དབུ་ཤོག>ཆེད་སྒྲིག
  • བོད་ལྗོངས་འགྲེམས་ཚོགས་སྐབས་གཉིས་པའི་གྲུབ་འབྲས་ལ་ཕྱིར་ལྟ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-09-20

    བོད་ལྗོངས་འགྲེམས་ཚོགས་སྐབས་གཉིས་པས“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ཁོང་དུ་བརྟན་པོར་ཆུད་པར་བྱས་པ་དང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་དམ་པོར་དམིགས་ནས། བོད་ལྗོངས་འགྲེམས་ཚོགས་སྐབས་དང་པོའི“མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་བརྗོད་དོན་གཙོ་བོ་གཏིང་ཟབ་དང་རྒྱ་བསྐྱེད་བཏང་བ་དང་། བབ་ཆགས་དང་། གཟབ་རྒྱས། བདེ་འཇགས་བཅས་ཀྱི་སྒོ་ནས་འགྲེམས་ཚོགས་གཉེར་རྒྱུ་མཐའ་འཁྱོངས་བྱས་པ། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་763དང་། ལྗོངས་ཕྱི་ནང་གི་ཁེ་ལས་100ཙམ། ལྗོངས་ཕྱི་ནང་གི་ཁེ་ལས་དང་རྒྱལ་སྤྱི་རྒྱལ་ནང་གི་གྲགས་ཅན་ཡུལ་སྐོར་རིག་གནས་ལས་རིགས་མཐུན་ཚོགས་ཀྱི་འཐུས་མི་1000ལྷག་ཙམ་བཅས་གདན་འདྲེན་ཞུས་པ། འགོ་ཚུགས་མཛད་སྒོ་དང་། རིག་དངོས་རྩེར་སོན་འགྲེམས་སྟོན། ཐང་ག་རྩེར་སོན་འགྲེམས་སྟོན། ཡུལ་སྐོར་འོས་སྦྱོར། བརྗོད་དོན་གཙོ་བོའི་གླེང་སྟེགས། ཚོང་འགུགས་མ་འདྲེན། དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སོགས་རྣམ་གྲངས་ཆེ་རིགས་8དང་རྣམ་གྲངས་ཆུང་རིགས་23བདེ་བླག་ངང་ལེགས་པར་བསྒྲུབས་པ་དང་བྱེད་སྒོ་ཐེངས་71སྤེལ་ཡོད་པ་རེད། བོད་ལྗོངས་འགྲེམས་ཚོགས་སྐབས་གཉིས་པའི་རིང་ཁྱོན་གན་རྒྱ་132བཞག་པར་མ་དངུལ་གཏོང་ཚད་ཁྱོན་སྒོར་དུང་ཕྱུར་756.45ཟིན་ཡོད་པ་རེད།

    ཡུལ་སྐོར་རིག་གནས་འགྲེམས་སྟོན་ལས། བསམ་པའི་གསོལ་སྟོན་ཕུན་སུམ་ཚོགས།

    2015ལོའི་ཟླ་9ཚེས་28ཉིན། བོད་ལྗོངས་འགྲེམས་ཚོགས་སྐབས་གཉིས་པ་ཚོགས་འགོ་ཚུགས་ཤིང་། གཟབ་ཅིང་རྒྱས་པའི་འགོ་ཚུགས་མཛད་སྒོར་དམངས་ཁྲོད་སྒྱུ་རྩལ་པས་ངོ་མཚར་ཆེ་བའི་འཁྲབ་སྟོན་སྣ་ཚོགས་བྱས་པ་དང་། བོད་ལྗོངས་འགྲེམས་ཚོགས་ཀྱི་བརྗོད་བྱ་མཚོན་བྱེད་གླུ་གཞས《ལྷ་སར་མཉམ་འཛོམས》ཞེས་པའི་གླུ་སྒྲའི་བྲག་ཅ་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚོའི་སེམས་ལ་ལྷང་ལྷང་གྲགས་པ་རེད། ཡུལ་སྐོར་འགྲེམས་ཁུལ་དང་། རིག་གནས་འགྲེམས་ཁུལ། ས་ཁུལ་དང་གྲོང་ཁྱེར་བདུན་གྱི་འགྲེམས་ཁུལ་སོགས་སུ་མི་ཚོགས་ཀྱིས་ཁེངས་ཤིང་། རྒྱལ་ཁབ་ཁག་གི་སྐུ་མགྲོན་དང་། སློབ་མ། ས་གནས་དེ་གའི་མང་ཚོགས། ཡུལ་སྐོར་བ་སོགས་བོད་ལྗོངས་འགྲེམས་ཚོགས་ལ་ལྟ་སྐོར་དུ་སླེབས་པ་དང་སྦྲགས་ཁོང་ཚོས་དེ་གར་དྲན་རྟེན་པར་ཡང་བརྒྱབ་པ་རེད།

