དབུ་ཤོག>ཆེད་སྒྲིག
  • སྐབས་གསུམ་པའི་བོད་ལྗོངས་འགྲེམས་ཚོགས་ཀྱི་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་གླེང་སྟེགས་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-09-17

    ཚེས་14ཉིན་གྱི་སྔ་དྲོ། སྐབས་གསུམ་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་གླེང་སྟེགས་འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་ཤིས་ཚིག་གསུངས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཅང་ཅེ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉི་མ་ཚེ་རིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤེན་པ་བཀྲ་ཤིས་དང་ལིའུ་ཅང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པད་མ་རྣམ་རྒྱལ་བཅས་ཚོགས་འདུར་ཕེབས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྥང་ལིང་མིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཆེ་དགྲ་ལྷས་ནན་བཤད་གནང་དོན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་བོད་ཀྱི“ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་གལ་ཆེན”གྱི་འཐབ་ཇུས་གནས་བབ་གཏན་འཁེལ་བྱས་པས། ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་འཐབ་ཇུས་ཁྲོད་རིག་གནས་ཀྱི་མངོན་གསལ་དོད་པའི་གནས་བབ་མངོན་པ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཁྲོད་རིག་གནས་ཀྱི་འཇམ་ཤུགས་ཆེ་རུ་གཏོང་བའི་གལ་ཆེའི་ནུས་པ་མཚོན་ཡོད། རིག་གནས་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་ཟུང་འབྲེལ་བྱེད་པར་བོད་ཁོ་ནར་ཡོད་པའི་སྲོལ་རྒྱུན་རིག་གནས་ཁྲོད་བསམ་པའི་སྒུལ་ཤུགས་འཚོལ་བ་དང་། མི་དམངས་ཀྱི་སེམས་ཁམས་འཇིག་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་པའི་ཡིད་ཆེས་དང་ཆོད་སེམས་འཕེལ་བ་བྱེད་དགོས། རིག་གནས་འཕེལ་རྒྱས་དང་མཐའ་སྐྱོང་བོད་བརྟན་ཟུང་འབྲེལ་བྱེད་པར་མི་རིགས་ཁག་གིས་ཀྲུང་ཧྭ་རིག་གནས་ལ་ངོས་འཛིན་བྱེད་ཚད་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོར་བློ་ཁ་ཕྱོགས་ཤུགས་དང་གཏོགས་སེམས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་མི་རིགས་ཁག་ཚང་མར་ཡོད་པའི་བསམ་པའི་ཁྱིམ་གཞིས་ཤིག་བསྐྲུན་དགོས། རིག་གནས་འཕེལ་རྒྱས་དང་སྣོད་བཅུད་སྲུང་སྐྱོང་ཟུང་འབྲེལ་བྱེད་པར་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ཐུབ་པའི་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་ལ་ངོས་འཛིན་གང་ལེགས་དང་འདོན་སྤེལ་གང་ལེགས་བྱེད་པ་དང་ཕྱོགས་མང་གི་རིག་གནས་འཛུགས་སྐྲུན་བྱ་རྒྱུར་བརྟེན་ནས་གངས་ལྗོངས་ས་མཐོའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་དགོས། རིག་གནས་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་ཟུང་འབྲེལ་བྱེད་པར་དབུལ་སྒྲོལ་འགག་སྒྲོལ་ཁྲོད་རིག་གནས་ཐོན་ལས་ཀྱི་ཀ་རྟེན་ནུས་པ་འདོན་སྤེལ་གང་ལེགསབྱས་ཏེ་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཉིད་དཔལ་འབྱོར་ལེགས་ཆ་དང་། འཕེལ་རྒྱས་ཀྱི་ལེགས་ཆ། འབབ་འཕར་གྱི་ལེགས་ཆ་བཅས་སུ་འགྱུར་བ་བྱེད་དགོས།

    སྐབས་གསུམ་པའི་བོད་ལྗོངས་འགྲེམས་ཚོགས་ཀྱི་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་གླེང་སྟེགས་ཀྱི་བརྗོད་བྱ་གཙོ་བོ་ནི“ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་གང་མགྱོགས་བསྐྲུན་ནས་རིག་གནས་ཐོན་ལས་དེ་ཉིད་རྒྱལ་དམངས་དཔལ་འབྱོར་གྱི་ཀ་རྟེན་རང་བཞིན་གྱི་ཐོན་ལས་ཤིག་ཏུ་སྐྱེད་སྲིང་ཧུར་ཐག་བྱེད་དགོས”ཞེས་པ་དེ་ཡིན། ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་དཔལ་འབྱོར་དོ་དམ་རིག་པ་པུའི་སློབ་སྦྱོང་པུའུ་ཀྲང་དང་རིག་གནས་འཕེལ་རྒྱས་ཞིབ་འཇུག་གླིང་གི་ཡོན་ཀྲང་གཅིག་ལྕོགས་ཧྥན་ཀྲོའུ་དང་། ཆིང་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཞུང་ཁྲེང་ཡུས། ནན་ཅིང་སྒྱུ་རྩལ་སློབ་གླིང་གི་ཡོན་ཀྲང་གཞོན་པ་ལི་ཤང་མིན་སོགས་ཚོགས་ཞུགས་སྐུ་མགྲོན་ཚོས་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་གཏམ་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།