དབུ་ཤོག>ཆེད་སྒྲིག
  • “ངས་དེ་རིང་རང་ཉིད་ཀྱི་རྣམ་འགྱུར་ལ་སྐར་མ་80རྒྱག་གི་ཡིན”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-10-20

    443866_yis_1508349523574.jpg

    འདི་ནི་ཚོགས་འདུ་འགོ་མ་ཚུགས་གོང་འཐུས་མི་ཚེ་རིང་པད་སྒྲོན་གྱིས་བཅར་འདྲི་དང་ལེན་བྱེད་པའི་གནས་ཚུལ་ཡིན་པ། 

    ཟླ་10ཚེས་18ཉིན། ཞོགས་པའི་ཉི་གཞོན་ཤར་ཕྱོགས་ལྷུན་པོའི་སྤོ་ནས་དལ་བུར་ཤར་བ་དང་སྦྲགས་སྟོན་ཆར་སིམ་སིམ་དུ་བབས་པས། གནམ་གཤིས་ཅུང་གྲང་མོ་ཆགས་ཡོད་ནའང་ཁང་པའི་ནང་གློག་འོད་རབ་ཏུ་འཚེར་བཞིན་འདུག ཚོགས་ཆེན་བཅུ་དགུ་པའི་རང་ལྗོངས་ཀྱི་འཐུས་མི་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་བུད་མེད་དང་བུ་བཙའི་ཚན་ཁག་གི་ཀྲུའུ་རེན་ཚེ་རིང་པད་སྒྲོན་གྱིས་གཟབ་མཆོར་ལེགས་པར་སྤྲས་ནས་ཚོགས་འདུར་ཐོན་རྩིས་བྱེད་བཞིན་ཡོད།

    དེ་ཉིན་ནི་གལ་འགངས་ཤིན་ཏུ་ཆེ་བའི་ཉིན་མོ་ཞིག་སྟེ། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་དུ་རྒྱལ་ཁའི་ངང་འཚོག་རྒྱུ་རེད།

    དེ་ཉིན་ནི་དོན་སྙིང་ལྷག་པར་ལྡན་པའི་ཉིན་མོ་ཞིག་སྟེ། གྲོང་གསེབ་ཀྱི་ལམ་ཆུང་དུ་འགྲོ་རྒྱུར་གོམས་པའི་ཚེ་རིང་པད་སྒྲོན་དམིགས་བསལ་གྱི་བགྲོད་ལམ་སྟེ“ཏང་གི་འཐུས་མིའི་བགྲོད་ལམ”ནས་སྐྱོད་མཁན་རེད།

    ཏང་གི་ཚོགས་ཆེན་བཅུ་དགུ་པས“ཏང་གི་འཐུས་མིའི་བགྲོད་ལམ”ཐོག་མར་བཀོད་སྒྲིག་བྱས་ནས་གཞི་རིམ་གྱི་འཐབ་ས་མདུན་མའི་འཐུས་མི་ས་གནས་ས་ཐོག་ཏུ་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་པར་གདན་དྲངས་ཡོད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུའི་ལྟེ་གནས་ནས་ཚེ་རིང་པད་སྒྲོན་གྱིས་རླངས་འཁོར་ལ་བསྡད་དེ་ཚོཌ་ཆུང་གཅིག་པའི་འཐུས་མི་གཞན་གསུམ་དང་མཉམ་དུ་འཛོམས།

    སྔ་དྲོའི་ཆུ་ཚོད་བདུན་པ་ཙམ་ལ། འཐུས་མི་ཚེ་རིང་པད་སྒྲོན་མི་དམངས་ཚོགས་ཁང་ཆེ་མོར་འབྱོར་བ་དང་ཁོང་གིས་ལས་རིམ་བློ་ལ་བརྟན་པོར་ངེས་ཤིང་གཙོ་གནད་དབྱེ་འབྱེད་ཡག་པོ་བྱས་ཏེ་མཐའ་མའི་གྲ་སྒྲིག་བྱེད་པར་གཞོལ།

    ཆུ་ཚོད་བདུན་དང་ཕྱེད་ཀར་བཅར་འདྲི་འགོ་ཚུགས་ཤིང་། འཐུས་མི་ཅིང་ཧའེ་ཕུང་ཨང་དང་པོར་དོན་པ་དང་འཐུས་མི་གཞན་དག་གིས་རིམ་པ་བཞིན་བཅར་འདྲི་དང་ལེན་བྱས། འཐུས་མི་ཚེ་རིང་པད་སྒྲོན་ནི་ཚོགས་ཆུང་གཉིས་པའི་ནང་ནས་དོན་མཁན་ཨང་བཞི་པ་དེ་རེད།

    “འདས་ཟིན་པའི་ལོ་ལྔའི་རིང་། བོད་དུ་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་འཆི་ཚད་རིམ་བཞིན་དམའ་རུ་སོང་ཡོད”ཅེས་མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་པའི་ཚེ་རིང་པད་སྒྲོན་གྱིས་སྨྱན་སྦྱར་གྱི་གསར་འགོད་པ་མང་པོའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད།