    བོད་ལྗོངས་འགྲེམས་ཚོགས་སྐབས་གཉིས་པའི་དྲིལ་བསྒྲགས་མཚམས་སྦྱོར་གྱི་ནུས་པ་ཆེ་རུ་གཏོང་ཆེད། ཡུལ་སྐོར་འགྲེམས་ཁུལ་གྱིས་རྒྱལ་ཁབ་ཡུལ་སྐོར་ཅུས་དང་མཐུན་སྦྱོར་ཧུར་ཐག་བྱས་པ་བརྒྱུད། སྐུ་མགྲོན་གདན་ཞུའི་ཁྱབ་ཁོངས་སྔར་བས་ཆེ་རུ་བཏང་ཞིང་། བོད་ལྗོངས་འགྲེམས་ཚོགས་སྐབས་གཉིས་པར་ཀྲུང་དབྱང་གི་ཡུལ་སྐོར་ཁེ་ལས་ཆེ་གྲས་15དང་། རྒྱལ་ནང་གི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31གི་ཡུལ་སྐོར་ཁེ་ལས། ཨུ་རུ་སུ་དང་། རྒྱ་གར། ཧན་གོ ཨོ་སི་ཁྲུ་ལི་ཡ། ཁ་ན་ཏ་སོགས་རྒྱལ་ཁབ་18ཀྱི་ཡུལ་སྐོར་ཚོང་པ་100ལྷག་ཙམ་གདན་འདྲེན་ཞུས་པའི་གཞི་ཁྱོན་ནམ་ཡང་ན་ཁྱབ་ཁོངས་གང་གི་ངོས་ནས་བརྗོད་ནའང་ཚད་བརྒལ་ཆེ་ཙམ་བྱུང་ཡོད།

    བོད་ལྗོངས་འགྲེམས་ཚོགས་སྐབས་གཉིས་པའི་འགྲེམས་ཁུལ་བཀོད་སྒྲིག་བྱ་ཡུལ་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་4ལྷག་ཙམ་ཟིན་པའི་ནང་ཁང་ཕྱིའི་འགྲེམས་ཁུལ་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་3ལྷག་ཙམ་ཟིན་པ་དང་། ཁང་པའི་ནང་གི་འགྲེམས་ཁུལ་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་1.6ལྷག་ཙམ་ཟིན་པ། འགྲེམས་གནས་300ལྷག་ཙམ་བཀོད་སྒྲིག་བྱས་པའི་ནང་ཡུལ་སྐོར་བརྗོད་དོན་གཙོ་བོར་བྱས་པའི་འགྲེམས་ཁུལ་དང་། རིག་གནས་བརྗོད་དོན་གཙོ་བོར་བྱས་པའི་འགྲེམས་ཁུལ། ཁྱད་ལྡན་ཐོན་ཟོག་བརྗོད་དོན་གཙོ་བོར་བྱས་པའི་འགྲེམས་ཁུལ་སོགས་འགྲེམས་ཁུལ་ཁག་བདུན་ཚུད་ཡོད། ཕྱི་རྒྱལ་གྱི་ཚོང་པ་200ཙམ་དང་ལྗོངས་ནང་ཁུལ་གྱི་ཁེ་ལས་300ལྷག་ཙམ་གྱིས་རིགས་ཆེ་གྲས་བཅུ་དང་ཚོང་ཟོག་སྣ་ཁ་སྟོང་ལ་ཉེ་བ་འགྲེམས་ཚོང་བྱས་པ་དང་། གཞན་ཡང་བོད་ཀྱི་ཡུལ་སྐོར་རིག་གནས་ཐོན་རྫས་སྣ་ཁ་230ལྷག་ཙམ་འགྲེམས་སྟོན་བྱས་པ་རེད། ཐེངས་དེར་ལྟ་སྐོར་དུ་ཡོང་མཁན་མི་ཐེངས་ཁྲི་20ལྷག་ཙམ་ཟིན་པ་དང་འགྲེམས་ཚོང་བྱ་ཡུལ་གྱི་བྲིན་ཚོང་དང་མངགས་ཉོ་བྱེད་ཚད་ཁྱོན་སྒོར་ཁྲི་3000ལས་བརྒལ་ཡོད།

