དབུ་ཤོག>ཆེད་སྒྲིག
  • ཏང་གི་དྲོ་སྐྱིད་འོད་ཟེར་གངས་ལྗོངས་ཡུལ་གྲུ་ཀུན་ཏུ་འཕྲོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-10-19

    “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ལྔ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་རྒྱུད་རིམ་ཁྲོད་ཀྱི་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན་ལ་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པའི་ལོ་ལྔའང་ཡིན”བོད་ནས་པེ་ཅིང་དུ་ཕེབས་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་ཚོས་བོད་ཀྱི་ཡར་རྒྱས་གོང་འཕེལ་རང་ཉིད་ངོ་མས་ཚོར་བ་མ་ཟད། མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་ཡང་མིག་མཐོང་ལག་ཟིན་བྱུང་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་སྔར་བས་བརྟན་དུ་ཕྱིན་ཡོད།

    ཚོགས་ཆེན་བཅུ་དགུ་པའི་འཐུས་མི་རྣམ་གླིང་རྫོང་རྣམ་གླིང་གྲོང་རྡལ་རི་སྔོན་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་སྲི་ཆོས་ཀྱིས་གྲོང་ཚོའི་མང་ཚོགས་ཚོས་སྔོན་ཆད་ཤན་རྩའི་ཚྭ་ཟ་བ་དང་ཚྭ་དེའི་སྤུས་ཚད་ཞན་པའི་ཁར་གཟུགས་པོར་གནོད་འཚེ་ཆེ་བས་ཕྲུ་གུ་མང་པོ་ཡ་མ་གཟུགས་སུ་གྱུར་གྱི་ཡོད་ཅེས་གསུངས་པ་རེད།

    གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་འདི་ཉིད་ནག་ཆུ་ས་ཁུལ་ཤན་རྩྭ་རྫོང་དང་བར་ཐག་ཉེ་པོ་ཡོད་པ་དང་རྣམ་གླིང་རྫོང་གི་ས་རྒྱུ་གཤིན་སྟབས་ནས་ཀྱི་ཐོན་འབབ་ཡག་པོ་ཡོད། ཤན་རྩྭ་རྫོང་ལ་ཚྭ་མཚེའུ་མང་བས་ཚྭ་ཁལ་དེད་སྲོལ་དར་ནས་རྫོང་གཉིས་དབར་འབྲུ་རིགས་དང་ཚྭ་བརྗེ་པོ་རྒྱག་པའི་ཐད་ལོ་རྒྱུས་རིང་པོ་ལྡན་ཡོད། ཉི་མ་སྲི་ཆོས་ཀྱིས་ཚྭ་སྒྱེ་མོ་གཅིག་དང་ནས་སྒྱེ་མོ་གཉིས་བརྗེ་པོ་རྒྱག་སྲོལ་ཡོད་ལ་གྲོང་ཚོའི་ཡུལ་མི་ཚོས་ཀྱང་ཤན་རྩའི་ཡུལ་ཚྭ་ཟ་རྒྱུར་གོམས་ཡོད། ཡིན་ནའང“ཡུལ་ཚྭ”བྲོ་བ་ཆེ་ཡང་ཏེན་མི་འདང་བར་བརྟེན་ཡུན་རིང་ཟས་ཚེ་གཟུགས་པོར་གནོད་འཚེ་ཆེན་པོ་ཡོད། ལོ་དེ་དག་རིང་བོད་ཀྱིས“ཏེན་བསྣན་པའི་ཚྭ”ཁྱབ་གདལ་ཤུགས་ཆེན་གཏོང་བཞིན་ཡོད་པས་ཞིང་འབྲོག་པས་ཉོས་ཚེ“ཚྭའི་ཁ་གསབ”སྤྲོད་པ་མ་ཟད། རིན་གོང་ཐད་ལའང་གཟིགས་སྐྱོང་ཡོད།