    སྨན་བཅོས་འཕྲོད་བསྟེན་དང་། སྦྲུམ་མ། ཕྲུ་གུ་དམར་འབྱར་བཅས་ཀྱི་ལས་ཀར་ཚེ་རིང་པད་སྒྲོན་ལ་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད་པས་སྐད་ཆ་ཤོད་འགོ་ཚུགས་མ་ཐག་ཁོང་གིས་དངངས་སྐྲག་མེད་པར་དེ་ལས་ལྡོག་སྟེ་སྤོབས་པ་དང་གདེང་ཚོད་ཀྱིས་ཁེངས།

    གསར་འགོད་པས་འགྱུར་ལྡོག་གང་ལས་བྱུང་བའི་རྒྱུ་རྐྱེན་སྐོར་ལ་དབྱེ་ཞིབ་བྱ་རྒྱུའི་རེ་བ་བཏོན།

    འཐུས་མི་ཚེ་རིང་པད་སྒྲོན་གྱིས“སྔོན་ཆད་ཆ་རྐྱེན་ཞན་ལ། འགྲིམ་འགྲུལ་ཡང་སྟབས་བདེ་མེད་ཁར་མི་སེར་ལ་སྨན་པ་བསྟེན་པའི་འདུ་ཤེས་དེ་ཙམ་ཟབ་པོ་མེད། ད་ཆ་ཏང་གི་སྲིད་ཇུས་བཟང་པོ་ཡོད་པས་མི་སེར་ཚོའི་འཚོ་བའི་ཆུ་ཚད་མཐོ་རུ་སོང་བ་དང་བདེ་ཐང་གི་འདུ་ཤེས་ཀྱང་ཟབ་ཏུ་སོང་བ་མ་ཟད། མ་བུ་བདེ་སྲུང་ལའང་ཏང་དང་སྲིད་གཞུང་གིས་སྲིད་ཇུས་བཟང་པོ་མང་དག་གཅིག་བཏོན་གནང་ཡོད། སྨན་ཁང་དུ་ཕྲུ་གུ་སྐྱེས་ན་སྨན་རིན་རྩིས་ཞུ་བྱེད་ཀྱི་ཡོད་ལ་ནད་གཡོག་གི་འགྲོ་གྲོན་ཡང་སྤྲོད་ཀྱི་ཡོད་པས་སྦྲུམ་མ་ཚང་མས་སྨན་ཁང་ལ་ཕྲུ་གུ་སྐྱེ་བར་ཡོང་འདོད་བྱེད་ཀྱི་ཡོད་པས། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་འཆི་ཚད་དམའ་རུ་སོང་ཡོད”ཅེས་འགྲེལ་བཤད་བརྒྱབ།

    འཐུས་མི་ཚེ་རིང་པད་སྒྲོན་གྱིས“ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་གྱིས་ས་གནས་སྨན་པའི་སྨན་བཅོས་ལག་རྩལ་གྱི་ཆུ་ཚད་མཐོ་རུ་བཏང་ཡོད། འགྱུར་ལྡོག་འདི་དག་ཚང་མ་ནི་ཏང་དང་རྒྱལ་ཁབ་ཀྱིས་བོད་ཀྱི་མི་དམངས་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་ལས་བྱུང་བ་ཞིག་ཡིན་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལ་དམིགས་བསལ་གྱི་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་དང་ཁ་འབྲལ་ཐབས་མེད”ཅེས་བཤད།

    “ད་ཆ་ང་ཚོར་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་རྒྱུ་བྱུང་བས་ང་ཚོ་སྔར་བས་བདེ་སྐྱིད་ལྡན་པའི་ཡིད་ཆེས་ཡོད”

    འཐུས་མི་ཚེ་རིང་པད་སྒྲོན་གྱི་སྒྲ་གསལ་ཞིང་ཚིགས་དང་ལྡན་པའི་སྐད་ཆའི་བྲག་ཆ་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་ཤར་མར་ཡང་ཡང་འཁོར།

    བློ་མཐུན་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ཉན་རྗེས་ཚེ་རིང་པད་སྒྲོན་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཁོང་གིས་སྙན་སྒྲོན་ནང་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་དང་ནད་ཆེན་གྱི་སྨན་བཅོས་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་གསུངས་པ་དེས“བོད་དུ་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་འཆི་ཚད་སྔར་བས་དམའ་རུ་འགྲོ་རྒྱུའི་ཡིད་ཆེས་ཡོད”ཅེས་བཤད།

    “ཁྱེད་ཀྱིས་རང་ཉིད་ལ་སྐར་མ་ག་ཚོད་རྒྱག་རྒྱུ་ཡིན་ནམ”ཞེས་གསར་འགོད་པས་འཐུས་མི་ཚེ་རིང་པད་སྒྲོན་ལ་འདྲི་སྐབས་ཁོང་གིས“ངས་དེ་རིང་རང་ཉིད་ཀྱི་རྣམ་འགྱུར་ལ་སྐར་མ་80རྒྱག་གི་ཡིན”ཞེས་འཛུམ་དམུལ་དམུལ་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།