    རིམ་མཐོའི་གླེང་སྟེགས་དར་ཞིང་རྒྱས། བསམ་བློའི་རླུང་འཚུབ་དྲག་པོ་ལྡང་།

    2015ལོའི་ཟླ་9ཚེས་29ཉིན། ལྷ་སའི་གནས་མཆོག་ལྷ་ཡུལ་ཀྲོའུ་ཅི་གསོལ་མགྲོན་ཁང་གི་བོད་རྒྱལ་གསོལ་སྟོན་ཚོམས་ཆེན་དུ་སྐུ་མགྲོན་གྱིས་ཁེངས་ཤིང་། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་གླེང་སྟེགས་སྐབས་གཉིས་པར་ཞུགས་མཁན་ཕྱི་རྒྱལ་གྱི་སྲིད་ཕྱོགས་དཔོན་རིགས་དང་། སློབ་ཆེན་གྱི་འགན་འཁུར་བ། བོད་རིག་པའི་མཁས་དབང་སོགས་ཀྱིས་བསམ་འདུན་བཟང་པོ་འཆང་བཞིན་སྟོན་ཉམས་རྒྱས་པའི་ལྷ་ས་སྐྱིད་ཆུའི་ངོགས་སུ་རང་སོ་སོའི་བསམ་ཚུལ་སྤེལ་རེས་ལྷུག་པོར་གནང་བ་རེད།

    བོད་ཀྱི་ས་མཐོའི་ཁོར་ཡུག་གི་འགྱུར་བར་ཚན་རིག་དང་མཐུན་པའི་སྒོ་ནས་ཚོད་སྐོར་དང་། ཕྱི་རྒྱལ་གྱི་ཉམས་མྱོང་ཟུང་འབྲེལ་གྱིས་དཔལ་འབྱོར་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད། ཡུལ་སྐོར་རིག་གནས་བཅས་ལ་མཐུན་སྦྱོར་བྱེད་རིང་ཕྲད་པའི་འགྲན་སློང་སྐོར་དཔྱད་བསྡུར་བྱས་པ་དང་། འཛམ་གླིང་ཤུལ་བཞག་གི་ཐོན་ཁུངས་དང་རིན་ཐང་སྐོར་དཔྱད་བསྡུར་རགས་ཙམ་བྱས་པ། མི་འབོར་ཅུང་ཉུང་བའི་གྲངས་ཉུང་མི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་ཡུལ་སྐོར་གསར་སྤེལ་སྐོར་ལྷུག་པོར་གླེང་བ་རེད། དེའི་ནང་དོ་སྣང་བྱེད་འོས་པ་ཞིག་ནི་སྐབས་དེའི་གླེང་སྟེགས་ཀྱིས་དངོས་སྒྲུབ་དང་ཕན་འབྲས་ཆེན་པོར་དེ་བས་ཀྱང་མཐོང་ཆེན་པོ་བྱས།