    ཚོགས་ཆེན་བཅུ་དགུ་པའི་འཐུས་མི་མཚོ་སྣ་རྫོང་མག་མང་མོན་པ་མི་རིགས་ཤང་གི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་པད་མ་དབྱངས་ཅན་གྱི་མིག་ནང་འདས་ཟིན་པའི་ལོ་ལྔའི་རིང་མོན་པ་མི་རིགས་ཤང་གི་མང་ཚོགས་ཚོའི་སྡོད་ཁང་གི་ཆ་རྐྱེན་སྔར་བས“ཇེ་ལེགས་སུ”ཕྱིན་ཡོད། པད་མ་དབྱངས་ཅན་གྱིས་མག་མང་མོན་པ་མི་རིགས་ཤང་འདི་ཉིད་མཐའ་མཚམས་ས་ཁུལ་དུ་གནས་པ་དང་སྔོན་ཆད་འགྲིམ་འགྲུལ་སྟབས་བདེ་མེད་ལ་དཔལ་འབྱོར་རྗེས་ལུས་ཐེབས་ནས་ཡུལ་མིའི་སྡོད་ཁང་ཐོག་དཔངས་དམའ་ལ་དཀར་ཆ་དོད་པོ་མེད་པའི་ཁར་འོག་ཤོད་ལ་མགོ་ཕྱུགས་བཅུག་པ་དང་སྟེང་ཐོག་ལ་མི་བསྡད་པས་གཙང་སྦྲ་ཧ་ཅང་ཞན་པོ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མཐའ་མཚམས་ས་ཁུལ་གྱི་གོང་འཕེལ་ལ་མཐོང་ཆེན་དང་མི་འབོར་ཅུང་ཉུང་བའི་མི་རིགས་ལ་ཐུགས་ཁུར་གཟབ་བཞེས་གནང་ནས“མཐའ་དར་དམངས་ཕྱུག”གི་ལས་དོན་སྒྲུབ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྒྱུར་སྐུལ་མ་ཆེན་པོ་བཏང་བས་ད་ཆ་ཡུལ་མི་ཚང་མ་ཁང་གསར་ནང་སྡོད་རྒྱུ་བྱུང་ཡོད། ཁང་པའི་ཐོག་དཔངས་མཐོ་རུ་དང་རྒྱ་ཁྱོན་ཆེ་རུ་ཕྱིན་པ་མ་ཟད། མི་ཕྱུགས་ལོགས་སུ་བསྡད་དེ་གཅིག་ཐོག་ལ་ཚོང་ཁང་བཙུགས་པ་དང་ཉིས་ཐོག་ལ་མགྲོན་ཁང་གཉེར་ནས་སྡོད་གནས་ཧ་ཅང་སྐྱིད་པོ་ཡོད་པ་མ་ཟད། ད་དུང་ཡོང་འབབ་ཀྱང་འཕར་སྣོན་བྱུང་བས་ཚང་མས་སེམས་ཀྱི་གཏིང་ནས་ཏང་དང་སྲིད་གཞུང་གི་བཀའ་དྲིན་ཚོར་ནས་དུད་ཁྱིམ་ཀུན་གྱིས་ཁང་སྟེང་དུ་སྐར་ལྔའི་དར་དམར་བཙུགས་ཡོད་ཅེས་གསུངས་པ་རེད།

    བྱ་བ་ཆུང་ཙག་ལས་ཏང་གི་བཀའ་དྲིན་ཚོར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་འཕོ་འགྱུར་ཆེན་པོ་དེ་ཚྭ་རྡོག་གཅིག་དང་སྡོད་ཁང་རེ་ལས་མངོན་པ་འགྱུར་ལྡོག་ཆུང་ཙག་ལས་མཛེས་སྡུག་གི་དཔེ་རིས་འབུར་གཟུགས་ཤིག་སྒྲུབ་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ་ར་སྤྲོད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།