དབུ་ཤོག>ཆེད་སྒྲིག
  • དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-11-01

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་དབྱེ་ཞིབ་གཏིང་ཟབ་གནང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་པར་སླེབས་པའི་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་སྟེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་རྒྱུའི་སྐོར་གསལ་པོར་བཏོན་པ་དང་། རླབས་ཆེན་ཕུགས་འདུན་འགྲུབ་པར་ངེས་པར་དུ་རླབས་ཆེན་གྱི་འདུ་འགོད་འཛུགས་སྐྲུན་བྱེད་དགོས་པའི་ནན་བཤད་བྱས་ཏེ་རང་རེའི་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་གདོང་ལེན་པ་དང་མི་རིགས་ཀྱི་གཙོ་་རྐང་ཞིག་ལ་འགྱུར་བ་བྱས་ཡོད།

    ལུའི་ཡེ་ཧུའེ་ཡིས་དུས་རབས་གསར་པར་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ཏང་གི་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་དེ་རྩ་བའི་རང་བཞིན་གྱི་འཛུགས་སྐྱོང་ལ་བརྩིས་ནས་ཨང་དང་པོར་འཇོག་པ་དང་། ཏང་གི་སྒྲིག་ཡིག་ལ་གོང་བཀུར་གྱིས་དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག་ལག་བསྟར་ནན་པོ་བྱེད་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། རྩ་དོན་རང་བཞིན། འཐབ་འཛིང་རང་བཞིན་བཅས་ཆེ་རུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོར་ཏང་གི་ཆབ་སྲིད་ལམ་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱེད་པ། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ལ་སྲུང་བརྩི་ནན་པོ་ཞུ་བ། ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཞེས་བཤད།

    བསམ་བློ་འཛུགས་སྐྱོང་བྱ་རྒྱུ་དེ་རྨང་གཞིའི་རང་བཞིན་གྱི་འཛུགས་སྐྱོང་ལ་བརྩི་བ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུ་དེ་ཏང་གི་བསམ་བློ་འཛུགས་སྐྱོང་གི་ལས་འགན་ཨང་དང་པོར་བརྩིས་ནས། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཡག་པོ་སྤེལ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོན་གྱི་བསམ་བློར་དྲག་ཆས་སྤྲོས་པ་བཅས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོས་སྔར་བས་རང་རྟོགས་ངང་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་འགྲུབ་པར་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

    སློབ་སྦྱོང་རྣམ་པ་དང་། ཞབས་ཞུ་རྣམ་པ། གསར་གཏོད་རྣམ་པ། སྣེ་ཁྲིད་རྣམ་པ། འཐབ་འཛིང་རྣམ་པ་བཅས་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུ་དེ་དམིགས་ཚད་ལ་བརྩི་བ་དང་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་གཙོ་གནད་ལ་བརྩིས་ནས་ཆབ་སྲིད་ཀྱི་ནུས་པ་མངོན་གསལ་དོད་དུ་གཏོང་བ་དང་ཏང་ཀྲི་པུའུ་ཚང་མས་ཐད་ཀར་ཏང་ཡོན་ལ་སློབ་གསོ་གཏོང་བ་དང་། ཏང་ཡོན་ལ་དོ་དམ་བྱེད་པ། ཏང་ཡོན་ལ་ལྟ་སྐུལ་བྱེད་པ། མང་ཚོགས་སྒྲིག་འཛུགས་བྱེད་པ། མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ། མང་ཚོགས་གོང་བུ་འགྲིལ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འགན་འཁྲི་ཏན་ཏིག་འཁུར་རྒྱུར་སྐུལ་འདེད་བཏང་སྟེ་ལས་རིགས་ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་བཞེད་དོན་དྲིལ་བསྒྲགས་དང་། ཏང་གི་གཏན་འབེབས་ལག་བསྟར། གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད། མང་ཚོགས་ལ་མཐུན་སྒྲིལ་དང་སྐུལ་སློང་། སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་གཏོང་བཅས་ཀྱི་སྲ་ཞིང་བརྟན་པའི་འཐབ་འཛིང་མཁར་རྫོང་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས།

    ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱ་རྒྱུ་ནི་སྲིད་སྐྱོང་བྱས་རྗེས་ཆེ་ཤོས་ཤིག་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ་ཏང་ཀྲི་པུའུ་ཚན་ལྡན་ཅན་དུ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་གཞི་རྟེན་ནུས་ལྡན་ཞིག་ལ་བརྩིས་ནས་རྩ་འཛུགས་བཀོད་སྒྲིག་ཚད་ལྡན་ཅན་དང་། ཚན་ཁག་འཛུགས་སྐྱོང་ཚད་ལྡན་ཅན། རྩ་འཛུགས་འཚོ་བ་ཚད་ལྡན་ཅན། ཏང་ཡོན་འཕེལ་རྒྱས་དང་། སློབ་གསོ་དོ་དམ་བཅས་བྱ་རྒྱུ་ཚད་ལྡན་ཅན། འཁོར་སྐྱོད་ལམ་སྲོལ་ཚད་ལྡན་ཅན། འགྲོ་གྲོན་འགན་ལེན་ཚད་ལྡན་ཅན། བྱེད་སྒོ་སྤེལ་ཡུལ་ཚད་ལྡན་ཅན་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་གོང་བུ་འགྲིལ་ཤུགས་དང་འབོད་སྐུལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་ཀྱིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་རྒྱག་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྲ་བརྟན་དུ་གཏོང་བ་དང་། རྒྱ་སྐྱེད་གཏོང་བ། དོན་འཁྱོལ་བྱེད་པ། “སྤྱོད་ཚུལ་བཞིའི”གནད་དོན་མུ་མཐུད་བཅོས་སྐྱོང་བྱེད་པ། ཏང་ཡོན་ལས་བྱེད་པས་མང་ཚོགས་ལ་འཛིན་པའི་ལྟ་བ་དང་མང་ཚོགས་ལ་བཅངས་པའི་བརྩེ་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་ཏང་གི་མང་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།

    ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ནུས་ཤུགས་ཡོད་རྒུས་ཤུགས་ཆེར་བཏང་ནས་སྒྲིག་ཁྲིམས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། སྒྲིག་ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ལ་གཙོ་གནད་ཐོག་ཤུགས་སྣོན་རྒྱག་པ། སྤྱོད་གཙང་གི་སྒྲིག་ཁྲིམས་དང་། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ནན་དུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། ཏང་ཡོན་ལས་བྱེད་པས་གུས་སྐྲག་ཤེས་པ་དང་། དོགས་ཟོན་དང་སྐྲག་སྣང་བྱེད་པ། མཐའ་ཚད་སྲུང་བ་བཅས་བྱེད་དུ་བཅུག་ནས་ལྟ་སྐུལ་དང་གཅུན་སྡོམ་གྱི་ཁོར་ཡུག་ཁྲོད་ལས་ཀ་དང་འཚོ་བ་སྐྱེལ་བའི་གོམས་གཤིས་འཇགས་པར་བྱེད་དགོས།

    ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་འཛུགས་སྐྱོང་གི་ལྷུ་ཚིགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་གྱི་ཐོག་མའི་གསར་གཏོད་ལ་བརྩི་འཇོག་བྱེད་པ། འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་བྱེད་པ། ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ། མ་ལག་འཐུས་སྒོ་ཚང་བའི་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་ཀའི་ལམ་ལུགས་ཀྱི་མ་ལག་ཅིག་ཆགས་པར་བྱས་ནས་སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།