    བོད་ལྗོངས་འགྲེམས་ཚོགས་སྐབས་གཉིས་པར་རྒྱལ་སྤྱི་རྒྱལ་ནང་གི་ཡུལ་སྐོར་དང་། རིག་གནས། ཞིབ་འཇུག་སྒྲིག་གཞི་བཅས་ཀྱི་རིགས་གཅིག་མཁས་པ་དང་། དེ་བཞིན་ལས་རིགས་ཚོང་ཚོགས་དང་མཐུན་ཚོགས་ཀྱི་འཐུས་མི་ཁྱོན་30ལྷག་ཙམ་གདན་དྲངས་པ་དག་གིས་ངོ་མཚར་ཆེ་བའི་གཏམ་བཤད་གནང་བ་དང་། “ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་གླེང་སྟེགས་སྐབས་གཉིས་པ”དང“ཞིང་ཆེན(རང་སྐྱོང་ལྗོངས)ལྔའི་བོད་སྨན་དང་བོད་ལུགས་གསོ་རིག་གི་གླེང་སྟེགས་སྐབས་དང་པོ”གཉེར་བའི་ནང་རིག་གཞུང་ཞིབ་འཇུག་དང་ཉམས་མྱོང་སྤེལ་རེས་ཀྱི་གྲུབ་འབྲས་20ལྷག་ཙམ་ཐོབ་པ། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་རིག་གནས་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་དཔྱད་བསྡུར་སྔར་བས་གཏིང་ཟབ་བྱས་པ། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་གཏོང་རྒྱུ་དང་བོད་ལུགས་གསོ་རིག་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུར་དཔྱད་བསྡུར་སྔར་བས་གཏིང་ཟབ་བྱས་པ། ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་འགྲིལ་ནས་བོད་ཀྱི་དཔལ་འབྱོར་ཚོང་དོན་རིག་གནས་སྤེལ་རེས་དང་། ཡུལ་སྐོར་རིག་གནས། བོད་ལུགས་གསོ་རིག་དང་བོད་སྨན་བཅས་ཀྱི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་བ་རེད།

    མ་འཇོག་གྲོས་མོལ་འཁྲུག་པོ་ལས། དཔལ་འབྱོར་ཚོང་དོན་རྒྱས་འཛོམས་བྱུང་།

    2015ལོའི་ཟླ་9ཚེས་30ཉིན། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་སྟོན་ཚོགས་སྐབས་གཉིས་པ་ལྷ་སར་བདེ་བླག་ངང་མཇུག་འགྲིལ་བ་རེད། བོད་ལྗོངས་འགྲེམས་ཚོགས་སྐབས་གཉིས་པས“མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་བརྗོད་དོན་གཙོ་བོ་སྣུར་སྲིང་དང་རྒྱ་བསྐྱེད་བཏང་བ་དང་ཆབས་ཅིག སྤྲོ་སེམས་དང་། བབ་ཆགས། གཟབ་རྒྱས་བཅས་ཀྱི་ཁྱད་ཆོས་རྒྱུན་འཛིན་དང་དར་སྤེལ་བཏང་ཞིང་། དེའི་རིང་ཁྱོན་གླེང་སྟེགས་དང་། མཚམས་སྦྱོར། དཔྱད་འདེམས། རྩེར་སོན་ཐོན་རྫས་འགྲེམས་སྟོན་སོགས་ཆེད་དོན་གྱི་བྱེད་སྒོ་11སྤེལ་བ་དང་། རིག་གཞུང་ཞིབ་འཇུག་དང་ཉམས་མྱོང་སྤེལ་རེས་ཀྱི་གྲུབ་འབྲས་20ལྷག་ཙམ་ཐོབ་པ། དཔལ་འབྱོར་ཚོང་དོན་དང་མ་འཇོག་གན་རྒྱ་132བཞག་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་756.5ཟིན་ཡོད་པ་རེད།

