གྱུར། “ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་གལ་ཆེའི་འཐབ་ཇུས་ཀྱི་བརྡར་ཤ་བཅད་པ་དང་། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་སྣ་གསར་པ་སྐྱེད་སྲིང་བྱེད་པའི་གལ་ཆེའི་འཐབ་ཇུས་ཀྱི་བརྗོད་གཞི་བཏོན་ཡོད་པ་རེད། རང་ཉིད་གུང་ཁྲན་ཏང་ཡོན་ཞིག་དང་སློབ་གྲྭ་ཆེ་མོ་བའི་དང་བླངས་པ་ཞིག་གི་ངོས་ནས་བསམ་བློ་གསར་པས་རང་ཉིད་ལ་དྲག་ཆས་སྤྲས་ནས་བསམ་བློ་གསར་པ་སེམས་སུ་ཟུག་པ་བྱས་ཚེ་དུས་རབས་ཀྱིས་དཀྲིས་པའི་འགན་འཁྲི་གཞི་ནས་འཁུར་ཐུབ”ཅེས་ལྷ་ས་གྲོང་ཁྱེར་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་དང་བླངས་པ་ཏའེ་ཀོང་ཀྲེང་གིས་རང་ཉིད་ཀྱི་སློབ་སྦྱོང་གི་མྱོང་ཚོར་ལྷུག་པོར་གླེང་བྱུང་།

    རླབས་ཆེན་གྱི་དུས་རབས་འདིར་སླེབས་པ་ནི་ང་ཚོ་མི་རབས་འདིའི་བསོད་ནམས་ཡིན་ལ་ང་ཚོ་མི་རབས་འདིའི་མིས་ལོ་རྒྱུས་ཀྱི་འགན་འཁྲི་དེ་བས་འཁུར་དགོས་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།