དབུ་ཤོག>ཆེད་སྒྲིག
  • ཞི་མཐུན་ཤེས་དཔལ་དང་ཡིད་འོང་བདེ་སྐྱིད་ལྡན་པའི་གཞིས་རྩེ་ཧུར་ཐག་སྐྲུན་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-10-24

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་གཞིས་རྩེ་གྲོང་ཁྱེར་གྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་སྐུལ་འདེད་གཏོང་བའི་ཐད་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་ཀྲང་ཡན་ཆིང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་ཞིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། རྒྱལ་ཡོངས་མི་དམངས་དང་ལྷག་དོན་དུ་ཞིང་ཆེན་དང་གྲོང་ཁྱེར་བཞི་དང་ཁེ་ལས་གཉིས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་ང་ཚོས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཞི་མཐུན་ཤེས་དཔལ་དང་ཡིད་འོང་བདེ་སྐྱིད་ཀྱི་གཞིས་རྩེ་ཧུར་ཐག་བསྐྲུན་རྒྱུ་དམིགས་ཚད་དུ་བྱེད་པ་དང“བློ་བརྟན་འགྱུར་མེད་དང་། དཔའ་ངར་ཞུམ་མེད། དྲིན་ཚོར་ཡར་རྒྱས། སྔོན་དུ་བྱེད་ཕོད་པ”བཅས་ཀྱི་ཇོ་མོ་གླང་མའི་སྙིང་སྟོབས་ཁྲིད་སྟོན་དུ་བྱས་ནས་ཏང་འཛུགས་སྐྱོང་གི་ཇོ་མོ་གླང་མའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བས། ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་ཆགས་པ་དང་། སྣོད་བཅུད་ཇོ་མོ་གླང་མའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བས་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ལེགས་སུ་ཕྱིན་པ། རིག་གནས་ཇོ་མོ་གླང་མའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བས་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་ཐེབས་པ། ཐོན་ལས་ཇོ་མོ་གླང་མའི་འཐབ་ཇུས་ལག་ལེན་ཤུཌ་ཆེན་བསྟར་བས་དཔལ་འབྱོར་འཕེལ་རྒྱས་ཀྱི་གཏིང་ཤུཌ་ཆེ་རུ་ཕྱིན་པ། བདེ་སྐྱིད་ཇོ་མོ་གླང་མའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བས་མི་དམངས་མང་ཚོཌ་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་ཕྱིན་པ། ཁྲིམས་སྐྱོང་ཇོ་མོ་གླང་མའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བས་སྤྱི་ཚོཌ་ཁྱོན་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱུང་བ་བཅས་རེད། དེང་གི་གཞིས་རྩེར་སྔར་བས་ཞི་མཐུན་དང་། སྔར་བས་ཤེས་དཔལ་ལྡན་པ། སྔར་བས་བདེ་སྐྱིད་ལྡན་པ། སྔར་བས་མཛེས་སྡུག་ལྡན་པའི་བཅས་ཀྱི་ཆགས་ཡོད་ཅེས་གསུངས།

    ཀྲང་ཡན་ཆིང་གིས“4·25”ཡི་ས་ཡོམ་གནོད་འཚེ་ཐོན་ནས་ལོ་གཉིས་ལྷག་ཙམ་སོང་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཕྱོཌ་ཁག་གི་སྟོབས་ཤུཌ་ནུས་ཤུགས་ཡོད་རྒུས་སྤྱི་འདོམས་ཀྱིས་བསྐྱར་སྐྲུན་གྱི་དཀའ་གནད་རྒྱུན་ཆད་མེད་པར་བསལ་ཏེ་མང་ཚོགས་ཀྱི་སྡོད་ཁང་བསྐྱར་སྐྲུན་དང་། ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་། ཐོན་ལས་རྣམ་གྲངས་འཕེལ་རྒྱས། ས་གཤིས་གནོད་འཚེ་འགོག་བཅོས། བསམ་གྲུབ་རྩེ་ཁུལ་གསར་འཛུཌ་སྐྱོང་སོགས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་ནུས་ལྡན་བཏང་བས། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེཌ་གཏོང་ལ་གཉིས་ཁེ་བྱུང་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།