    གན་འཇོག་རྣམ་གྲངས་ཀྱི་མ་འཇོག་པ་ལེགས་པ། ཐེངས་དེའི་བོད་ལྗོངས་འགྲེམས་ཚོགས་ཐོག་ཁྱོན་ལས་རིགས་ཁག་ནས་སླེབས་པའི་ཚོང་ལས་མཁས་པ་40ལྷག་ཙམ་གྱིས་རང་ལྗོངས་དང་མཉམ་ལས་གྲོས་མཐུན་ཡི་གེ་བཞག་པ་རེད།

    གན་འཇོག་རྣམ་གྲངས་ཀྱི་ཁྱབ་རྒྱ་ཆེ་བ། ཐེངས་དེའི་བོད་ལྗོངས་འགྲེམས་ཚོགས་ཐོག་ཁྱོན་མ་འཇོག་གྲོས་མཐུན་ཡི་གེ་132བཞག་པ་དང་མ་འཇོག་ཁྱབ་ཁོངས་སུ་ཡུལ་སྐོར་དང་། རིག་གནས། བཟོ་སྐྲུན་ལས་རིགས། རང་བྱུང་འཐུང་ཆུ། ཞིང་ཞོར་ཐོན་ཟོག་འདེབས་འཛུགས་དང་ལས་སྣོན། མི་རིགས་ལག་ཤེས་བཟོ་ལས། དྭངས་གཙང་ནུས་རྒྱུ། དངུལ་རྩ་འདྲི་རྩད་ཞབས་ཞུ་སོགས་ཚུད་ཡོད།

    རྣམ་གྲངས་མ་འཇོག་གི་གྲངས་འབོར་ཆེ་བ། ཐེངས་དེའི་བོད་ལྗོངས་འགྲེམས་ཚོགས་ཐོག་གན་འཇོག་བྱེད་ཚད་ཁྱོན་སྒོར་དུང་ཕྱུར་756.5ཟིན་པ་དེ་སྐབས་གོང་མའི་མ་འཇོག་གི་བསྡོམས་འབོར(སྒོར་དུང་ཕྱུར་387.27)ལས་95%འཕར་ཡོད་ཅིང་། དེའི་ནང་འགྲེམས་ཚོགས་ཐོག་མ་འཇོག་གན་རྒྱ་36བཞག་པར་མ་དངུལ་གཏོང་ཚད་ཁྱོན་སྒོར་དུང་ཕྱུར་493.13ཟིན་པ་དང་བོད་ལྗོངས་འགྲེམས་ཚོགས་རིང་མ་འཇོག་གན་རྒྱ་96བཞག་པར་མ་དངུལ་གཏོང་ཚད་ཁྱོན་སྒོར་དུང་ཕྱུར་263.315ཟིན་ཡོད།

    བོད་ལྗོངས་འགྲེམས་ཚོགས་སྐབས་གཉིས་པའི་རིང་འགྲེམས་སྟོན་ལ་མི་ཐེངས་ཁྲི་10ཙམ་གྱིས་ལྟ་སྐོར་བྱས་པ་རེད། ཐེངས་དེའི་བོད་ལྗོངས་འགྲེམས་ཚོགས་ཀྱི་གཞི་ཁྱོན་ཆེ་བ་དང་། ནང་དོན་ཕུན་སུམ་ཚོགས་པ། ཐེ་ཞུགས་མི་སྣ་མང་བ། དོ་ཁུར་བྱེད་ཚད་མཐོ་བ་བཅས་ནི་སྔར་བྱུང་མྱོང་མེད་པ་ཞིག་རེད། བོད་ཀྱི་ཉམས་འགྱུར་མངོན་པར་བྱེད་པའི་མིང་བྱང་དང་སྐར་ཁུང་ལྟ་བུ་ཡིན་པའི་བོད་ལྗོངས་འགྲེམས་ཚོགས་ཀྱི་སྙན་གྲགས་འཛམ་གླིང་ཡོངས་སུ་ཁྱབ་པ་དང་སྤུས་དག་གི་ཤུགས་རྐྱེན་མི་སེམས་སུ་རིམ་གྱིས་ཟུག་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།